Skip to main content Skip to search
28 Jun 2018
6 min 52 sec
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ལགས་སོ་ལགས་ ང་བཅས་ནཱ་ ད་ལྟོ་རྩ་མོ་འཐེན་ནི་འདི་ གཞན་འབད་བ་ཅིན་ མ་པ་འདི་ འཐེན་ནི་མེན་ལགས་ ང་འབད་མི་ཨ་ཞང་ཨིན་ ཁོ་ཟེར་མི་ ངེའི་ཨ་ཞེམོ་གི་བུ་ཨིན་ལགས་ ང་བཅས་གཉིས་འདི་གིས་ དུམ་གྲ་ཅིག་ནཱ་ལུ་ བཤད་པ་ཅིག་དུམ་གྲ་ཅིག་ རྩ་མོ་གི་འདི་གཅིག་ འགྲན་བསྡུར་ཅིག་ དུམ་གྲ་ཅིག་ཞུ་ནི་ཨིན་ཟེར་ནཱ་ལུ་ལགས་ འ་ནཱི་འབད་ནི་འདི་གིས་ ཞུ་དོ་ལགས་ད་ལྟོ།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    འཐེན་ཤིག་ཁྱོད་ཀྱི་ འཐེན་ཤིག་
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    རྩ་མོ་དུམ་གྲ་ཅིག་ཡོད་པ་ཅིན་ དང་ཕའི་དཔེ་དང་ ལམ་ལུགས་སྡོད་ནུག་ འདི་གིས་འབད་དེ་ ང་གིས་དུམ་གྲ་ཅིག་ དེ་སྦེ་ནཱ་ལུ་ སྤྱན་འབུལ་ཕུལ་གེ་ལགས།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    གཙང་མོ་གཙང་ལས་(ལ)་ཡོང་ཡོང་། གཙང་མོ་མོ་ཅིག་(ལ)་བཏབ་སྟེ། རང་སེམས་བདེན་ག་མི་བདེན། རྩ་མོའི་(ལ)་ལྷ་ཅིག་ཞུ་གེ།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ཤོག་ཀུ་རྒྱ་ཤོག་(ལ)་དཀར་མོ། ཡིག་འབྲུ་གསེར་གྱི་(ལ)་སྨྱུག་གུ། སྨྱུག་གུ་དམ་ཚིག་ཡོད་ན། ཡིག་འབྲུ་(ལ)་ཡལ་ས་མིན་འདུག།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ཁྱོད་དང་ང་གི་ལ་བར་ན། དམ་ཚིག་གསེར་གྱི་(ལ)་མེ་ཏོག མེ་ཏོག་ཡལ་ན་མ་གཏོགས། དམ་ཚིག་(ལ)་ཡལ་ས་མིན་འདུག།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ཁྱོད་ནི་གསེར་གྱི་(ལ)་མཛུབ་དཀྱི། ང་ནི་དངུལ་གྱི་(ལ)་མཛུབ་དཀྱི། གསེར་དང་དངུལ་གྱི་མཛུབ་དཀྱི། ལག་པ་(ལ)་གཅིག་ལ་འཛོམས་གེ།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ཁྱོད་ནི་གསེར་གྱི་(ལ)་བུམ་པ། ང་ནི་དངུལ་གྱི་(ལ)་བུམ་པ། ལས་དང་སྨོན་ལམ་ཡོད་ན། མཆོད་བཤམ་ཁྲ་མོར་འཛོམས་གེ།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ཁྱོད་ནི་རྒྱ་མཚོའི་(ལ)་ཕར་ཁ། ང་ནི་རྒྱ་མཚོའི་(ལ)་ཚུར་ཁ། ལས་དང་སྨོན་ལམ་ཡོད་ན། རྒྱ་མཚོའི་(ལ)་སྦུག་ལ་འཛོམས་གེ།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ཁྱོད་ནི་ལབ་རྩ་(ལ)་རྒྱབ་ཁར། ང་ནི་ལབ་རྩའི་(ལ)་གདོང་ཁ། ལས་དང་སྨོན་ལམ་ཡོད་ན། ལབ་རྩ་གཅིག་ལ་འཛོམས་ཤོག
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ལྷ་ས་ཤ་ཁང་(ལ)་ནང་ལུ། ཤ་ཅིག་ཉོ་དགོ་བསམ་པ། ཤ་ལུ་ཚི་ལུ་མེད་པ། གོང་ཚད་(ལ)་ལྷམ་པ་མཐོ་སོང་།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    རྒྱ་ལམ་གཞུང་གི་(ལ)་མཆོད་རྟེན། ནང་གཟུངས་མེད་པའི་(ལ)་མཆོད་རྟེན། སྐོར་ཤིག་ག་གིས་གསུང་རུང་། ང་ནི་སྐོར་བ་མི་རྐྱབ།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    རྒྱ་མཚོའི་ནང་ལས་(ལ)་ཐོན་པའི། ནོར་བུ་དུང་དཀར་(ལ)་གཡས་འཁྱིལ། ཕྱི་ལུ་དཀར་ཁྲ་མདངས་རུང་། ཡོད་ན་(ལ)་གསུང་སྐད་མིན་འདུག།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ཤིང་ཆེན་སྐམ་པའི་(ལ)་རྩེ་ལུ། མེ་ཏོག་རེ་བ་(ལ)་མ་བསྐྱེད། དམ་ཚིག་མེད་པའི་གཉེན་ལུ། གཉེན་གྲོགས་(ལ)་རེ་བ་མ་བསྐྱེད།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    བསམ་ཏ་(དེས)རྒྱ་ཡང་ལ་བསམ་ཏ(དེས)། རྒྱ་ནག་གླིང་དར་ལ་བསམ་ཏ(དེས)། ལན་ཛ་གསེར་གྱི་པ་ཊ། མཇལ་བ་(ལ)་རང་གིས་མ་ཐོབ།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ནོར་བི་རི་གི་(ལ)་ཆུ་ལ། ནོར་བུ་འདྲཝ་ཅིག་(ལ)་ལྡིར་ཡོད། སྐུ་གཟུགས་མིག་གིས་མ་མཐོང་། འུར་སྒྲ་(ལ)་རྣ་བར་གོ་སོང་།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    རྒྱ་མཚོའི་ནང་ལས་(ལ)་ཐོན་པའི། བྱ་པོ་ངོར་དྲིང་ལ་བྱམས་པ(?)། ཁྱོད་ལུ་ཉི་མ་ཤར་རུང་། ང་ལུ་(ལ)་ཉི་མ་མ་ཤར།
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ཤར་གྱི་སྐར་མ་(ལ)་གཅིག་ཤར། ནུབ་ཀྱི་སྐར་མ་གཉིས་ཤར། སྐར་མ་གཉིས་ཀྱི་བར་ན། ལས་འཕྲོ་མེད་པ་མིན་འདུག
  • དབང་ཕྱུག་དང་ཆ་རོགས་ཚུ་ Wangchuk and Friends
    ལ་མོ་པེ་ལི་(ལ)་ལ་མོ། བརྒལ་རུང་གཅིག་ཁར་(ལ)་བརྒལ་གེ། དཀར་ཡོལ་དཀར་གཙང་གཅིག་ལ། འཐུང་རུང་རང་མཉམ་གཅིག་འཐུང་གེ།