Skip to main content Skip to search
30 Aug 2018
1 min 22 sec
Video Overview
Creators: 
Sonam Tobgye, Sangay Tshomo

A golden Vajrapani (bodhisattva, protector of the Budda) statue from a golden place is considered as sacred yet the composer does not want to receive its blessing, the composer is not devoted to the golden statue. Similarly, the stag from an auspicious meadow moves up and down calmly but the composer never cared for his calm, rather he wanted to shoot it with an arrow. This is an antagonizing tsangmo, showing hatred through the use of the above mentioned examples.

ལྷུན་རྩེ་ཆ་འོག་ བྲག་སྒོང་ལས་ཕྲིན་ལས་དཔལ་སྒྲོན་གྱིས་རྩང་མོ་ཅིག་འཐེན་ཏེ་འདུག རྩང་མོ་འདི་ ལ་ཁ་མཐོ་ས་སྐྱེ་མི་ངང་སྒོང་མེ་ཏོག་ཟེར་མི་འདི་ ཁཝ་རྐྱབ་རུང་འགྱུར་བ་མེདཔ་སྦེ་སྡོད་མི་ཅིག་ཨིནམ་ད་ རྩང་མོའི་ཚིག་ནང་ ལ་ཁའི་ངང་སྒོང་མེ་ཏོག་འདི་ ཁ་བ་ལོ་གསུམ་འབབ་རུང་ དཀར་ཁའི་མདངས་འདི་ཡལ་ས་མིན་འདུག་ ཁྱོད་ཀྱི་ཕྱག་ལུ་ཡོད་མི་དུང་དཀར་འདི་ སྐད་ལུ་བལྟ་ར་མི་བལྟ་བས་ ཚར་གཅིག་ང་གིས་འཕུ་བལྟཝ་ད་ལུ་ འཁྲུལ་སྣང་ལངས་པའི་སྐད་ཅིག་གོཝ་མས་ ཟེར་འཐེན་ནི་འདུག

Transcript search
No results found for this search
0 of 0
  • འཕྲིན་ལེ་དཔལ་སྒྲོན། Thinley Pelden
    ཕུ་གི་ངང་སྒོང་མེ་ཏོག་ལེ་ཤོག་ལེ་མོ་ཡ། །སྒོ་གསུམ་བར་ཅིག་ཤར་དོ་ལོ་ཤོག་ལེ་མོ་ཡ། །
    The Ngangong flower of mount, Blossoms in mid of tri door.
  • འཕྲིན་ལེ་དཔལ་སྒྲོན། Thinley Pelden
    ཁ་བ་ལོ་གསུམ་བབས་ཀྱང་རུང་ཤོག་ལེ་མོ་ཡ། །དཀར་ཁ་ཡལ་ས་མིན་འདུག་ལོ་ཤོག་ལེ་མོ་ཡ། །
    Even snow falls for three years, Its whiteness won’t fade.
  • འཕྲིན་ལེ་དཔལ་སྒྲོན། Thinley Pelden
    ཁྱོད་ཀྱི་ཕྱག་གི་དུང་དཀར་འདི་ཤོག་ལེ་མོ་ཡ། །སྐད་ལ་བལྟ་ར་མི་བལྟ་བས་ཤོག་ལེ་མོ་ཡ། །
    The conch in your hand, You never hang around your neck.
  • འཕྲིན་ལེ་དཔལ་སྒྲོན། Thinley Pelden
    ལན་གཅིག་ང་གིས་འཕུཝ་ད་ལུ་ཤོག་ལེ་མོ་ཡ། །འཁྲུལ་སྣང་ལངས་པའི་སྐད་གོཝ་མས་ཤོག་ལེ་མོ་ཡ། །ལགས་སོ།། །།
    When ones blown for me, It gives delusive sound. Thank you.