Video Overview
རྩང་མོ་ཟེར་མི་འདི་ རང་སོའི་སེམས་ཁར་ཡོད་པའི་དགའ་སྐྱོའི་འཆར་སྣང་ཚུ་ གདངས་དབྱངས་ཀྱི་ཐོག་ལས་ རང་གཞན་གཉིས་ཆ་ར་ལུ་བརྡ་དོན་སྤྲོད་ལེན་འབད་མི་ཅིག་ཨིན། རྩང་མོ་ལུ་ དགྲ་གླུ་དང་གཉེན་གླུ་ བསྟོད་གླུ་དང་སྨད་གླུ་ དེ་ལས་དགའ་གླུ་དང་སྐྱོ་གླུ་ཟེར་ དབྱེ་བ་ལེ་ཤ་ཅིག་ཡོདཔ་ད་ རྩང་མོ་འཐེན་པའི་སྐབས་ རྐངམ་གིས་བྲོ་འཁྲབ་སྟེ་ལེའུ་བསྒྱུར་བའི་སྲོལ་ མ་པ་ལས་ར་མེད། སྤྱིར་བཏང་རྩང་མོ་ཟེར་མི་འདི་ ཚིགས་རྐང་བཞི་སྦེ་འོངམ་ཨིནམ་ད་ ད་ལྟོའི་རྩང་མོ་འདི་ སྒྲ་བཟུང་འབད་བཞག་ནི་གི་དོན་ལུ་འབདཝ་ལས་ འཕྲིན་ལས་དཔལ་སྒྲོན་གྱིས་ དགྲ་གླུ་དང་གཉེན་གླུ་ཚུ་ཆ་མཉམ་སླ་བསྲེ་སྟེ་འཐེན་ཏེ་ཡོད། མ་གཞི་འགྲན་བསྡུར་གྱི་དོན་ལུ་ཨིན་པ་ཅིན་ བྱངམ་ཕྱད་དང་འཁྲིལ་ཏེ་འཐེན་དགོཔ་ཨིན། ད་ལྟོ་མོ་གིས་འཐེན་མི་རྩང་མོ་འདི་ ཚིགས་བཅད་དང་པ་དང་གཉིས་པ་ནང་ བསྟོད་གླུ་དང་དགྲ་གླུ་ཚུ་སླ་བསྲེ་སྦེ་འཐེན་ཏེ་ མཇུག་གི་ཚིགས་བཅད་གཉིས་ནང་ ཁོང་ར་གཉིས་ཆ་ར་ ཕོ་རྐྱང་མོ་རྐྱང་ཨིནམ་ལས་ བཟའ་ཚང་གཅིག་ཁར་བསྡོམ་སྡོད་གེ་ཟེར་ གཉེན་གླུ་སྦེ་འཐེན་ཞིནམ་ལས་ ལོག་སྟེ་འཆམ་ཨིན་མས།
- Lhuntse
- འཕྲིན་ལས་དཔལ་སྒྲོན། Thinley Peldenགཡས་ལ་མདའ་མོ་འབག་འདི། །གཡོན་ལ་གཞུ་མོ་འབག་འདི། ། ཕར་རི་སྤང་གི་ཤ་བ། །གསད་མདའ་གཏང་སང་ཡིན་ནོ། །Right hand with arrow, Left hand with bow, The stag of another side of meadow, Will shoot the arrow.
- འཕྲིན་ལས་དཔལ་སྒྲོན། Thinley Peldenཁྱོད་ལ་ཆ་གཅིག་མིན་འདུག །ང་ལ་ཡ་གཅིག་མིན་འདུག ། ཆ་མེད་ཡ་མེད་གཉིས་ཀུ། །དམ་པའི་ཆོས་ལ་འགྲོ་གེ །You are partner less, I am single, The partner less and single, Lets go for dharma.
- འཕྲིན་ལས་དཔལ་སྒྲོན། Thinley Peldenཁྱོད་ཀྱི་ཕྱག་ལ་ཡོད་མི། །དུང་དཀར་མཛུབ་དཀྱི་ཁོ་མོ། ། ལན་གཅིག་ང་ལ་གནང་ད། །ལས་འཕྲོ་ཡོད་མེད་བལྟ་གེ །ལགས་སོ།། །།One you own in your hand, The ring of conch, Give me once, Will see is there fate.