Skip to main content Skip to search
02 Jul 2015
5 min 9 sec
Video Overview
Creators: 
Penchela, Pema

ང་བཅས་ར་མིའི་ལུས་རྟེན་ ཤ་དང་ཁྲག་ལས་གྲུབ་པའི་ལུས་རྟེན་འབདཝ་ལས་ ན་ནི་དང་ཚ་ནིའི་རྐྱེན་ལེ་ཤ་ཡོདཔ་ལས་ ཐབས་ཤེས་སྨན་བཅོས་རིམ་གྲོ་ཚུ་ལུ་བརྟེན་དགོཔ་རང་བཞིན་ཅིག་ཨིན། དེ་གི་ནང་ལས་ ད་ལྟོའི་མཐོང་སྣང་འདི་འབད་བ་ཅིན་ རྐངམ་ལགཔ་འཁྲུགས་པའི་བཅོས་ཐབས་ཀྱི་སྐོར་ལས་ཨིནམ་དང་ བཅོས་ཐབས་འབད་མི་རིན་ཆེན་ནོར་བུ་གིས་འབད་བ་ཅིན་ ང་བཅས་རའི་ལགཔ་ལུ་ རྩ་དགུ་ཡོད་ འ་ནི་རྩ་དགུ་ལུ་མ་ཕོགཔ་སྦེ་འབད་དགོ་ནི་ཨིན་མས། མེ་འཕུ་ལྕགས་ཆུང་ཀུ་ཅིག་མེ་བསྲེག་རྐྱབ་སྟེ་ ནང་ན་ཆུ་བསགས་ཏེ་ཡོད་ས་ལུ་བཀལ་ནི་འདུག དེ་ཡང་ ནང་ན་ཆུ་བསགས་ཏེ་ཡོད་མི་དེ་ འདི་གིས་འབད་བསྐམ་བཏང་དོ་ཡོདཔ་ཨིན་མས། འདི་བཟུམ་གྱི་སྨན་བཅོས་དེ་ སྨན་ཁང་ཚུ་ལུ་བསྟེན་མ་དགོ་པར་ ནང་འཁོད་ཀྱི་སྨན་བཅོས་འབད་ཐངས་ཅིག་ཨིན་པས།

The traditional healer Rinchen Norbu from Tamphu in Tsirang performs a technique he specializes in for improving the healing of dislocated joints. The patient is suffering from a painful dislocated elbow, and the healer treats him by marking three points on his arm before touching them with a hot iron rod and manipulating his joint. Rinchen Norbu explains how his technique ensures proper healing of dislocations or fractures without harming any of the nine major channels of the body.

Transcript search
No results found for this search
0 of 0
  • རིན་ཆེན་ནོར་བུ Rinchen Norbu
    ཧེ་མ་ ང་བཅས་ ཤར་ཕྱོགས་ལུང་པ་ལུ་ མི་ནདཔ་ཐོན་ རྐྱེ་ངན་རེ་བྱུངམ་ད་ ཡང་ན་ ལཱ་འབདཝ་ད་ ཡང་ན་ ཁྱིམ་གུ་ལས་འབུལ་ ཡང་ན་ ལམ་ཁ་རྦབ་འདྲིལ་མི་འདི་ རུ་ཏོག་བཅག་ དེ་ལས་ དཀྲུམས་མི་ཚུ་ མཐུད་ནིའི་དོན་ལུ།
    Its practiced in the eastern Bhutan when mishaves like working, or road accidents happens, bones are fractured. So inorder to cure and join bones.
  • རིན་ཆེན་ནོར་བུ Rinchen Norbu
    ང་བཅས་ར་ ལགཔ་ནང་རྩ་དགུ་ཡོད། འ་ནཱི་ རྩ་གུ་མ་ཕོབ་སྦེ་ ང་བཅས་ཀྱིས་ བཅོས་ཐབས་འབད་ཚུགས། འདི་ཡང་ རུ་ཏོག་ཆག་འགྱོ་འགྱོཝ་དང་ ཁྲག་འདི་ཚུ་ ཕར་ཚུར་ འགྱོ་མ་ཚུགས་པར་སྡོད་འོང་། དེ་བསྒང་ ཁྲག་མེདཔ་འགྱོ་མི་ཚུ་ སྐམ་སྡོད་འོང་། འ་ནཱི་ ཁྲག་སྐམ་འདི་ ལྕགས་ཀྱིས་འཐེན་འོང་། འདི་བཟུམ་འདི་ ལགཔ་རྐྱངམ་ཅིག་མེན་པ་ རྐངམ་ཡང་འགྱོ་ནི་ཡོད། འདི་བསྒང་ རྐངམ་གྱི་འོག་ལས་ཡང་ མེ་བཏང་ནི་ཡོད།
    We have nine nerves, it should be made sure no nerves are harmed while heating. When ever its fracture, blood clot in between. So heated rod sucks the cloted unwanted blood. When mihaves occur on legs, we have heat it under of feet.
  • རིན་ཆེན་ནོར་བུ Rinchen Norbu
    རྐངམ་གི་ འོག་ལས་དང་ ལགཔ་གུ་འབད་དགོ་མི་འདི་ མེ་གིས་ ཁྲག་སྐམ་མི་འདི་འཐེན་འོང། འདི་ཡང་ བར་ན་ཆུ་བསགས་སྡོད་མི་འདི་ མེ་གིས་འཐེན་འོང་། ཏེ་ང་གིས་ ཧེ་མའི་ ལུགས་སྲོལ་སྦེ་ མི་འདི་གི་ བདུན་ཕྲག་གསུམ་གྱི་ ནང་འཁོད་དྲག་ཚུགས།
    Why we are heating it by heated rod is fire will suck or dry the cloted blood and water formed in the effected area. With our traditinal way of healing, it will be healed in three weeks.
  • ཚེ་རིང་ Tshering
    ཁྱོད་གདོང་མར་སྒོར་དགོ་པས།
    Turn your face away.
  • དཀོན་མཆོག Kencho
    སངས་འོང་ག?
    Will it is cured?
  • རིན་ཆེན་ནོར་བུ Rinchen Norbu
    སངས་འོང་།
    Yes, ofcourse.
  • ཚེ་རིང་ Tshering
    ནདཔ་བཞེས་དབའེ་ ཆང་།
    Have some alchol please.