Skip to main content Skip to search
27 Jan 2016
3 min 13 sec
Video Overview
Creators: 
Sherig Dentshog, Sangay Choki

The song Trees and Leaves is sung by Choezom from Richanglu village. People tend to sing this song when feeling sad. Songs with this type of tune are usually sung in the eastern part of the country as an alo, a long melodious song that is usually sung at the time of the departure of a friend, or relative to a distant place. 

 

བསམ་ལྗོངས་མཁར་རི་ཆང་ལུ་ལས་ ཆོས་འཛོམས་ཀྱིས་འཐེན་མི་གླུ་གཞས་ ཤིང་དང་ཤོ་མོ་བྲལ་རྩི་འདི་ སེམས་སྐྱོ་སྟེ་སྡོདཔ་ད་འཐེན་ནི་གི་གླུ་གཞས་ སྐྱོ་བའི་གླུ་གཞས་ཅིག་ཨིན། གདངས་དབྱངས་འདི་བཟུམ་སྦེ་འཐེན་མི་གླུ་གཞས་ཚུ་ ཤར་ཕྱོགས་པའི་ཨ་ལོ་ཟེར་སླབ་སྲོལ་ཡོདཔ་ཨིན་རུང་ ཨིན་ཅི་མིན་ཅི་ ཨ་ལོ་ཟེར་བའི་ཚིག་བཙུགས་ཏེ་མེད་རུང་ སྐྱོ་བའི་ཚིག་ཡོད་པ་ཅིན་ ཨ་ལོའི་ཞབས་བྲོ་ ཟེར་སླབ་ཨིན། ད་ལྟོ་ ཆོས་འཛོམས་ཀྱིས་འཐེན་མི་ ཤིང་དང་ཤོ་མོ་བྲལ་རྩི། །རག་པ་ཤུང་ཤུང་རུང་རུང་། །ཟེར་ ཕམ་སྤུན་ཆ་དང་ གཉེན་ཉེ་འཁོར་ཚུ་ག་ཡང་མེད་པར་ རང་རྐྱངམ་ཅིག་སྦེ་སྡོདཔ་ད་ སེམས་འཁྲུལ་སྣང་ལངས་ཏེ་ འཐེན་པའི་སྐྱོ་བའི་གླུ་གཞས་ཅིག་ཨིནམ་བཞིན་དུ་ ག་ནི་བ་འཁྲུལ་ལྷང་ལྷང་སྦེ་འཐེནམ་ཨིན་པས།

 

Transcript search
No results found for this search
0 of 0