Video Overview
This title highlights the body language Tibetans employ to express frustration at not being able to remember something and the relief at finally recalling the elusive fact.
- དབང་དུས་ལགས།ལྟོས་ཨཱ་༿ཨང་༾།
- དབང་དུས་ལགས།པཱ་ལགས་ཁྱེད་རང་ཁ་སང་མཉམ་པོ་༿དུ་༾ཕེབས་མཁན་དེའི་མིང་ལ་ག་རེ་ཟ་༿ཟེར་༾།
- དབང་དུས་ལགས།དེ་ངས། བརྗེད་སོང་། ད་འདི།
- པཱ་ལགས།གཟིགས་ཨཱ། ད་འདིའི་མིང་དེ་ཅིག་ཟེར་རེད་པས་ནི།
- དབང་དུས་ལགས།དེ་ལྟོས་ཨཱ།
- པཱ་ལགས།རྒྱན་མཚན་ཟ་༿ཟེར་༾མ་རེད་པས།
- དབང་དུས་ལགས།མ་རེད་ལགས། རྒྱལ་མཚན་ཟ་༿ཟེར་༾མ་རེད།
- དབང་དུས་ལགས།ད་དེའི་མིང་ལ། ངས་ཁ་སང་། ལྟོས་ཨཱ། མཉམ་པོར་ཡིན་ནི་ཡིན།
- དབང་དུས་ལགས།ང་ཚོ་མཉམ་པོར། ཐེངས་མ་མང་པོ་མཉམ་པོ་ཅིག་བསྡད།
- དབང་དུས་ལགས།མ་རེད་མ་རེད།
- པཱ་ལགས།ཁོ་མིང་དེ་ལྟོས་ཨཱ།
- དབང་དུས་ལགས།དངོས་གྲུབ་མ་རེད།
- དབང་དུས་ལགས།ཨོང་། ག་རེ་ཟར་༼ཟེར༽་ད།
- པཱ་ལགས།དངོས་གྲུབ་མ་རེད་པཱ།
- དབང་དུས་ལགས།ད་འདི་བསྐལ་བཟང་།
- དབང་དུས་ལགས།མ་རེད། ག་རེ་རིན་ཆེན་ཟར༼ཟེར༽་ལྟོས་ཨཱ།
- པཱ་ལགས།རིན་ཆེན་འཇིགས་མེད་ཟེར་གྱི་མི་འདུག་ག
- དབང་དུས་ལགས།མ་རེད།
- དབང་དུས་ལགས།མ་རེད་ལགས།
- དབང་དུས་ལགས།གཅིག་ཟར་༼ཟེར༽པས་ནི། ད་འདི་མིང་དེ་ཁྱད་མཚར་ལྟོས་ཨཱ།
- དབང་དུས་ལགས།ཁྱོད་ནི་དྲན་མི་འདུག།
- པཱ་ལགས།རིན་འཛིན་དབང་རྒྱལ།
- དབང་དུས་ལགས།རིན་འཛིན་དབང་རྒྱལ་མ་རེད་ལགས།
- པཱ་ལགས།ད་འོ་ན་སུ་རེད་ད།
- དབང་དུས་ལགས།ཨ་ཡ། ད་འདི་ལྟོས་ཨ། ཁ་སང་མིང་དེ་ངས་ཤེས་ཀྱི་ཡོད།
- དབང་དུས་ལགས།གཅིག་ཟར་༼ཟེར༽རེད་པས་ནི།
- པཱ་ལགས།འཇིགས་མེད་རིན་འཛིན།
- དབང་དུས་ལགས།འཇིགས་མེད་རིན་འཛིན་མ་རེད་ལགས།
- དབང་དུས་ལགས།བསྟན་འཛིན་འཇིགས་མེད་ཟར༼ཟེར༽།
- པཱ་ལགས།ཨཱ་་་་་།
- དབང་དུས་ལགས།ཨཱ། ངས་གཞི་ནས་ཧ་གོ་བྱུང་།
- པཱ་ལགས།བྱས་ཙང་བསྟན་འཛིན་འཇིགས་མེད།
- དབང་དུས་ལགས།གཞི་ནས་བསམ་བློ་འཁོར། འོ་འདི་བྱས་ཙང་།
- དབང་དུས་ལགས།འདིའི་བར་རྩ་ལ་དེར་འཁྲུག་བྱས།
- དབང་དུས་ལགས།མིང་འདྲ་པོ་འདྲ་པོ་ར་འདུག།
- དབང་དུས་ལགས།འོང་། འདི་རེད་ལགས།