Skip to main content Skip to search
29 Aug 2018
1 min 43 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Sangay Tshomo

ད་ལྟོའི་རྩང་མོའི་ཚིག་དང་འཁྲིལཝ་ད་ རྩང་མོ་འདི་ བོད་གཙང་ལས་དར་ཁྱབ་བྱུང་བྱུངམ་ཨིན་ཟེར་ རྩང་མོའི་ཚིག་ནང་ རྩང་མོ་གཙང་ནས་ཡོང་དུས། །གཙང་མོ་ལྷ་དང་འདྲ་སོང་། །སྒམ་པ་ལ་ལ་སླེབས་ཚེ། །གཙང་མོ་སྤྲེའུ་ལ་གྱུར་སོང་། །ཟེར་བའི་ཚིག་ལུ་བརྟེན་ རྩང་མོ་འདི་བོད་གཙང་ལས་ བརྒྱུད་དེ་དར་ཁྱབ་བྱུང་བྱུངམ་སྦེ་ཡང་སླབ་སྲོལ་ཡོདཔ་ཨིན་རུང་ ད་རུང་སླབ་སྲོལ་གཅིག་ལས་འབད་བ་ཅིན་ རྩང་དུམ་རེ་བཞག་སྟེ་ ཚིག་དང་འཁྲིལ་ཏེ་ གནམ་བསྐོས་བལྟ་ནི་གི་སྲོལ་ཅིག་ཡང་ཡོདཔ་སྦེ་སླབ་སྲོལ་ཅིག་ཡོདཔ་ཨིན། ག་དེ་སྦེ་ཨིན་ས་ཅིག་རུང་ སྐད་ཀྱི་གདངས་མ་འདྲཝ་གི་ཐོག་ལས་ རང་གི་སེམས་ཁར་མནོ་བའི་དགའ་སྐྱོའི་ཚོར་སྣང་ཚུ་ གཞན་མི་ཚུ་ལུ་བརྡ་དོན་སྤྲོད་མི་ཅིག་ཨིནམ་ད་ ང་བཅས་ར་ཞབས་བྲོ་སོ་སོ་བཟུམ་སྦེ་ལེའུ་འཁྲབ་སྟེ་རྐྱབ་སྲོལ་མེདཔ་ཨིན། ད་ལྟོའི་རྩང་མོ་འདི་ནང་འབད་བ་ཅིན་ རྩང་མོ་ག་ར་སྣ་བསྡུ་སྟེ་ཡོད་མི་འདི་ སྒྲ་བཟུང་འབད་བཞག་ནི་གི་དོན་ལུ་ ཤེས་རབ་དཔལ་མོ་གིས་འཐེན་འཐེནམ་ཨིན།

Show More

  • ཚེ་རིང་བཟང་མོ། Tshering Zangmo
    གཙང་མོ་གཙང་ནས་འོང་བ། །གཙང་མོ་ལྷ་དང་འདྲ་དོ། ། སྒམ་པ་ལ་ལ་སླེབས་ཚེ། །སྤྲང་མོ་(གཙང་མོ་)སྤྲེའུ་དང་འདྲ་སོང་། །
    Tsangmo while coming from Tsang, Tsangmo looks like god. Reaching the Gampala, Tsangmo looks like monkey.
  • ཚེ་རིང་བཟང་མོ། Tshering Zangmo
    ཁམ་བུ་ཁ་ལ་ཞིམ་སོང་། །སྟར་གོ་[ཕི་ལ་?]ཞིམ་སོང་། ། རང་སེམས་དགའ་བའི་མི་ནི། །ལུས་ཀྱི་ལ་དྲི་མ་ཞིམ། །
    The peach is sweet in month, The walnut is sweet in cover, The one who I love, Is like shadow of body.
  • ཚེ་རིང་བཟང་མོ། Tshering Zangmo
    ཁྱོད་ནི་ལ་མོའི་ཕར་རི། །ང་ནི་ལ་མོའི་ཚུར་རི། ། ལས་དང་སྨོན་ལམ་ཡོད་ན། །ལ་མོའི་སྦུག་ལུ་འཛོམས་གེ །
    You are other part of hill, Am this side of hill; If destined by karma and aspirarion, Will meet in the mid of hill.
  • ཚེ་རིང་བཟང་མོ་ Tshering Zangmo
    ལགས་སོ། བཀའ་དྲིན་ཆེ།། །།
    Thank you.