Skip to main content Skip to search
30 Aug 2018
3 min 25 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Sangay Tshomo

རྩང་མོའི་ཚིག་ཚུ་དང་འཁྲིལ་བའི་སྐབས་ རྩང་མོ་འདི་བོད་གཙང་ལས་དར་ཁྱབ་བྱུང་བྱུངམ་ཨིན་ཟེར་ སླབ་དོ་ཡོད་མི་དེ་ཡང་ རྩང་མོ་གཙང་ནས་ཡོང་དུས། །གཙང་མོ་ལྷ་དང་འདྲ་སོང་། །སྒམ་པ་ལ་ལ་ལྷོད་ཚེ། །གཙང་མོ་སྤྲེའུ་ལ་གྱུར་སོང་ཟེར་བའི་ཚིག་ལུ་བརྟེན་ རྩང་མོ་འདི་བོད་གཙང་ལས་ བྱུང་བྱུངམ་ཨིནམ་སྦེ་བཤད་དོ་ཡོདཔ་ཨིན། རྩང་མོ་འདི་སྐད་ཀྱི་གདངས་མ་འདྲཝ་གི་ཐོག་ལས་ རང་གི་སེམས་ཁར་མནོ་བའི་འཁྲུལ་སྣང་དང་དགའ་སྣང་ཚུ་ རང་དང་གཞན་མི་ལུ་བརྡ་དོན་སྤྲོད་ལེན་འབད་མི་ཅིག་ལུ་སླབ་ཨིནམ་ད་ རྩང་མོ་འདི་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ ཡོངས་གྲགས་སྦེ་ར་ཡོདཔ་ཨིན་རུང་ སོ་སོ་ཞབས་བྲོ་བཟུམ་སྦེ་ལེའུ་འཁྲབ་སྟེ་རྐྱབ་སྲོལ་མེད། ད་ལྟོའི་རྩང་མོ་འདི་ནང་འབད་བ་ཅིན་ སྒྲ་བཟུང་འབད་ནི་གི་དོན་ལས་ ཚེ་དབང་ལྷ་མོ་གིས་ག་ར་སླ་བསྲེ་སྦེ་འཐེན་ཏེ་ཡོདཔ་ད་ འགྲན་བསྡུར་གྱི་དོན་ལུ་འབད་བ་ཅིན་ བྱངམ་ཕྱད་དང་བསྟུན་ཏེ་ལན་འཇལ་དགོཔ་ཨིན།

Show More

  • ཚེ་དབང་ལྷ་མོ། Tshewang Lhamo
    གཙང་མོ་ལ་གཙང་ལས་ལ་ཡོང་ཚེ། །གཙང་མོ་ལྷ་དང་མཉམ་དོ། ། སྒམ་པ་ལ་ལ་ལྷོད་ཚེ། །གཙང་མོ་ལ་སྤྲེའུ་དང་མཉམ་སོང་། །
    Tsangmo while coming from Tsang, Tsangmo is balance to god. Reaching Gampo Lha, Tsangmo is balance to monkey.
  • ཚེ་དབང་ལྷ་མོ། Tshewang Lhamo
    ཁྱོད་ནི་ལ་དངུལ་ཀྱི་བུམ་པ། །ཕི་དཀར་ནང་ནག་ལ་ཡིན་ནོ། ། ང་ནི་ཤེལ་གི་བུམ་པ། །ཕི་ཤེལ་ལ་ནང་ཤེལ་ཡིན་པ། །
    You being silver vase, Outside shines as inside. I am crystal vase, Is inner crystal as outside too.
  • ཚེ་དབང་ལྷ་མོ། Tshewang Lhamo
    ཤར་ལྟ་ལ་ང་ལ་ཤར་དོ། །ཚེས་ཆེན་བཅོ་ལྔའི་ལ་ཟླ་བ། ། ལས་འཕྲོ་མེད་པའི་ཟླ་བ། །གླིང་བཞི་ལ་བསྐོར་བ་ལ་ཐལ་དོ། །
    Actually shining to me, The full moon. Non-karmic moon, Is leaving for circumambulating the four continents.
  • ཚེ་དབང་ལྷ་མོ། Tshewang Lhamo
    དགུང་སྟོད་ལ་དགུང་སྨད་ལ་བསྐོར་ཏེ། །ལོ་དང་ཟླ་བ་སོང་སྟེ། ། ད་རེས་མཇལ་བའི་ཁྲི་གདུགས། །གླིང་བཞི་ལ་བསྐོར་བ་བྱོན་ཡོད། །
    Circumambulating upper and lower sky, Had gone year and month. The sun that met today, Had gone for circumambulating four continents.
  • ཚེ་དབང་ལྷ་མོ། Tshewang Lhamo
    དགུང་སྟོད་ལ་ཡར་གྱི་ངང་ལག །མངར་དེ་ཟ་བ་ལ་མ་ཚུགས། ། དགུང་སྨད་མར་གྱི་ཚལ་ལུ། །སྐྱུར་དེ་ལ་ཟ་བ་མ་ཚུགས། །
    The banana in higher sky, Due to sweetness was unable to eat. The orange in lower sky, Due to swore was unable to take.
  • ཚེ་དབང་ལྷ་མོ། Tshewang Lhamo
    མངར་སྐྱུར་དོན་ལའི་ནུམ་པང་། །ས་ཕྱོགས་འདི་ལ་མིན་འདུག །ལ་སོགས།། །།
    The swore and sweet Numpang, Is not there in place.