Skip to main content Skip to search
15 Dec 2011
37 min 33 sec
Rating
0
No votes yet
Video Overview
Creators: 
Unknown

An elder monk provides the history of Trashi Lhünpo Monastery in Zhigatsé.

Show More

  • དགེ་འདུན་པ།
    ད་བཀྲ་ཤིས་ལྷུན་པོའི་དགོན་པ་འདི་དེ་ནི་རྗེ་དགེ་འདུན་གྲུབ་ཀྱིས་ཐོག་མར་ཕྱག་བཏབ་པ་ཅིག་༼ཞིག༽རེད། དེ་ནི་རྗེ་དགེ་འདུན་གྲུབ་ཀྱི་ཐོག་མར་ཕྱག་བཏབ་པ་གནང་དུས། ཨའེ། ཐོག་མ་ཡིན་ན་དགོན་དེ་ནི་སྒང་ཡར་རུ་སྣར་ཐང་ཟེར་མཁན་དགོན་པ་ཅིག་ཡོའོ་རེད། སྐབས་དེ་དུས་སྣར་ཐང་དགོན་པ་ཧ་ཅང་གི་ཆེན་པོ་ཡོའོ་རེད། རྒྱ་ཆེན་པོ་ཡོའོ་རེད། དགེ་འདུན་ཡའི་མང་པོ་ཡོའོ་རེད།
  • དགེ་འདུན་པ།
    དེའི་ནང་རུ་ད་བཞུགས་པ་གནང་བའི་སྐབས་ལ། དེ་ནི་ཨའེ་ཁོང་གི་རྗེ་དགེ་འདུན་གྲུབ་རང་གི་དེ་ནི་བླ་མ་དེ། དེ་ནི། རྗེ་ཤེས་རབ་སེང་གེ རེད། རྗེ་ཤེས་རབ་སེང་གེ་དེ་ནི་རྗེས་ལ། དེ་ནི་དགོན་པ་བཞེངས་བྱེད་བྱས་འདུག་ཟེར་བྱུང་ཚར་དུས་ཙམ་པ། དེ་ནི་ཁོང་གི་དེ་ཡ་ད་གང་ཟེར་དགོས་རེད། ད་མི་ཁོང་གི་རྟེན་ལ་ཡ་ད་གང་ཟེར་དགོས། ང་ཚོས་ཕ་གི་ནས་ཞུས་པ་ཡིན་ན་ད་འཁྲུངས་རྟགས་ཟེར་དགོས་རེད། དེའི་ཁྱོན་བླ་མའི་བཀའ་དྲིན་གསབ་བྱེད་དུ་དེ་ནི། ཐུབ་པའི་སྣང་བརྙན་ཧ་ཅང་གི་ཆེན་པོ་ཅིག་བཞེངས་པ་གནང་བ་རེད།
  • དགེ་འདུན་པ།
    ད་སྐབས་དེ་དུས་ཙམ་པ་རྒྱལ་བ་དགེ་འདུན་གྲུབ་ཀྱི་དེ་ནི་དེ། ཡར་ཐུབ་པའི་སྣང་བརྙན་དེ་ད་ག་ས་ག་ལ་ཡ་ཅིག་ཐབས་ཤེས་ཅིག་གཏང་གནང་། བཞུགས་སའི་ཐོག་ལ་ཅིག་དགོངས་པ་ཅིག་བཞེད་ཚར་དུས། དེ་སྣར་ཐང་རུའི་བཞུགས་ས་མེད་པའི་བཟོ་འདྲ། ཡང་གཞན་དག་རུའི་བཞུགས་ས་དེ་སྟབས་མི་བདེ་པ་རེད། གཅིག་ནས་འདུག་ཟེར་རེད།
  • དགེ་འདུན་པ།
    གཉིས་ནས་དེ་ནི་རྗེ་དགེ་འདུན་གྲུབ་རང་ལ། དེ་ནི་ཐོག་མའི་ད་གང་ཟེར་པཱ། རྗེ་ཙོང་ཁ་པ་ཆེན་པོའི་དེ་ནི་ཁོང་ལ་ཡ་དེ་ནི། ལུང་བསྟན་གནང་ཡས་དང་། གཞན་ཡང་མནལ་ལམ་དང་། ཁོང་གི་རྟགས་མཚན་མ་གང་གའི་ཐོག་ནས་ཆ་བཞག་པ་ཡིན་ནའི། ད་ས་ཆ་འདི་རུ། ས་ཆ་དེའི་བཀྲ་ཤིས་ལྷུན་པོའི་ད་ལྟའི་ས་ཆ་དེའི་ཁར་ཐུག་དེ་རུ་ད་དགོན་པ་ཅིག་ཕྱག་བཏབ་པ་གནང་མཁན། གནང་ཡས་ཀྱི་ཐོགས་ལ་ད་ཁོང་ལ་མཚན་མ་མི་འདྲ་གི་ད་རྟགས་མཚན་ཁྱད་པར་ཅན་དེ་འདྲས་མང་པོ་ཅི་བྱུང་བ་རེད།
  • དགེ་འདུན་པ།
    དེ་ལ་བརྟེན་ནས་ད་ཐ་མ་ཁོ་ལ་ད་ཁོང་གི་དགོངས་པ་ཕྱོགས་གང་ཅིའི་ཐད་ནས་བཞེད་པའི་ཡིན་ཁུལ་བཟོ་ལྟ་དེ་ལ་ད་དེ་རུ་ཐུབ་པའི་སྣང་བརྙན་དེ་བཞུགས་ས་དེ་ད་དེ་རུ། ས་ཆ་དེ་རུ་གཏན་འཁེལ། དེའི་ཐོགས་ལ་སྔན་མ་ད་གསུང་སྲོལ་ད་དེ་འདྲས་ཐོགས་ལ་དེ་འདྲས་འདུག། དཔེར་ན་སྣར་ཐང་ནས་མར་ཆིབས་བསྒྱུར་གནང་དུས་ཙམ་པ། རྗེ་དགེ་འདུན་གྲུབ་པ་སྣར་ཐང་ནས་མར་ཆིབས་བསྒྱུར་གནང་དུས། བསམ་གྲུབ་རྩེ་དང་རྫོང་དང་དེ་འདྲས་ལ་མར་ཆིབས་བསྒྱུར་་ཡང་སེ་གནང་གི་ཡོད་པ་འདྲ།
  • དགེ་འདུན་པ།
    དེ་འདྲས་སྐབས་ལ་དེ་ནི་གནང་བའི་སྐབས་ལ། ས་ཆ་དེའི་ཁར་ཐུག་དེ་རུ། ད་ཡེ་ནས་མར་ཆིབས་བསྒྱུར་་གནང་དུས། འཇམ་དཔལ་མཚན་བརྗོད་ཞལ་འདོན་གནང་གི་ཡོའོ་རེད། དེ་དེའི་ཁར་ཐུག་དེ་རུ། ཆོས་ཀྱི་རྒྱན་མཚན་ལེགས་པར་བཙུགས་ཟེར་མཁན་དེ། ད་མར་དེ་དུ་དེ་འདྲས་ཅིག་གི། ཡང་མ་ནས་མར། སྐུ་དོན་འདྲ་ཡོད་མ་དེ་གས་དེ་སྒྲུབ་བའི་སྐབས་ལ་ཡར་ཆིབས་བསྒྱུར་གནང་དུས་ཡའི། ས་ཆ་དེའི་ཁར་ཐུག་དེ་འདྲས་ཅིག་རུ་ད། ཆོས་ཀྱི་རྒྱན་མཚན་ལེགས་པར་བཙུགས་ཟེར་མཁན་ཡས་འདི། ད་དེ་འདྲས་ཅིག་རྟག་པར་ཅིག་འཁེལ་གྱི་ཡོད་པ་བྱས། དེ་འདྲས་ཀྱི་གནས་ཚུལ་ཅིག་འདུག
  • དགེ་འདུན་པ།
    དེ་ལ་བརྟེན་ནས་ད་ཁོང་གི་གང་ལྟར། ད་གཅིག་ནས་ལྷ་དང་བླ་མའི་ལུང་བསྟན་དང་། གཉིས་ནས་ཁོང་རང་གི་ད་དགོངས་པ། དེ་རུ་ཐུབ་པའི་སྣང་བརྙན་དེ་བཞུགས་ཡས་ཀྱི་ཐོགས་ལ། ཐོགས་མའི་དགོན་པ་ཕྱག་བཏབ་ཡས་ཀྱི་རྨང་གཞི་ཟེར་དགོས་རེད་གླིང་གཞི་ཟེར་དགོས་རེད། ད་དེ་འདྲས་འདྲ་བ་གཅིག་བྱུང་བ་རེད། དེ་ནས་ད་བོད་རབ་བྱུང་བརྒྱད་པའི་མི་ཡོས་ལོ་ལ། མི་ཡོས་ལོ་བྱས། སྤྱི་ལོ་གཅིག་སྟོང་བཞི་བརྒྱ་ཞི་བཅུ་ཞེ་བདུན་ལོ་ལ། དེ་ནི་འདི་རུ་བཀྲ་ཤེས་ལྷུན་པོའི་ཚོགས་ཆེན་འདུ་ཁང་ནང་རུ་དེ་ནི། གཙང་ཁང་ཟེར་མཁན་ཅིག
  • དགེ་འདུན་པ།
    ད་གཙུག་ལག་ཁང་དེ་འདྲས་ཅིག། ཁོང་གི་གཏན་འཁེལ་གནང་བ་དང་། དེ་དང་ཆབས་ཅིག་ལ་ཡ་དེ་ནི། ཨའེ་འདིའི་ཚོགས་ཆེན་འདུ་ཁང་གི་ངོས་ཀྱི་སྐུ་རྒྱབ་དེ་རུ། བླ་བྲང་ད་འདི་ཁོང་གི་བཞུགས་གནས་ཅིག་རེད། བླ་བྲང་། ད་བླ་མའི་བཞུགས། བཞུགས་ཁང་ཟེར་གྱི་ཡོའོ་རེད། འདི་དུས་གཅིག་ལ་ཡ། དེ་ནི་དེ་ཚོའི་ས་ཆོག་ཚུར་སྣང་བྱས་ནས། དུས་གཅིག་ལ། དེ་ནི་དེ་ཚོའི་ཐིག་སུ་སྐྱོན། ཁོང་རང་རང་ཆིབས་བསྒྱུར་གནང་། ཨཱ་དེ་འདྲས་གནང་བཞུགས་འདུག། སྤྱིར་སོང་བ་དང་དེ་འདྲས་ཅིག་གི་ཐོག་ནས། དེ་ནི་བཀྲ་ཤེས་ལྷུན་པོ་ཐོག་མ་ཕྱག་བཏབ་ཡས་དེ་ལོ་གཅིག་སྟོང་བཞི་བརྒྱ་ཞི་བཅུ་ཞེ་བདུན་ལོ་དེ་ལ། དེ་ནི་དེ་རུ་གཙུག་ལག་ཁང་འདི་བཞེངས་པ་གནང་།
  • དགེ་འདུན་པ།
    བཞེངས་པ་གནང་དུས་སྐབས་ལ་ཡིན་ན་ད། ཁོང་རང་ཡ་རུཨུ་དེ་ནི་ཨའེ། དུ་ད་རིག་པའི་གནས་ལྔ་དང་གཞན་ཡང་ནང་རིག་པའི་ད་དེ་ཚོའི་ཐོག་ལ་ཡ། ཧ་ཅང་གི་མཁྱེན་རྒྱ་ཆེན་བདེ་ཡོད་པ་བྱས་དེ་འདྲས་རེད། དེ་འདྲས་ཡིན་དུས་ཙམ་པ་ཡ་རུ། སློབ་མ་ཡའི་ཧ་ཅང་གི་མང་པོ་ཡོའོ་རེད། རྩ་བའི་གོང་། ཁོང་གི་ད་བླ་མ་ཡར་བསྟེན་པ་གནང་ས་དེ། རྗེ་ཤེས་རབ་སེང་གེ་དང་། དེ་ནི་རྗེ་ཙོང་ཁ་པ་ཆེན་པོ་ལའི་ཡར་ཞུས་བྱས་ནས་འདུག་ཟེར་ཡོའོ་རེད།
  • དགེ་འདུན་པ།
    དེ་དེ་འདྲས་འོག་ལ། ཁོང་ལ་ཡའི་དགེ་ཕྲུག་ཡའི་ཧ་ཅང་གི་མང་པོ། མཁས་པ་ཡའི་མང་པོ་དེ་འདྲས་ཐོན་བྱས། ད་དེ་རུ་དགོན་པ་དེ་ཕྱག་བཏབ་པ་གནང་བའི་གང་ལ། དགེ་ཕྲུག་དེ་གས་དེ་མར་འཁྲིད་པ་གནང་བྱས། དེ་ནི་ཁོང་གི་དེ་རུ། བཞག་དགོས་གནང་ཡས་ཆ་ཚང་དེ་ཁོང་རང་རང་གིས་རྦད་དེ་ཐུགས་འགན་བཞེད་བ་གནང་། གཞན་དག་གི་ད་ཨ་འབྲི་ཐག་ཐག་དང་ཅིག་གི་རྡོ་བཟོ། ཤིང་བཟོ། དེ་འདྲས་དང་གི་མ་ཡིན་པ། བཟོ་བཀོད་དང་དེ་ཚོ་ཆ་ཚང་ད་འདུལ་བའི་ད་གཙུག་ལག་ཁང་། བསྐྱོན་ཕྱོགས་དང་མཐུན་པ་ཅིག་དང་། ཁོང་གི་དེ་འདྲས་ཟེར་སྐྱོན་པ་གནང་ཡོའོ་རེད།
  • དགེ་འདུན་པ།
    ད་ཕྱག་ལས་གནང་མཁན་ངོས་ནས་ཆ་བཞག་པ་ཡིན་ན། སློབ་མ་དེ་གས་དེ་རེད། དེ་གས་དེས་ཕྱག་བཏབ་པ་གནང་བའི་་གང་ལ། དེ་རུ་ཨར་ལས་འདི། ད་ཁོང་གི་དགོན་པ་གསར་བཞེངས་མཛད་པའི་ཨར་ལས་དེའི་སྐབས་ལ། ཕྱོགས་གཅིག་ནས་ཉིན་མོ་ཨར་ལས་གནང་ཡས་དང་། ཕྱོགས་གཞན་གཅིག་ནས་ད་རྒྱུན་གཏན་གྱི་ད། སློབ་མ་རྣམས་ལ་ད་བཀའ་ཁྲིད་གནང་ཡས་དང་། གསུང་ཆོས་གནང་ཡས། ཨེ་རྒྱུན་གཏན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ད་མི། ཞལ་འདོན་གནང་ཡས་ལ་སོགས་པ་དེ་ཚོ་ཆ་ཚང་གནང་གི་ཡོད་ཟེར།
  • དགེ་འདུན་པ།
    དེ་ཚོ་མ་ཆད་པའི་ཐོག་ནས་དེ་ནི་དགོན་པ་དེ་བཞེངས་གནང་བ་དང་དེ་འདྲས་ཅིག་གནས་ཚུལ་འདུག ད་དེ་དུས་ཙམ་པ། དཔལ་འབྱོར་ཐད་ནས་ཆ་བཞག་ནའི། ཨོང་ཧ་ཅང་གི། ད་ཁོང་གི་དཔལ་འབྱོར་ཐད་ཧ་ཅང་གི་སྟབས་བདེ་པོ་ཡིན་འགྲོ་དུས་ཙམ་པ། སྦྱིན་བདག་ལ་བརྟེན་དགོས་ཡས། ད་སྦྱིན་བདག་དེ་ཚོའི་ག་ས་ག་ནས། ཏོག་ཙམ་ཏོག་ཙམ་ཏོག་ཙམ་ཕུལ་མཁན་དང་དེ་ཚོ། ཁོང་རང་རང་ལ་ཅིག་འཕུལ་ར་དེ་ཚོ་བསགས་བསགས་གྲུང་གྲུང་འདྲ་ཅིག་གནང་།
  • དགེ་འདུན་པ།
    དེ་འདྲས་བྱས་པ་མ་གཏོགས། ད་ཁོང་ལ་དེང་སྐབས་ནང་བཞིན་གྱི། ད་གང་ཟེར་དགོས་པཱ། དཔལ་འབྱོར་གྱི་དེ་འདྲས་མེད་པ་མ་ཟད། ད་བོད་རྙིང་པའི་སྐབས་ལ་ཆ་བཞག་པ་ཡིན་ན། གཞིས་ཀ་ཆེན་པོ་དེ་འདྲས་དང་དེ་འདྲས་ཡའི་མང་པོ། ཡོའོ་མ་རེད། དེ་འདྲས་ལ་བརྟེན་ནས་ད་སྐུ་རྒྱུ་ཁྱེར་རྫས་དེ་ཚོ་ཡའི། རེ་ཚགས་དམ་ཚགས་གནང་བྱས་དེ་ནི་བཀྲ་ཤིས་ལྷུན་པོའི་དགོན་པ་དེ་ཕྱག་བཏབ་བ་གནང་། འདུག་ཟེར་དུ། དེ་འདྲས་གནང་ནས་ཐོག་མ་དེ་ལ་ད་གཙང་ཁང་ཕྱག་བཏབ་བ་གནང་ནས།
  • དགེ་འདུན་པ།
    གཙང་ཁང་དེ་ཕྱག་བཏབ་དུས་དེ་ནི། ཨེ་ཧ་ཅང་གི་བཀྲ་ཤིས་པོ་དང་། གཙང་ཁང་གི་དེ་ནི་ཀ་དེ་ཚོ་བཙུགས་བྱེད་དུས། འཇའ་གཟུག་པ་དང་ལྟས་མཚན་མ་ལ་སོགས་པ་དེ་ནི། མེ་ཏོག་ཚར་འབབ་ཡས་ལ་སོགས་པ་དེ་འདྲས་ཀྱི་བཀྲ་ཤིས་པའི་མཚན་མ་ཡའི་ཧ་ཅང་གི་ཁོང་ལ་ལེགས་པོ་དེ་འདྲས། རྨིས་པ་གནང་བྱས་དེ་འདྲས་འདུག དེའི་རྗེས་ལ་དེ་ནི་ཚོགས་ཆེན་འདུ་ཁང་དེ་དེ་ནི་རིམ་བཞིན་བསྐྱོན་ནས། དེའི་ནང་ལ་ཕལ་ཆེར་ད། ལོ་བཅུ་གྲངས་ཅིག་ལུས་དེ་འདྲས་ཅིག་འདུག དེ་ཡང་ཚོགས་ཆེན་འདུ་ཁང་དེ་ལོ་བཅོ་ལྔ་ཙམ་ཅིག་ནས་ཡང་། ཚོགས་ཆེན་འདུ་ཁང་སྦུག་རུ་ཡང་བྱམས་ཁང་། ཆེན་མོ་གཅིག་ཡོའོ་རེད།
  • དགེ་འདུན་པ།
    འདི་ཚོགས་ཆེན་འདུ་ཁང་གི་སྦུག་རུ་ཡོའོ་རེད། ཚོགས་ཆེན་འདུ་ཁང་ནང་གི་བྱམས་ཁང་ཆེན་མོ་དེ་སྐུ་ཚད་ཕལ་ཆེར་ཡར་ང་རང་ཚོའི་ཀུང་ཁྲེ་ད་བཅུ་གཅིག་ཡས་མས། དེ་འདྲས་ཅིག་སྐུ་ཚད་ཡོའོ་རེད། ད་སྐུ་ཚད་དེ་འདྲས་ཅིག གསེར་ཟངས་ལས་བསྒྲུབས་པ། དེ་འདྲས་ཅིག་བཞེངས་གནང་བྱས། ད་དགོན་པ་བཞེངས་ནས་ཕལ་ཆེར་མིན་པ་ཐོག་མའི་དགོན་པ་བཞངས་ནས་བརྩིས་བ་ཡིན་ན། ལོ་བཅོ་ལྔ་ཙམ་ཅིག་གི་ནང་ནས་དེ་ནི་བྱམས་ཁང་དེའི་བཞེངས་གནང་།
  • དགེ་འདུན་པ།
    དེ་ནང་བཞིན་གྱི་ད་གཙང་ཁང་གི་ཤར་ཕྱོགས་དེ་རུ་སྒྲོན་མ་ལྷ་ཁང་ཟེར་མཁན་ཡང་སྒྲོན་མ་དཀར་པོ་གཅིག་དང་གཞན་དག་གི་སྒྲོན་མ་གཉིས་བྱས། ཁྱོན་སྒྲོན་མ་གཙོ་འཁོར་གསུམ་འདུག་ཟེར་ཡང་ལྷ་ཁང་གཅིག་བཞེངས་གནང་། ད་ཚོགས་ཆེན་འདུ་ཁང་དེ་རང་ཡའི། ཀ་བ་བཞི་བཅུ་ཞེ་བརྒྱད་ཀྱི་ས། བཞེངས་གནང་འདུག དེ་ནི་དེའི་གང་ཟེར་པཱ་ད། བཟོ་བཀོད་དང་དེ་ཚོ་དེ་ནི་འདུལ་བའི་ལུགས་དང་ད་མཐུན་ཆེ་ཤོས་ཀྱི། འདུལ་བའི་ནང་ནས་ད་གསུང་པའི། སངས་རྒྱས་ཀྱི་གསུང་པའི་དེ་ནི། ག་རེ་འདུལ་བའི་ཨའེ། གང་ཟེར་པཱ་ད། ཨའེ། གཙུག་ལག་ཁང་བསྐྱོན་སྟངས། ཆ་ཚད་དང་དེ་ནི་ཅིག་གི་བཟོ་བཀོད་དང་དེ་འདྲས། དེ་ཚོ་ད་རྦད་འཚམ་ཆེ་ཤོས་ཅིག་རེད་ཟེར་ད་གསུང་རྒྱུན་་ཐོགས་ལའི་དེ་འདྲས་འདུག
  • དགེ་འདུན་པ།
    སྤྱིར་བྱས་ན་ད་རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐུ་དུས་ལ། ཚོགས་ཆེན་འདུ་ཁང་དེ་དེ་འདྲས་བྱས་གཅིག་བཞེངས། དེའི་རྗེས་ལ་དེ་ནི་བླ་བྲང་བཞེངས། བླ་བྲང་དེ་བཞེངས་མ་ཚར་གྱི་སྔོན་དེ་ལ། ད་ཁོང་རང་ཡའི་ཚོགས་ཆེན་འདུ་ཁང་གང་དེ་རུ་དེ་ནི་དབུ་གུར་ཏོག་ཙམ་བསྐྱོན་ནས། གུར་ཏོག་ཙམ་བསྐྱོན་ནས་དེའི་ནང་རུ་༼དུ༽། བཞུགས་བ་གནང་། དེ་སྐབས་སྐབས་ལ་དེ་ནི། སློབ་མ་ཚོ་ལ་མར་བཀའ་ཁྲིད་དེ་ཚོ་གནང་། ཡང་གསུང་ཆོས་གནང་། འདུག་བཟོ་གནང་། ཡང་ཨར་ལས་ཁོའི་གནང་གིན་གནང་གིན་བྱས།
  • དགེ་འདུན་པ།
    ཡང་དཔལ་འབྱོར་འདྲའི་ཏོག་ཙམ་ཏོག་ཙམ་ཡང་ཨེ་དེ། དེ་བར་ཡང་ཨེ་བཅག་བཅག་གྲུང་གྲུང་གནང་གིན་གནང་གིན་བྱས། དེ་འདྲས་ཟེར་བྱས་ནས་བསྐྱོན། གཙུག་ལག་ཁང་། འདུག་ཟེར་བྱས་ནས་བསྐྱོན་འདུག། ད་རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐུ་དུས་ལ་གཙོ་ཆེ་བླ་བྲང་དེ་ལ་ཀ་ཉི་བཤུ་རྩ་བཞིའི་ས་ཡིན་གསུང་ཡས་འདུག ས་ཆ་དེ་ལ། ད་དེ་དུས་ཕལ་ཆེར་ད་ཡོད་ན་དེའི་གང་ལ་དེང་སང་དེ་ནི། སྐུ་ཕྲེང་རིམ་བྱུང་གི་རྗེས་ལ་ད་གང་ཟེར་དགོས་པ། རྒྱ་བསྐྱེད། ཨའེ་གནང་ཡོའོ་རེད། གཅིག་ནས་རྒྱ་ཆེར་རུ་གཏང་གནང་། གཉིས་ནས་ཡར་དཔངས་དེ་ཚོའི་མཐོ་རུ་གཏང་གནང་དེ་འདྲས་འདུག
  • དགེ་འདུན་པ།
    སྤྱིར་སོང་བ་དང་། དེ་ཚོར་ལ་ཚོད་རྩིས་བྱས་པ་ཡིན་ན། ཕལ་ཆེར་སྐབས་དེ་དུས་བླ་བྲང་དེའི་ཐོག་བརྩེགས་གསུམ་ཡིན་པ་འདྲ། དེ་འདྲས་ཅིག་འདུག དེ་ནས་འདི་མིན་པའི་ད་དགེ་འདུན་མའི་བཞུགས་ཤག་སྤྱི་ཁང་གྲྭ་ཤག་སྤྱི་ཁང་། ཨོའོ་དེ་འདྲས་ཁག་ཅིག་བྱས། དེ་ནས་རྗེས་ལ་ཡ་ཏོག་ཙམ་ཡང་གྲྭ་སྟོབས་འཕེལ་རུ་ཕྱིན་ནས། དེ་ནི་གྲྭ་ཚང་ཁག གཞན་ཟུར་བཅོད་པ་ཟེར་གྱི་འདུག དང་པོ་དེ་ལ། ཟུར་བཅོད་པ་ཟུར་བཅོད་པ། དེ་ཟུར་བཅོད་ཀ་གསུམ་ལ་དབྱེ་བྱས། ཟུར་བཅོད་ཀ་གསུམ་པོ་དེ་ལ་རྗེས་ལ་ཟེར་དུས་གྲྭ་ཚང་ཁག་གསུམ་པོ་དེ་རེད།
  • དགེ་འདུན་པ།
    གྲྭ་ཚང་ཁག་གསུམ་པོ་དེ། ཤར་རྩེ་གྲྭ་ཚང་། དེ་ནི་དཀྱིལ་ཁང་གྲྭ་ཚང་། ཐོས་བསམ་གླིང་གྲྭ་ཚང་། ཤར་རྩེ་གྲྭ་ཚང་གི་ད་ཡིག་ཆ་གཙོ་བོ་དེ་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་གནང་གི་ཡོད་པ་རེད། དེ་མཚན་ཉིད་གཞུང་ལུགས་དེ་གཞི་འཛིན་ས་དེ། མ་གཞི་བླ་མ་མང་པོ་ཡོའོ་རེད། ད་ག་ནང་བཞིན་གྱི་དཀྱིལ་ཁང་གྲྭ་ཚང་ཟེར་ན། ཀུན་མཁྱེན་གཤེན་འདེགས་ཆེན་པོས་གནང་། འདུག་ཟེར་རེད། དེ་ནི་ཐོས་བསམ་་གླིང་ཨེ་གྲྭ་ཚང་ཨེ་ཐ་ན་དགེ་འདུན་བློ་བཟང་གི་དེ་འདྲས་ཟེར་འདུག་ཟེར་གནང་བྱས། དེ་འདྲས་འདུག། ཨའེ། འདི་མིན་པའི་ཡང་དེ་འདྲས་མང་པོ་གནང་གི་ཡོའོ་རེད།
  • དགེ་འདུན་པ།
    དེ་ནི་ད་སྐབས་དེ་དུས་གང་པ་ཟེར་སོང་ན། འདི་རི་ཨེ་ཆོས་ཕྱོགས་ཀྱི་ཐོག་ནས་གཙོ་བོ་གཞུང་ཆེན་བཀའ་པོད་རྣམ་པ་ལྔ་ལ་ཡ་ཉམས་ཞིབ་གནང་། འདིའི་ནང་ནས་ད་བཀྲ་ཤིས་ལྷུན་པོ་ལ་ཐུན་མོང་མ་ཡིན་པའི་བཟོ་བལྟ་དེ་ལ་ད་ཚད་མ་དེ་ཧ་ཅང་གི་ད། ད་གང་ཟེར་པཱ། ཤུགས་ཆེན་པོའི་ཐོག་ནས་ད་གཟིགས་བསྐྱོར་གནང་ཡས་དེ་གོམས་གཤིས་ཀྱི་བཟོ་འདྲ་ཅིག་འདུག
  • དགེ་འདུན་པ།
    དའ། ད་ཚད་མའི་ད་གང་ཟེར་པཱ། ཨའེ་དགོན་པ། ངའི་དེ་རུ་ཡོད་ཟེར་མཁན་གྱི་དེ་འདྲས་ཀྱི་ད་གསུང་རྒྱུན་འདྲ་ཡའི་འདུག བྱས་པར་སོང་བ་དང་། འདི་དེ་རུ་ཚད་མའི་གཞུང་ལུགས་དེ་ཧ་ཅང་གི་དེ་རུ་ཨེ་སྦྱང་བརྩོན་ཆེན་པོ་གནང་གི་འདུག ཨེ་དེ་འདྲས་ཅིག་བྱས། ད་དེ་ནས་རྗེས་ལ་ཡང་ཨེ་རྗེ་དགེ་འདུན་གྲུབ་དེ་ནི་ཨོང་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་རྗེས་ལ། དེ་ནི་པཎ་ཆེན་བཟང་པོ་བཀྲ་ཤིས་ནས་བཙོས་པའི་དེ་ནི་མཁན་རྒྱུད་བཅུ་གསུམ། ད་འདི་ཁོང་གི་སློབ་མའི་གཙོ་གྲས་གཅིག་གིས་ཨ་ནི་འགན་བཞེས།
  • དགེ་འདུན་པ།
    ཐོག་མ་དེ་ལ་ད་མཁན་པོ་དེ་བཀོད། འདི་ད། པཎ་ཆེན་བཟང་པོ་བཀྲ་ཤིས་ཟེར། དེ་ནས་རིམ་བཞིན་རིམ་པ་བྱས་ནས་ཁྱོན་མཁན་རྒྱུད་བཅུ་གསུམ་བྱུང་བ་རེད། མཁན་རྒྱུད་བཅུ་གསུམ་དེའི། ད་གང་ཟེར་པཱ། རྒྱུད་རིམ་དེ་ད་དུས་ཚོད་ག་ཚོད་ཙམ་ཞིག་འགྲོ་གི་ཡོའོ་རས་ཟེར་སོང་ན། དེའི་ནང་ལ་ལོ་བརྒྱ་ཕྲག་གཅིག་ཙམ་ཅིག། ད་དགོན་པ་ཕྱག་བཏབ་ནས་ལོ་བརྒྱ་ཕྲག་གཅིག་ཙམ་ནང་ལ། མཁན་རྒྱུད་བཅུ་གསུམ་གྱི་ད་བཀྲ་ཤིས་ལྷུན་པོའི་དགོན་པ་དེ་མཛད་སྐྱོང་སྤེལ་གསུམ་གནང་མཁན་དེ་མཁན་རྒྱུད་བཅུ་གསུམ་གྱི་གནང་བ་རེད།
  • དགེ་འདུན་པ།
    ད་མཁན་རྒྱུད་བཅུ་གསུམ་གྱིས་གནང་བའི་སྐབས་ལ། ད་གཙོ་ཆེ་ཤོས་ད། བསླབ་པ་སློབ་མཁན་དེ་གཙོར་མཛད་པ་མ་གཏོགས། རྒྱ་བསྐྱེད་གནང་ཡས་ཐོགས་ལ། ཞེ་དྲག་གི་ཕར་རྒྱ་ཆེར་རུ་རང་གཏང་ཐབས་མེད་པའི་བཟོ་བལྟ་ཅིག དེ་འདྲས་ཅིག་མ་ཕྱིན་པའི་བཟོ་འདྲ་འདྲ་ཅིག་དེ་འདྲས་ཅིག་འདུག དེ་ནི་རྗེས་ལ་ད་ལོ་བརྒྱ་ཕྲག་ལྷག་ཙམ་ཅིག་ནས། དེ་ནི་བཀྲ་ཤིས་ལྷུན་པོའི་གདན་སའི་ནང་ལ་དེ་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ། རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱན་མཚན། ད་མཚན་བསྡུས་པ་བྱས་ན་ཆོས་རྒྱན་ཆོས་རྒྱན་བཞུ་གི་ཡོའོ་རེད། པན་ཆེན་ཆོས་རྒྱན།
  • དགེ་འདུན་པ།
    ད་ཆོས་རྒྱན། ཆོས་ཀྱི་རྒྱན་མཚན་དེ་རུ་ཕེབས། དེ་ནི་མཚན་ཉིད་གསན་སྦྱོང་གནང་ལ། ཐོག་མ་ཨེ་རྙིང་དགོན་ནས་ཡར་དེ་རུ་ཆིབས་བསྒྱུར་གནང་འདུག་བཟོ་འདུག དེ་ནས་རྗེས་ལ་ད་ཁོང་། ད་ཕལ་ཆེར་དགུང་གྲངས་སུམ་ཅུ་ཙམ། སུམ་ཅུ་སོ་བདུན་ཙམ་མིན་ནམ་བསམ་པ་ཡོད། དེ་འདྲས་ཅིག་ལ་ཡ་ཆིབས་བསྒྱུར་གནང་པའི་སྐབས་ལ་ཡ་དེ་ནི་བཀྲ་ཤིས་ལྷུན་པོའི་གདན་སའི་ཁྲི་པ་གནང་ཡས་ཀྱི་གསོལ་འདེབས་ཡ་གིར་ཡར་བརྩེ་གཅིག་ཏུ་ཡར་བཞུས་བྱས། འདུག་ཟེར་རྗེས་ལ་དེ་ནི་པན་ཆེན་སྐུ་ཕྲེང་བཞི་པ་དེ་ནི་རྒྱལ་བ་དབེན་ས་པ་ཆེན་པོའི་དེ་ནི། ད་གང་ཟེར་དགོས་རེད། ཨའེ། སྤྲུལ་པ་ངོ་མ་ཡིན་པ་དང་། འཁྲུལ་མེད་རང་ཡིན་པ། ཨེ་གཞན་ཡང་དེ་ནི་ཁོང་གི་ད་གང་ཟེར་པཱ།
  • དགེ་འདུན་པ།
    གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་གནང་ཡས་དང་། ཁོང་གི་རྣམ་དཔྱོད་གང་། གང་སྤྱིའི་སྟེང་ནས་ཁྱོན་མི་ཀུན་ཡིད་དབང་འཕྲོག་པ་ལྟ་བུ་ཅིག དེ་འདྲས་ལ་བརྟེན་ནས་ད་ཁོང་ལ་ཡ་དེ་ནི་ཧ་ཅང་གི་རེ་འབོད་ཅི་བདེ་ཞུས་པ་ལ་བརྟེན་ནས། དེ་ཁོང་གི་འདི་བཀྲ་ཤིས་ལྷུན་པོའི་དགོན་པ་དེ་ཁོང་གི་ཁྲི་པ་གནང་བ་རེད། བཀྲ་ཤིས་ལྷུན་པོའི་དགོན་པ་ཁོང་གི་ཁྲི་པ་གནང་བ་དེ་ནས་བཟུང་། དུས་དེ་ནས་བཟུང་དེ་ནི་ཨའེ་བཀྲ་ཤིས་ལྷུན་པོའི་དགོན་པ་དེ་པན་ཆེན་སྐུ་ཕྲེང་རིམ་བྱུང་གིས་དེ་ནི་ཡར་འཛིན་སྐྱོང་སྤེལ་གསུམ་གནང་ནས། ད་ག་རེ་རེད་ཟེར་ན། བཀྲ་ཤིས་ལྷུན་པོའི་དགོན་པ་རྒྱ་བསྐྱེད་གཏང་གནང་ཡས་དང་གཅིག
  • དགེ་འདུན་པ།
    ཕྱོགས་གཅིག་ནས་དགེ་འདུན་པའི་རྒྱ་བསྐྱེད་གཏང་གནང་ཡས་དེ་ལ། དགེ་འདུན་པའི་ཞལ་གྲངས་འཕར་ཡས་དང་། གཅིག་ནས་དགོན་པའི་ཨེ་ད་ཁོར་ཡུག་གི་གཙུག་ལག་ཁང་དང་། དེ་ཚོ་ཡར་དེ་ནི་རྒྱ་ཆེ་རུ་འགྲོ་ཡས། གཉིས་ནས་ད་དགེ་འདུན་པའི་འཚོ་བ་དང་དེ་ཚོའི་ཐོག་ལ་ཡིན་ནའི་ད་སྟབས་བདེ་རུ་ཕྱིན་བྱས། འདུག་ཟེར་རེད། དེ་གང་ཡིན་ཟེར་ན། པཎ་ཆེན་ཆོས་ཀྱི་རྒྱན་མཚན་གྱི་དེ་ནི་ཡར་ཆིང་གོང་མ་དང་མར་འབྲེལ་བ་གནང་ཡས་དང་། དེ་ནི། ཏ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དེ་ནི་ཡོངས་འཛིན་གནང་ཡོའོ་རེད།
  • དགེ་འདུན་པ།
    ཏ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་ཡོང་འཛིན་གནང་། ཁོང་གཉིས་དེ་ནི་ལྷན་རྒྱས་ལ་ཡ་ཆིང་གོང་མ་མ་རུ་ཨའེ་གོང་མ་ཤུལ་འཛིན་དེ་ནི་དབུ་བརྙེས་པའི་སྐབས་ལ་མར་རྟེན་འབྲེལ་བཞུ་མཁན་མི་མངགས་པ་གནང་བྱས་དེ་འདྲས་རེད། དེ་འདྲས་ལ་བརྟེན་ནས་ད་གོང་མས་མེ་ནས་ཡར། ཐུགས་གསོས་དར་རྒྱན་དང་། དེ་འདྲས་ཧ་ཅང་གི་དེ་ནི་མང་པོ་ཅིག་གནང་། ཁོང་གཉིས་ལ། དེ་འདྲས་ལ་བརྟེན་ནས་བཀྲ་ཤིས་ལྷུན་པོའི་དཔལ་འབྱོར་དང་ཆོས་སྲིད་གང་ཅིའི་ཐད་ནས། ད་ཡར་རྒྱས་གོང་འཕེལ་བྱུང་བ་དང་། གྲྭ་སྟོབས་འཕེལ་ལ། དེ་ནས་བཟུང་ད་བཀྲ་ཤིས་ལྷུན་པོ་འདི་ད་གང་ཟེར་པཱ། རྒྱ་བསྐྱེད་ཆེ་རུ་ཕྱིན་པ།
  • དགེ་འདུན་པ།
    ཨེ་པཎ་ཆེན་རིན་པོ་ཆེ་གིས། ད་སྐུ་ཕྲེང་རིམ་བྱུང་གི་ཡིན་ན་བྱས་ན་འདུག་ཟེར་རེད། དེ་ནི་ཐོག་མ་དེ་ལ་དེ་ན་པཎ་ཆེན་སྐུ་ཕྲེང་འདུག་རུ་ཨེ་བཀྲ་ཤིས་ལྷུན་པོའི་ནང་ལ་ད་རྒྱ་ཕིབས་ཆགས་དུས་ཡའི་པཎ་ཆེན་སྐུ་ཕྲེང་བཞི་པའི་སྐུ་དུས་ལ་དེ་ནི་རྒྱ་ཕིབས་དེ་ཚོའི་ཉམས་གསོ་གནང་། ཨེ་དེ་བཞིན་ད་ཁོང་སྐུ་བཞེངས་བྱེད་པའི་གང་ལ་ཁོང་གི་སྐུ་གདུང་དེ་ལ་ཡང་རྒྱ་ཕིབས་མགྲོན་ཡས་དང་དེ་འདྲས། ཁོང་གི་སྐུ་གདུང་དེ་ལ་ཆོས་ཁང་ཤར་ཟེར། དེ་ནི་ཡང་དེ་རྗེས་ལ་འདུག་ཟེར་བྱུང་བ་རེད།
  • དགེ་འདུན་པ།
    དེ་ཙམ་མ་ཟད། ད་པཎ་ཆེན་ཆོས་ཀྱི་རྒྱན་མཚན་གྱི་བཀྲ་ཤིས་ལྷུན་པོའི་གདན་སའི་མཁན་པོ་གནང་བ་མ་ཟད། ཞྭ་ལུ་དགོན་པ་དང་དེ་ནི་གངས་ཅན་དགོན་པ། གཞན་ཡང་དེ་ནི་ཨེ་སེར་འབྲས་ལ་སོགས་པ་དེ་འདྲས་ཀྱི་མཁན་པོ་ཡའི་གནང་བྱས། མདོར་བསྡུས་ན་ཁོང་གྲུབ་མཐའ་རེ་མོས་ཀྱི་ཐོག་ནས་དེ་ནི་གཞན་ལ་ཡ། ད་སློབ་མ་ཡིན་ནའི་མིན་ནའི་དད་ལྡན་མི་སྣ་ལ་ཡ་སྐྱོང་སྟངས་ཧ་ཅང་གི་གང་ཟེར་དགོས་རེད།
  • དགེ་འདུན་པ།
    ཨེ་གནང་ཡས་དེ་ལ་མཁྱེན་པོ་འགྲན་ཟླ་བྲལ་བ་ཞིག་རེད། གཅིག་ནས་མར་ཆིང་གོང་མའི་སྲིད་གཞུང་ལ་བརྟེན་པ་གནང་ཡས་དང་ཐབས་ཤེས་དང་གང་ཅིའི་ཐོག་ནས་ཡ་ཁོང་ཐུགས་རིག་ཧ་ཅང་གི་རྒྱས་པོ་ཡོད་པ། དེ་འདྲ་བྱས་རེད། དེ་འདྲས་ལ་བརྟེན་ནས་བཀྲ་ཤིས་ལྷུན་པོ་འདི་ད་དེ་ནས་བཟུང་རྒྱ་བསྐྱེད་། ཨེ་ཆེ་རུ་ཕྱིན་པ་རེད་ཟེར།
  • དགེ་འདུན་པ།
    དེ་ནས་ད་དེའི་རྗེས་ལ་པཎ་ཆེན་དེ་ཆིབས་བསྒྱུར་གནང་བ་རེད། ཁོང་སྐུ་གཤེགས་པའི་རྗེས་ལ་པན་ཆེན་བློ་བཟང་ཡེ་ཤེས། པན་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐུ་དུས་ལ་ཡའི་ད་མར་ཆིང་གོང་མ་དང་གོང་མ་ཁང་ཤྭི་དང་དེ་ཚོ་འབྲེལ་བ་གནངཡས་དང་དེ་འདྲས་གནང་ཡས་་དང་རྗེས་ལ། ཁང་ཤྭིས་མ་ནས་ཡར་དེ་ནི་ཨེ་པཎ་་ཆེན་ཨར་ཏི་ནི་ཟེར་ཡས་ཀྱི་དེ་ནི་། གསེར་གྱི་ཐང་ག་གནང་ཡས་དང་། འཇའ་ས་གསེར་དམ་ལ་སོགས་པ། གཞན་ཡང་ད་གོང་མོའི་བརྟེན་རྫས་དེ་འདྲས་ཡ་ཧ་ཅང་གི་ད་མང་པོ་ཅིག་འཕུལ་བྱས། འདུག་ཟེར་རེད།
  • དགེ་འདུན་པ།
    དེ་ནི་རྗེས་ལ་ད་པཎ་ཆེན་རིན་པོ་ཆེ་གིས། སྐུ་གདུང་དེ་ལ་ད་ཡང་ད། ད་ལྟ་ཡིན་ན། ཆོས་ཁང་དཀྱིལ་ཟེར་ཡར་གི་རེད། ཆོས་ཁང་དཀྱིལ་ཡར་གི། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐུ་གདུང་། དེ་ནས་རྗེས་ལ་པཎ་ཆེན་སྐུ་ཕྲེང་དྲུག་པ། དྲུག་པ་མར་ཡང་རྒྱ་ནག་ལ་ཆིབས་བསྒྱུར་གནང་། ད་འདི་གང་ཟེར་པཱ། གོང་མ་ཆན་ལུང་གི་གདན་བཞུ་བྱས། གོང་མོའི་དབུ་བླ་གནང་། འདུག་ཟེར་རེད། དེ་ནི་བཀྲ་ཤིས་ལྷུན་པའི་ནང་ལ་ཡིན་ནའི། ཨེ་འཛིན་སྐྱོང་སྤེལ་གསུམ་གནང་ཡས་དང་། རིམ་པས་ཀྱི་ལྷ་ཁང་རྒྱ་བསྐྱེད་གནང་ཡོའོ་རེད།
  • དགེ་འདུན་པ།
    འདུག་ཟེར་བྱས་ནས་ད་འདི་རེད། ཨེ་ཚོགས་ཆེན་འདུ་ཁང་འདིའི་རྒྱ་རྒྱུད་འདི་ད་རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐུ་དུས་ལ་བྱས། དེ་ནས་པཎ་ཆེན་ཆོས་ཀྱི་རྒྱན་མཚན་དང་། པན་ཆེན་སྐུ་ཕྲེང་ལྔ་པ། དེ་ནས་དྲུག་པ། བདུན་པ། བརྒྱད་པ། ད་འདི། འདི་གས་འདིའི་སྐབས་ལ་ད་བཀྲ་ཤིས་ལྷུན་པོའི་དགོན་པའི་ནང་ལ་མདོར་བསྡུས་ན་དེ་ཙམ་ཞིག་ཡོའོ་རེད། ད་ལྷ་ཁང་། ད་ཞིབ་ཕྲ་རང་བྱས་ན། རེ་རེ་གཉིས་གཉིས་ནས་བྱས་ན། ད་ལྷ་ཁང་དྲུག་བཅུ་ཙམ་ཅིག་ཡོའོ་རེད།
  • དགེ་འདུན་པ།
    ད་འདི་གས་དེ་ཆ་ཚང་དེ་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ཐོག་ལ་ཡ་རྒྱ་བསྐྱེད་གནང་བྱས། ཨའེ་མདོར་བསྡུས་པའི་ཐོག་ནས་ཞུས་པ་ཡིན་ན། ད་གཙུག་ལག་ཁང་ཞལ་གྲངས་དེ་ག་ཙམ་ཅིག་དང་། སྣང་བརྙན་འབུར་ག་དང་དེ་འདྲས་ཐོག་ལ་ཆ་བཞག་ནའི་ད་ཁྲི་ཚོ་གཉིས་ལས་འགལ་ཡོའོ་རེད། ད་རྒྱ་གར་ཤར་ལི།ཟེར་ཡས། ནུབ་ལི་ཟེར་ཡས། རྒྱ་ནག་ལི་མ་ཟེར་ཡས། གཞན་ཡང་བོད་ཀྱི་དེ་ནི་གང་ཟེར་པཱ། ད་ང་རང་ཚོའི་དེ་རུ་སྤྲེལ་ལི་ཟེར་ཡས་དང་། ཨའེ་དེ་འདྲས་ཀྱི་ད་ལི་མའི་རིགས་སྣ་ཚོགས། ཨའེ་བྱས་འདུག་ཟེར་རེད།
  • དགེ་འདུན་པ།
    དེ་གས་འདི་ཡིན་ན་གང་པཱ་ཟེར་སོང་ན། ལྷ་ཁང་སོ་སོའི་ནང་ལ་བཞུགས་སུ་བཅུག་པ་མ་ཟད། དེ་ནི་གོང་མས་མར་ནས་ཡར་རྟེན་བཅས་རིམ་པ་ཅིག་ན་ཕུལ་ལ་གནང་གི་ཡོའོ་རེད། རྟེན་རྫས་ཧ་ཅང་མང་པོ་ཕུལ་གྱི་ཡོའོ་རེད། དེ་ཚོ་ཡང་དེ་ནི་ལྷ་ཁང་སོ་སོའོ་ཆོས་རྫས་ལ་བསྒྲིགས་པ་གནང་ཡས་དང་། འཇའ་ས་གསེར་དམ་དེ་ཚོ་ཡིན་ན། དེ་ནི་ཁོང་རྣམས་ཚོས་ཡར་དོ་དམ་གནང་བ་དང་། དེ་མིན་ད་ཆོས་རྫས་དང་དེ་ཚོ་མང་པོ་ཅིག་ལྷ་ཁང་སོ་སོའི་ནང་ལ་བསྒྲིགས་བྱས། འདུག་ཟེར་རེད།
  • དགེ་འདུན་པ།
    དེ་ནི་བཀྲ་ཤིས་ལྷུན་པོའི་ནང་ལ་དཔེར་ན། པཎ་ཆེན་སྐུ་ཕྲེང་བདུན་པོའི་སྐུ་དུས་ལ་དེ་ནི་འདི་ཡོའོ་རེད། ཡ་རུ་རྒྱ་ནག་ལྷ་ཁང་ཟེར་མཁན་ཅིག རྒྱ་ནག་ལྷ་ཁང་ཟེར་མཁན་དེ། དེ་མར་ནས་ཡ་གོང་མོའི་སྐུ་ཚབ་ཨན་པན་གྱིས་དེ་ནི་མར་ནས་ཡ། ཨེ་ཕེབས་དུས་ཙམ་པ་གོང་མས་རྟེན་རྫས་ཕུལ་བ་དེ་གས་དེ་རྒྱ་ནག་ལྷ་ཁང་རུ་ཡར་ཡ་རུ་པཎ་ཆེན་སྐུ་ཕྲེང་བདུན་པ་ཆེན་པོ་དང་། དེ་ནི་གོང་མའི་སྐུ་ཚབ་གཉིས་མཇལ་འཛོམས་ཅིག་གནང་། ལྷ་ཁང་དེ་ལ་ཡའི་ད་ལྟ་ལྷན་འཛོམས་གཟིམ་སྦུག་ཟེར་གྱི་ཡོའོ་རེད།
  • དགེ་འདུན་པ།
    དེའི་ནང་ལ་ཡ་དེ་ནི་གོང་མའི་རྟེན་རྫས་ཚོ་ཕུལ། ཁོང་ཚོ་ཡ་ད་དེ་རུ་ཏོག་ཙམ་ལྷན་འཛོམས་གནང་ནས་ཞལ་མོལ་ཚོ་གནང་། དེ་ནི་གོང་མའི་ཨེ་བཀའ་དེ་ཚོ་ཡའི་ཡར་རྒྱུད་བསྒྲགས་དེ་ཚོ་གནང་བྱས་འདུག་ཟེར་རེད། འདི་ད་ལྟ་ལྷ་ཁང་འདིའི་ཐོག་ལའི་འདུག་ཟེར་ཞུ་གི་ཡོའོ་རེད། སྤྱིར་སོང་བ་དང་། འདི་པཎ་ཆེན་སྐུ་ཕྲེང་བདུན་པའི་སྐུ་དུས་ལ་འདུག་ཟེར་རེད།
  • དགེ་འདུན་པ།
    མདོར་བསྡུས་ན་ད་ལྷ་ཁང་རྒྱ་བསྐྱེད་མང་ཆེ་འདི་འདུག་ཟེར་བྱུང་བ་རེད། དེ་ནས་ད་རིམ་པས་འདུག་བཟོ་བྱས་ནས། ཨེ། པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་དུས་ལ། ད་༡༩༥༩ནང་ལ་སླེབས་དུས་ཙམ་པ། ད་བཀྲ་ཤིས་ལྷུན་པོའི་གདན་ས་འདི་ཐོག་མའི་རྗེ་དགེ་འདུན་གྲུབ་ཀྱི་ད་བཟོ་བསྐྲུན་དེ་འདྲས་གཅིག་ནས་མགོ་བཙུགས་ནས་ད་༡༩༥༩ནང་ལ་སླེབས་དུས་དགོན་པ་ཁྱོན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་འདི་ཨེ་ ཕིང་ཕང་༼རྒྱ་སྐད་ཀྱི་སྒྲ་༽ད་གང་ཟེར་པཱ། སྤྱི་ཁྲི་གྲུ་བཞི་མ་ཟེར་ཞུ་དགོས་པཱ།
  • དགེ་འདུན་པ།
    ད་དེ་ནི་ཁྲི་བདུན་བཅུ་ཙམ་ཅིག་༼ཞིག༽ཨོའོ་དེ་འདྲས་ཅིག་ཡོའོ་རེད། ཨའེ་ད་དགེ་འདུན་ནས་ཆ་བཞག་པ་ཡིན་ན། དགེ་འདུན་སུམ་སྟོང་བརྒྱད་བརྒྱའི་ཚད་གཞི་རེད་དེའི། སྐབས་དེ་དུས་ཙམ་པ་དགེ་འདུན་ཨེ་ད་ལྔ་སྟོང་བརྒལ་གྱི་འདུག དེ་བཞིན་གྱི་བླ་སྤྲུལ་ཁག་ད་བཅུ་གྲངས་ཡོའོ་རེད། དེ་ནས་གྲྭ་ཚང་གསུམ་གྱི་མཁན་པོ་ཨོའོ་འདུག་བཟོ་ཡོའོ་རེད།
  • དགེ་འདུན་པ།
    ད་བཀྲ་ཤིས་ལྷུན་པོའི་ལམ་ལུགས་ཐོག་ནས་ད་ཆོས་ཕྱོགས་དང་དེ་འདྲས་ཀྱི་ཐོག་ལ། ད་བཀའ་པོད་ཆེན་པོ་རྣམ་པ་ལྔ་ལ་སྦྱངས་བརྩོན་གནང་བ་དང་དེ་ནི་པཎ་ཆེན་སྐུ་ཕྲེང་ཨེ་ཆོས་ཀྱི་རྒྱན་མཚན་གྱི་སྐུ་དུས་ལ། སྔགས་པ་གྲྭ་ཚང་དེ་བྱུང་བ་རེད་ཡང་། སྔགས་པ་གྲྭ་ཚང་དེ་ཐོགས་མར་རྗེ་དགེ་འདུན་གྲུབ་་ཀྱི་ཨའེ། བཙུགས་་་་གནང་མེད་པ་རེད། དེ་ནི་རྗེས་ལ་ཡ་དེ་དུས་ཐུགས་རེ་ཏོག་ཙམ་མ་འགྲིག་པ་རེད། མ་ཡར་རུ་གྲ་སྒྲིག་ཅིག་གནང་གི་ཡོད་པ་འདྲ། ཨའེ་ད་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱན་མཚན་གྱི་སྐབས་དུས་ལ་དེ་ནི་སྔགས་པ་གྲྭ་ཚང་དེ་བཙུགས།
  • དགེ་འདུན་པ།
    སྔགས་པ་གྲྭ་ཚང་གི་ནང་ལ་དེ་ནི། དགེ་འདུན་སུམ་བརྒྱ་ཙམ་ཅིག་དེ་འདྲས་ཅིག་ཡ་རུ་བྱས། སྔགས་པ་གྲྭ་ཚང་ཡ་རུ་འདུག་ཟེར། དེ་ནས་བཀྲ་ཤིས་ལྷུན་པོའི་ནང་ལ་གྲྭ་ཚང་བཞི། བཞི་བརྩིས་པ་ཡིན་ན་སྔགས་པ་གྲྭ་ཚང་དེ་བརྩིས་ཀྱི་རེད། གཞན་རྩ་བའི་གྲྭ་ཚང་འདི་ད་གིན་ཞུས་པ་ནང་བཞིན་གྱི་ཤར་རྩེ་གྲྭ་ཚང་དང་།  ཐོས་བསམ་གླིང་གྲྭ་ཚང་། དཀྱིལ་ཁང་གྲྭ་ཚང་ཟེར་འདུག་ཟེར་བརྩིས་ཀྱི་རེད།
  • དགེ་འདུན་པ།
    དེ་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པོའི་སྐུ་དུས་ལ་ཡང་འདི་རུ་རྩེ་རྣམ་རྒྱལ་གྲྭ་ཚང་ཟེར་ཡས་ཅིག་འདུག་ཟེར་ཆགས་པ་རེད། འདི་ད་བཀྲ་ཤིས་ལྷུན་པོའི་ནང་རུ་མེད་པ་བྱས། ད་དགོན་པའི་ནང་རུ་དེ་གྲྭ་ཚང་དེ་སྐབས་དེ་དུས་དགོན་པའི་ནང་རུ་མེད་པ། ད་ཕོ་བྲང་ཀུན་ཁྱབ་གླིང་དང་བདེ་ཆེན་ཕོ་བྲང་ནང་རུ་ད་འདི་པཎ་ཆེན་རིན་པོ་ཆེ་གི་ད་གང་ཟེར་པཱ། ཕྱོགས་གྲྭ་བ་དང་དེ་འདྲས་ནང་བཞིན་ཅིག་བྱས་ནས་འདུག་ཟེར་རེད།
  • དགེ་འདུན་པ།
    བཙན་སྒོའི་དབུ་འོག་གྲྭ་ཚང་ཟེ་ཞུ་གི་ཡོའོ་རེད། ད་པཎ་ཆེན་རིན་པོ་ཆེ་ཕྱོགས་ཀུན་ལ་དེ་འདྲས་ཆིབས་རྒྱུན་གནང་བ་དང་དེ་འདྲའི་སྐབས་ལ་ད་ཕྱོགས་བཞི་བར་ལ་ཡར་སྐྱེར་ཡས་དང་དེ་འདྲས་ཀྱི་དེ་རེད། བྱས་བར་སོང་བ་དང་། འདི་དེ་འདྲས་ཅིག་ལེན་མཁན་ཡིན་པ་མ་ཟད། དེ་ནི་གཟིགས་མོ་ཆེན་མོ་ཟེར། བོད་ཟླ་བརྒྱད་པའི་ནང་ལ་དེ་ནི་ཨའེ་ཉི་མ་གསུམ་དེ་ནི་འཆམ་རྒྱབ་ཡས་དང་འདུག་བཟོ་དེ་ནི་སྟོན་མ་ཕབ་ཡས། འདུག་ཟེར་བྱེད་ཀྱི་ཡོའོ་རེད།
  • དགེ་འདུན་པ།
    འདིའི་ཕྱག་བཞེས་གནང་མཁན་དེ་བཙན་སྒོའི་གྲྭ་ཚང་གི་གནང་གི་ཡོའོ་རེད། ད་དགོས་གཏོར་གནང་མཁན་ཅིག་ཡོའོ་རེད་ཡང་། དགོས་གཏོར་གནང་ཡས་འདི་དེ་ནི་བོད་ཟླ་བཅུ་གཉིས་པའི་ནང་ལ་ཨ་ནི་འདིས་གནང་གི་ཡོའོ་རེད། སྔགས་པ་གྲྭ་ཚང་ནས། དེ་ནི་བོད་ཟླ་ལྔ་པའི་ནང་ལ་ཡང་གོས་སྐུ་འགྲེམས་སྤེལ་ཞུས་ཟེར། ད་ཡར་རུ་ད་ལྟ་གོས་སྐུ་ཟེར་བྱས་ནས་ཡིན་ན་མཐོ་ཚད་ལ་ཡ་ཀུང་ཁྲི་སུམ་ཅུ་ཙམ་ཅིག་འདུག་ཟེར་ཡོད།
  • དགེ་འདུན་པ།
    དེའི་ནང་ལ་ཡ་གོས་སྐུ་འགྲན་སྤེལ་གནང་ཡས་འདི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐབས་ལ་དེ་ནི་གོས་སྐུ་དེ་ཚོ་ཡར་གསར་བཞེངས་གནང་ཡས་དང་འདུག་ཟེར་གནང་ཡོའོ་རེད། དེ་ལ་བརྟེན་ནས་བོད་ཟླ་ལྔ་པའི་ནང་ལ་ད་ཉིན་གསུམ་བཀྲ་ཤིས་ལྷུན་པོའི་ད་ཆོས་ལུགས་ཀྱི་ད་དེ་ཚོ་འདི་རེད། ཆོས་ཕྱོགས་ཀྱི་མཛད་སྒོའི་དེ་འདྲས་རྣམ་གྲངས་ཀྱི་བཟོ་ལྟ་ཅིག་རེད།
  • དགེ་འདུན་པ།
    བཀྲ་ཤིས་ལྷུན་པོའི་སྤྱིར་སོང་བ་དང་། དེའི་ནང་ལ་ད་གོས་སྐུ་འགྲེམས་སྤེལ་འདི་བོད་ཟླ་ལྔ་པའི་ཚེས་བཅུ་བཞི་བཅོ་ལྔ་བཅོ་དྲུག་ཟེར་ཉིན་མ་གསུམ་ལ་གནང་། ཉིན་མ་གསུམ་ལ་གོས་སྐུ་འགྲེམས་སྤེལ་གནང་བ་དང་ཆབས་ཅིག་དེ་ནི་དགེ་འདུན་དེ་གས་དེ་ད་མར་རུ། སྔ་མ་ཡིན་ན། འཆམ་གཙང་ཁང་ཟེར་གྱི་ཡོའོ་རེད། དེང་སང་ཡིན་ན་ད་སྐྱིད་སྐྱིད་གནང་མཁན་མར་རུ་ཆིབས་རྒྱུན་གནང་བྱས། དེ་ནི་མར་ནས་ཡར་དེ་ནི་ཕྱག་མཆོད་དང་མཆོད་འབུལ་ཞུས་པ་དང་། ད་པཎ་ཆེན་རིན་པོ་ཆེ་དེ་རུ་ཨའེ་དགོན་པོར་བཞུགས་ཡས་ཁར་ཐུག་ལ་དེ་ནི་པཎ་ཆེན་རིན་པོ་ཆེ་བྱས་མར་གདན་འདྲེན་བཞུས། མར་ནས་ཡར་དེ་ནི་ཐོག་མའི་གནས་ཤར་དུ་སྤོ་འདུག་ཟེར་བྱེད་ཀྱི་རེད།
  • དགེ་འདུན་པ།
    ད་རེས་ད། ཨའེ། པན་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་གོས་སྐུ་གསར་བཞེངས་གཅིག་མཛད་ཡོའོ་རེད། ད་ལྟ་དེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོའི། ཨའེ། རྒྱལ་བ་ཤཀྱ་ཐུབ་པོའི་དེ་ནི་གོས་སྐུ་གཅིག་ད་ལོ་དེ་ནི། ཨའེ་ཁོང་དགུང་གྲངས་བཅུ་གསུམ་ལ་ཕེབས་པའི། ད་ཐ་མ་ཙམ་ཞིག་ཟེར་ན་དགུང་ལྐག་ཀྱི་འདི་གཙོ་བོ་དེ་རེད། ཁོང་གི་ད་གོས་སྐུ་གཅིག་ཡར་གསར་བཞེངས་གནང་ཡས་ཅིག་འདུག་ཟེར་གནང་སོང་། ད་ལོ་གནང་ནས་ཡར་རུ་ཉི་མ་དཀྱིལ་མ་དེ་རེད། ཚེས་པ་བཅོ་ལྔའི་གོས་སྐུ་དེ་ད་ལོ་ཡར་རུ་འགྲེམས་སྤེལ་གནང་། ཁོང་རང་གི་དེ་ནི་རབ་གནས་ཆེན་མོ་ཡའི་ཁོང་རང་གི་གནང་ཡས་དང་། སྦྱིན་བསྲེགས་གནང་ཡས་དང་དེ་ཚོ་འདུག་ཟེར་གནང་བྱས་འདུག་ཟེར་བྱུང་སོང་།
  • དགེ་འདུན་པ།
    དེ་བཞིན་གྱི་ད་ཁོང་གི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་དེ་ནི་མཛད་སྲོལ་ལྟར། སྔར་རྒྱུན་གྱི་མཛད་སྲོལ་ལྟར་ད་ཡར་ན་བྱམས་ཁང་གི་ཤར་དེ་རུ། ཨའེ། སྐལ་བཟང་གཟིམ་སྦུག་ཟེར་ད་ལྷ་ཁང་གཉིས་ཡོའོ་རེད། དེའི་ནང་ལ་ལྷ་ཁང་གཅིག་ལ་ད་བླ་མ་ལྷ་ཁང་ཟགས། དེའི་ནང་ལ་རྗེ་ཙོང་ཁ་པ་ཆེན་པོའི་སྣང་བརྙན་སྟོང་ཕྲག་གཅིག། ཡར་འདུག་བཟོ་བཞེངས་གནང་བྱས། འདུག་ཟེ་ཡིན་ད་ཡེ་ན་ལྷ་ཁང་གསར་པ་གཅིག་དང་། ཚུར་ཕྱོགས་དེ་རུ་འཇམ་དབྱངས་ལྷ་ཁང་ཟེར། ཡང་འཇམ། འཇམ་དབྱངས་རིགས་གསུམ་ཞུ་བའི་ལྷ་ཁང་གཅིག། དེ་ཚོ། གཉིས། ད་ལོ་དེ་ནི་པཎ་ཆེན་ཐམས་ཅད་མཁྱེན་པ་དེ་ནི་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་གྲུབ་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོས། དེ་ནི་འདུག་དེ་ཡར་ད་ལོ་འདུག་ཟེ་གསར་བཞེངས་མཛད་འདུག་ཟེར་བྱུང་སོང་།
  • དགེ་འདུན་པ།
    འདུག་ཟེར་བྱས་ནས་དེ་ཚོ་ལ་རབ་གནས་རྒྱས་པ་གནང་ཡས་དང་། གནས་གཟིགས་གང་གཟབ་གནང་ཡས། དེ་ཡང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ད་མཛད་སྲོལ་ལྟར་འདུག་བཟོ། ཁོང་གི་ཡའི་འདུག་ཟེར་གནང་བྱས་འདུག་ཟེར་བྱུང་སོང་། དེ་ནི་གཞན་དག་ད་འདུག་བཟོ། དེ་རུ་བཀྲ་ཤིས་ལྷུན་པོའི་ནང་ལ་གཞན་དག་གི་ད་ཆོ་འཕྲུལ་སྨོན་ལམ་ཟེར་ཡས་ཀྱི། དེ་འདྲས་ཅིག་གིས་ཡང་མཛད་སྒོ་གཅིག། མཛད་སྒོ་འདི་གང་པཱ་ཟེར་སོང་ན། ཟླ་བ་དང་པོའི་ནང་ལ། བོད་ཟླ་དང་པོའི་ནང་ལ་དེ་ནི། ཨའེ། ཆོ་འཕྲུལ་སྨོན་ལམ་ད་ཉིན་མོ་བཅོ་ལྔ། ཨའེ། ཚེས་གཅིག་གཉིས་གསུམ་དེ་གས་དེ་ལ་དེ་ནི་ཡར་འདི་བྱེད་ཀྱི་རེད།
  • དགེ་འདུན་པ།
    དགུང་གསར། རྒྱུན་གཏན་གྱི་དགུང་གསར། ལོ་གསར་ད་དེ་འདྲས་འདྲ་ཅིག་དང་འདུག་ཟེར་བྱས། ད་ཚེས་བཞི་དང་གསུམ་དེ་བར་ཡིན་ན་དེ་ནི། བཀའ་ཆེན་བཞེངས། མཚན་རྟགས། ད་ལྷ་སར་བྱས་ན་ལྷ་རམ་པ་བཞེངས་ཡས་དེ། ད་ང་རང་ཚོའི་བཀྲ་ཤིས་ལྷུན་པོའི་དེ་རུ། གཙང་གི་ཁུལ་ལ་ཟེར་ན། བཀའ་ཆེན་བཞེངས་ཟེ། ད་འདུག་ཟེ་ཡང་དེ་ཡ། ཨའེ། སྐལ་བཟང་ཁྱམ་རྭ་ཆེན་པོའི་ནང་ལ་ཡ་རུ། དེའི་ནང་ལ་འདུག་ཟེར་ཅིག་བཞངས་ཡས་ཀྱི་དེ་འདྲས་ཀྱི་ད་མཛད་སྒོ་བྱས།
  • དགེ་འདུན་པ།
    ད་ཚེས་ལྔ་ཉིན་དེ་ནི། དགོན་པོའི་ནང་ལོགས་ཀྱི་དར་ཆེན་དང་དགོན་པའོ་མཐའ་འཁོར་གྱི་དར་ཆེན། དེ་བཞིན་གྱི་ཕྱི་ཕྱོགས་ཀྱི་དགོན་པའི་ཁོངས་གཏོགས་ཀྱི་དེ་ནི། ཨའེ། སྐྱེ་བོ་ཐམས་ཅད་མཁྱེན་པའི་ཕོ་བྲང་ཡས་མས་ཀྱི་དར་ཆེན་དེ་ཚོ་ཡར་སྐུ་བཞེངས་ཞུས་པ་དང་ཆབས་ཅིག དེ་ནི་དེའི་ཉིན་མོ་དེ་དེ་ནི་སྔར་ཡ་རུ་གང་ཟེར། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དེ་ནི་ཆོ་འཕྲུལ་གྱི་མཛད་པ། དེ་དང་བསྟུན་ནས་ཆོ་འཕྲུལ་གི་དུས་ཚོད་ཡར་དུས་དྲན་བཞུས་ནས་ཆོ་འཕྲུལ་གྱི་ད་མཛད་སྒོ་དེ་ཚུགས་ཀྱི་རེད། འདི་ཚེས་པ་བཅོ་ལྔ་དུ་འདུག་ཟེ་བཀྲ་ཤིས་ལྷུན་པོའི་ནང་ལ་མཛད་སྒོ་དེ་འདྲས་གྲགས་བྱས།
  • དགེ་འདུན་པ།
    དེ་རྒྱུན་གཏན་གྱི་ད་བསླབ་པ་སློབ་གཉེར་་མཁན་གནང་མཁན་ཚོས་མཚན་ཉིད་གྲྭ་ཚང་ཟེར་མཁན་དེ་བསླབ་པ་སློབ་གཉེར་གནང་མཁན་རེད། གཞན་དག་གི་ད་ལྷ་ཁང་ཁག་དང་། དེ་གས་དེ་ལ་ལྷ་ཁང་ཁག་མང་པོ་ཡོའོ་རེད། ད་དེ་གས་དེ་ལ་དོ་དམ་གནང་མཁན་གྱི་ཞལ་གྲངས་དགེ་འདུན་པ་བརྒྱ་ཙམ་ཅིག གཞན་ཡང་སྐུ་གཟུགས་ཐུགས་རྟེན་ནས་མཚོན་པའི་དགོན་པའི་ནང་ལ་ད་རྩ་ཆེའི་རིག་དངོས་སྲུང་སྐྱོབ་བཞུ་མཁན་གྱི་དེ་ནི་རིག་རྩལ་བལྟ་མཁན་ཚོགས་ཆུང་དང་འདུག་ཟེར་བྱས་འདུག་ཟེར་ཡོའོ་རེད།
  • དགེ་འདུན་པ།
    ད་བཀྲ་ཤིས་ལྷུན་པོའི་ནང་ལ་རྩ་འཛུགས་ནས་ཆ་བཞག་པ་ཡིན་ན། དམངས་གཙོ་གཏང་མཁན་ཨོ་ཡུན་ལྷན་ཁང་དེ་རྩ་འཛུགས་མཐོ་ཤོས་ཅིག་རེད། དགོན་པོའི་ནང་རུ།༼དུ་༽དེ་དེའི་གཤམ་ལ་དེ་ནི་ཆོས་སྟོན་ཆོས་ཕྱོགས་ཀྱི་ལས་ཀ་གནང་ཡས་འདུག་ཟེ་བྱས། དེ་ནས་རིག་དངོས་བདག་གཉེར་དང་། གཞན་ཡང་གི་ད་བདེ་སྦྱག་ཟེར་ཡས་དང་དེ་འདྲས་ཀྱི་ད་ཚོགས་ཆུང་ཁག་ཅིག་ཁྱོན་བསྡོམས་པའི། དེའི་གཤམ་ལ་ལས་ཁུངས་ལྔ་ཙམ་ཅིག་ཡོའོ་རེད། 
  • དགེ་འདུན་པ།
    འདུག་ཟེར་རེད། ལགས་རེད། དེང་སང་དུས་སྐབས་བྱས་ན། དེ་ནི་ཨའེ་གཞན་དག་གི་ད་དགེ་འདུན་པའི་འཚོ་བ་དང་དེ་འདྲས་གང་ཅིའི་ཐད་ལ། དེང་སང་ད་ག་རེ་ཟེར་དགོས་རེད། ད་ཨའེ་སྤྱི་ཚོགས་ཀྱི་ཆ་རྐྱེན་དང་བལྟས་བ་ཡིན་ན། རྩེ་གྲ་རང་དེ་འདྲས་ཀྱི། འོས་སླངས་ཀྱི་དེ་འདྲས་ཀྱི་དེ་འདྲས་མེད་ཀྱང་། གང་ལྟར་ལྡང་ངེས་ཐུབ་ངེས་དང་ད་དེ་འདྲས་འདྲ་ཅིག་ཡོའོ་རེད།
  • དགེ་འདུན་པ།
    གཅིག་ནས་ཆོས་ལུགས་ཀྱི་ཡོང་འབབ་དང་། གཉིས་ནས་ད་དེའི་དེ་བར་དགོན་པ་རང་གིའི་ད་རང་ཁ་རང་གསོས་དང་ད་དེ་འདྲས་ཀྱི་ཐོག་ལ་ད་མཛད་ཕྱོགས། ཨའེ་མཛད་ཕྱོགས་སྲིད་ཇུས་གངས་རྒྱན་ཀུང་སེ་བཙུགས་ཡས་དང་། གངས་རྒྱན་ཀུང་སེ་བཙུགས་ཡས་དེའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོས་བཙུགས་པ་གནང་བ་རེད། སྤྱིར་སོང་བ་དང་དེ་འདྲས་ཀྱི་དགོན་པོའི་འཚོ་བའི་ཐོགས་དང་དེ་འདྲས་ཅིག་རེད། 
  • དགེ་འདུན་པ།
    དེ་བཞིན་གྱི་དགོན་པའི་ནང་ལ་ཡང་ཚོགས་ཆུང་འདི་ཡོའོ་རེད། སྨན་པ་ཚོགས་ཆུང་གཅིག། སྨན་པ་ཚོགས་ཆུང་དེ་ད་དགོན་པའི་ནང་ལ་ད་དགེ་འདུན་པའི་ད་ནད་གཞི་ལ་སྨན་བཅོས་གནང་བ་མ་ཟད། ད་སྤྱི་ཚོགས་ཀྱི་ཕན་བདེའི་ཐོགས་ལ་ཡ་གྲོང་གསེབ་དང་དེ་ནི་ལས་བྱེད་དང་། གཞན་དག་དེ་འདྲས་ད་སུ་ཡོང་ནའི་ད་མར་རུ་སྨན་བཅོས་བྱེད་ཡས་དེའི་ཐོགས་ལ་ཞེ་དྲག་གི་ད་ཁོང་ཚོའི་ནུས་པ་སྟོན་པ་གནང་། དེ་དམངས་གཙོ་བདག་གཉེར་གྱི་བཙུགས་པ་གནང་ང་རེད། སྨན་ཁང་དེ།
  • དགེ་འདུན་པ།
    སྤྱིར་སོང་བ་དང་དེའི་ཁོང་ཚོས་དེའི་ལས་མི་ཚོས་ཚོགས་ཆུང་དེ་ནུས་པ་དེ་ཧ་ཅང་གི་ཆེན་པོ་ཡོད་པ་རེད། དེ་བཞིན་གྱི་གཤམ་ལ་ད་པར་ཁང་། ཕྱག་དཔེ་པར་རྒྱབ་ཡས་དང་། ཡང་ལྷ་བྲིས་འབྲི་མཁན། ཐང་ག་འབྲི་མཁན་དེ་འདྲས་དང་། ཡང་པར་ཤིང་རྩབ་མཁན་དེ་འདྲས་དང་། གཞན་ཡང་ད་སློབ་གྲྭ་གཅིག་ཡའི་བཙུགས་བྱས་འདུག་ཟེར་ཡོའོ་རེད། སློབ་གྲྭ་དེའི་ད་གང་པཱ་ཟེར་སོང་ན། 
  • དགེ་འདུན་པ།
    ཨའེ། སྔ་མ་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ། ད་ང་རང་ཏོག་ཏོག་སྒང་ལ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་སྐུ་དུས་ནས་དེ་ནི་རྩེ་སློབ་གྲྭ་ཟེར་དེ་འདྲས་གཅིག་འདུག། འདིའི་ད་རྒྱུན་དེ་བསྐྱང་། ད་ལྟ་དགོན་པའི་ནང་ལ་ཡའི་སློབ་གྲྭ་བྱས་འདུག་ཟེར་རེད།
  • དགེ་འདུན་པ།
    དེ་དགོན་པོའི་ནང་ལ་ཆོས་བཞུགས་བྱེད་ཡས་ཀྱི་ཐོགས་ལའི་ཨ་ནི་མར་ནས་ཡར། གཅིག་ནས་མིའི་ཆོག་མཆན་རྒྱུད་དགོས་པ་དེ་གས་དེ་རྒྱུད། དེ་རྒྱུད་ཚར་རའི་རྗེས་ལ་དེ་ཡང་གཞི་ནས་སློབ་གྲྭ་དེའི་ནང་ལ་འཛུལ། སློབ་གྲྭ་དེའི་ནང་ལ་འཛུལ་ནས་ད་གྲྭ་བཞུགས་བྱེད་པའི་སྐབས་ལ། ཨའེ་དེ་ནི་ད་པུ་ཏི་གཅིག་ཙམ་ཅིག་ཡར་ཕྱག་དཔེ་ངག་ཟིན་གྱི་ཐོགས་ནས། ཡར་ངག་སྐྱོར་ཐུབ་པ།
  • དགེ་འདུན་པ།
     དེ་ནས་བོད་ཡིག་དགོས་པ། དེ་ནས་དག་ཡིག ཨའེ་དེ་གས་འདི་ཁྱོན་ཡར་རྒྱུགས་ཚད་ཀྱི་ཐོགས་ལ། དེ་གས་དེ་ལོང་པ་ཡིན་ན། ད་གྲྭ་སར་འཇུག་བྱས་འདུག་ཟེར་རེད། ད་ད་ལྟ་དགེ་འདུན་མ་ཞལ་གྲངས་ཁྱོན་བསྡོམས་པའི་བརྒྱད་བརྒྱ་ལྷག་ཙམ་ཅིག དགོན་པའི་ནང་ལ་འདུག་ཟེར་ཡོད་ཟེ། ད་གཞན་དག་ང་ལ་ཞེ་དྲག་གི་བཤད་ཡས་ཟེར་མི་འདུག
  • ཚེ་རིང་རྒྱལ་པོ
    འདི། ཕར་ནས། དེ་བྱམས་ཁང་རེད་རེད་པཱ་ལགས།
  • དགེ་འདུན་པ།
    ད་ཕ་གི་བྱམས་ཁང་རེད། བྱམས་ཁང་ཕ་གི་བཞེངས་ཡས་འདི་དུས་ཚོད་༡༩༡༤ནང་ལ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་ཆེན་པོས་ད་བཞེངས་པ་གནང་བ་རེད། བྱམས་ཁང་དེའི་སྐུ་ཚད་ལ་་ཡ་ད་ཀུང་ཁྲེ་ཉིས་ཤུ་རྩ་དྲུག་ལྷག་ཙམ་ཅིག་ཡོའོ་རེད། ད་ཁང་པའི་མཐོ་ཚད་ལ་ཡ་ཀུང་ཁྲེ་སུམ་བཅུ་ཙམ་ཡོའོ་རེད། འདི་སྐུ་རྒྱུ་དེ་གསེར་ཟངས་ལས་བསྒྲུབས་པ། ད་ཁོང་ལ་ཡ་ནམ་བཟའ་གཅིག་གྲོན་པ་ཡིན་ནའི་ཕལ་ཆེར། ད་ཀུང་ཁྲེ་ཉིས་སྟོང་ལྷག་ཙམ་ཅིག་འཕེལ་གྱི་ཡོའོ་རེད།
  • དགེ་འདུན་པ།
     ད་འདི་གསེར་ཟངས་འདི་དེང་དུས་འདུག་ཟེར་བལྟ་དུས། འཛམ་གླིང་གང་ལ་གསེར་ཟངས་ལས་བསྒྲུབས་པའི་སྣང་བརྙན། ད་གང་ཟེར་དགོས་པཱ། གྲགས་ཆེ་ཤོས་ཟེར་དགོས་རས། ད་ཚད་གཞི་མཐོ་ཤོས་ཅིག་ཡར། སྐུ་ཚད་མཐོ་ཤོས་ལ་ཡར་སླེབས་འདུག་ཟེ། དེ་འདྲས་ཅིག་རེད་ཟེར། ད་འདི་འདུག་ཟེར་གཅིག་རེད། བྱམས་ཁང་དེ།
  • ཚེ་རིང་རྒྱལ་པོ
    དེ་ནས་གདུང་། མཆོད་རྟེན་དེ་གས་གདུང་རྟེན།
  • དགེ་འདུན་པ།
    ཨ་ནི་དེ་ནས་གདུང་རྟེན་འདི་དབེན་སྡུམ་མཆོད་རྟེན་རེད་ལགས། དབེན་སྡུམ་མཆོད་རྟེན་ཞེས་པ་དེ། དེ་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པའི་སྐུ་དུས་ལ་ཡ། མཆོད་རྟེན་དེ་ཡར་བསྐྱོན་པ་གནང་འདུག། གཙོ་བོ་དེ། ད་འདི་གང་པཱ་ཟེར་སོང་ན། དགེ་འདུན་དབེན་སྡུམ་ཡས་ཀྱི་མཆོད་རྟེན། མཆོད་རྟེན་རྣམ་པ་བརྒྱད་ཡོའོ་རེད་པཱ། དེའི་ནང་ནས་དབེན་སྡུམ་མཆོད་རྟེན་ཟེར་འདུག་ཟེ། དེ་ནི་པཎ་ཆེན་བློ་བཟང་ཡི་ཤེས་ཀྱི་སྐུ་དུས་ལའི་ཡང་མཆོད་རྟེན་གཅིག་བསྐྱོན་པ་གནང་། འདུག་ཟེར་རེད། དབེན་སྡུམ་མཆོད་རྟེན་འདི་འདུག་ཟེ།
  • ཚེ་རིང་རྒྱལ་པོ
    དེ་ནས་འདི་པཎ་ཆེན་སྐུ་ཕྲེང་བཅུ་པའི་གདུང་རྟེན་རེད་པཱ་ལགས།
  • དགེ་འདུན་པ།
    ད་པཎ་ཆེན་སྐུ་ཕྲེང་བཅུ་པའི་གདུང་རྟེན་ད་ད་ལྟ་ཕ་ནས་ཚུར་བྱམས་ཁང་ནས་བརྩིས་པའི་རྒྱ་ཕིབས་དང་པོ་འདི། ད་པཎ་ཆེན་སྐུ་ཕྲེང་བཅུ་པའི་གདུང་རྟེན་རེད། འདི་དེ་ནི་༡༩༩༠ལོ་ལ་ཡ་བྱས། ད་དགུ་གསུམ་ལོ་ལ་ཡིན་པ། ཡིན་པ་ཡོད། དེ་འདྲས་ཅིག་ལ་ལེགས་བསྒྲུབ་བྱུང་། འདུག་ཟེར་རེད། དེའི་ནང་ལ་དེ་ནི་རྒྱལ་ཁབ་ནས་དེ་ནི་འགྲོ་དངུལ་དེ་ཚོ་སྟོང་ཕྲག་དྲུག་ལྷག་ཙམ་ཅིག་གཏང་གནང་ང་ཡོད། དེ་འདྲས་ཅིག་བྱས། ད་གདུང་རྟེན་དངོས་གཞི་གསེར་གདུང་ལས་བསྒྲུབས་པ། དེ་འདྲས་རེད།
  • ཚེ་རིང་རྒྱལ་པོ
    བྱམས་ཁང་དང་གདུང་རྟེན། སྐུ་ཕྲེང་བཅུ་པའི་གདུང་རྟེན་པར་ར་༼བར་དུ༽དེ་ག་རེ་རས་ལོའོ།
  • དགེ་འདུན་པ།
    པར་ར་༼བར་དུ༽འདི་ད་ཡང་རྣམ་རྒྱལ་ལྷ་ཁང་ཟེ། རྣམ་རྒྱལ་ལྷ་ཁང་འདི་ད་དེ་རེད། རྣམ་རྒྱལ་ལྷ་ཁང་དེའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པའི་སྐུ་དུས་ལ་ཡ་བཞེངས་པ་གནང་འདུག དེའི་ནང་ལ་ད་སྨན་འཇིམ་ལས་བསྒྲུབ་པའི། རྗེ་ཙོང་ཁ་པ་ཆེན་པོའི་སྣང་བརྙན། རྗེ་ཡབ་སྲས་གསུམ་བྱས་པ་ཅིག། བཞུགས་པ་ཅིག་དེ་འདྲས་ཅིག། བཞེངས་པ་གནང་ཡོའོ་རེད། དེའི་གཡས་གཡོན་ལ་དེ་ནི་ཡང་བྱམས་འཇམ་དབྱངས་གཉིས་བཞེངས་བྱས། ད་ལྷ་ཁང་གི་མཚན་ལ་རྣམ་རྒྱལ་ལྷ་ཁང་།
  • ཚེ་རིང་རྒྱལ་པོ
    དེ་ནས་དེའི་པར་ར་༼བར་དུ་༽འདི།
  • དགེ་འདུན་པ།
    ད་འདི། དཀར་པོ་ཡི་གི་རེད། དཀར་པོ་ཡི་གི་ད་འདི་རེད། ཀུན་གཟིགས་ཕོ་བྲང་། ད་ཡ་གི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་སྐུ་དུས་ལ་ཡ་བཞེངས་པ་གནང་བཞག སྐུ་ཕྲེང་བདུན་པའི་སྐུ་དུས་ལ་ཡ་གི་བཞེངས་པ་གནང་བ་མ་ཟད། ད་ཡ་གིའི་གང་ཡ་ན། དེ་ཅིག་ཡོའོ་རེད། ད་ལྟ་པིང་རྒྱན་ལ་གསེར་ཟངས་བསྐྱོན་པ་ཅིག་འདུག་གང་། རྣམ་བཅུ་དབང་ལྡན་གྱི། ད་ཡ་གི་འདོན་འཁོར་ལྷ་ཁང་ཟེ། ད་ཡ་གི་པཎ་ཆེན་སྐུ་ཕྲེང་དགུ་པ་ཆེན་པོས། དེ་ནི་ཡ་རུ་བཞེངས་པ་གནང་བ་དང་། དེའི་ནང་ལ་དུས་འཁོར་གྱི་ད་ཆོ་ག་གནང་མཁན་གྱི་ད་ལྷ་ཁང་། དཀྱིལ་འཁོར་བྲིས་བའི་སྡོམ་ཚོན་གྱི་དཀྱིལ་འཁོར་བསྐྱོན་པ་གནང་ཡས་ཀྱི་དེ་རེད།
  • ཚེ་རིང་རྒྱལ་པོ
    འདིའི་འོག་དེ། དམར་པོ་འདི།
  • དགེ་འདུན་པ།
    འདིའི་འོག་འདི། དམར་པོ་ཡོད་ས་འདི། ད་གིན་ངས་ཞུས་པའི་དེ་ནི་ཨའེ་དེ་རེད། རྒྱ་ནག་ལྷ་ཁང་ཟེ། ད་འདིའི་དེ་ནས་ཚུར་ལྷ་ཁང་དེ་ན་དམར་པོ་དེ་ན། བྱམས་ཁང་ནས་ཚུར་ཏོག་དི་བྱས་ནས། ད་དེ་དུ་རྦད་དེ་རྒྱུན་མཐུད་པ་ཡོའོ་རེད། བྱམས་ཁང་གི་ཕ་གི་སྐལ་བཟང་གཟིམ་ཁང་ད་གྱིན་ངས་ཞུས་བྱུང་ང་འདི་བྱས། ཉམས་གསོ་སྐུ་ཕྲེང་བཅུ་གཅིག་པའི་ཐོག་ལ་དེ་ནི་ལྷ་ཁང་གཉིས་བཞེངས་པ་རེད་ཟེར། ཞུས་བྱུང་ང་། འདི་བྱས། ད་དེ་ནས་ཚུར་རྒྱ་ནག་ལྷ་ཁང་བྱས། དེ་ནས་ཚུར་ད་ད་ལྟའི་ཀུན་གཟིགས་ཀྱི་ལྷ། ཕོ་བྲང་གི་མདུན་ཕྱོགས་ཡ་གི་རྒྱ་ཕིབས་ཏོག་ཏོག་བྱས་པ་ཡ་གི། དགའ་ལྡན་ལྷ་ཁང་ཟེར། དགའ་ལྡན་ལྷ་ཁང་།
  • དགེ་འདུན་པ།
    ད་ཚུར་ཕྱོགས་འདི། དེ་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པའི་སྐུ་གདུང་། ད་ལྟ་སྐུ་ཕྲེང་བཞི་པའི་སྐུ་གདུང་བཞུགས་ཡོད། སྔོན་མ་ལྔ་པའི་གི་ཅི་བཞུགས་ས་ཡ་གི་རེད། ད་རྗེས་ལ་ཡ་ཉམས་གསོ་བཞུས་བྱས། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པའི་སྐུ་གདུང་དེའི་ནང་ལ་གདན་འདྲེན་བཞུས་ཡོའོ་རེད། ད་དེའི་མདུན་ཕྱོགས་དེ་གཡུ་ལོ་སྒྲོན་མ་ལྷ་ཁང་དང་ཟེ། ཡང་ལྷ་ཁང་དམར་པོ་ཐོག་བརྩེགས་དམའ་བ་དེ་གས་དེ། གཡུ་ལོ་སྒྲོན་མ་ལྷ་ཁང་དང་། ལྷོ་བྲག་ཕྱག་རྡོར། ལྷོ་བྲག་ཕྱག་རྡོར་ཟེར་ཡས་དེ་ཡང་། ཨའེ་ལྷོ་བྲག་ནམ་མཁའ་རྒྱན་མཚན་གྱི་ཐུགས་དམ་རྟེན་ཕྱག་ན་རྡོ་རྗེ་གཅིག། ད་བྱིན་རླབས་ཧ་ཅང་ཚང་ག་ཆེན་པོ་ཅིག་བཞུགས་ཡོའོ་རེད། དེ་འདིའི་ནང་ལོག་ལ་བཞུགས་ཡོའོ་རེད། དེ་རེད།
  • དགེ་འདུན་པ།
    ད་ཚུར་ཕྱོགས་འདི་ནི། ཁང་པ་དཀར་པོ་དེ་ད་པཎ་ཆེན་རིན་པོ་ཆེ་གི། ཨའེ་བཞུགས་ས་ཕོ་བྲང་ཨའེ་ད་བླ་བྲང་། སྔོན་མ་ཟེར་ན་ཕོ་བྲང་རྒྱན་མཚན་མཐོན་པོ་ཟེར་ད་དེ་རུ། དེ་གས་རེད། ཕོ་བྲང་རྒྱན་མཚན་མཐོན་པོ། ད་དེང་སང་ཟེར་ན་བླ་བྲང་བླ་བྲང་ཞུས་སོང་ན། ད་དེ་རུ། ད་ཚུར་ཕྱོགས་འདི་བཀྲ་ཤིས་རྣམ་རྒྱལ། རྒྱ་ཕིབས་ཆེའེ་དེ། ད་ཤར་གྱི། ཤར་ངོས་ཕྱོགས་རྒྱ་ཕིབས་མཐོ་བ་འདི། བཀྲ་ཤིས་རྣམ་རྒྱལ་འདི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོའི་དེ་ནི་ཡར་དེ་རུ་བསྐྱར་བཞེངས་གནང་བ་རེད། དེའི་ནང་ལ་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དེ་ནི་དགུ་པའི་བར་གྱི་སྐུ་གདུང་ལྷན་བཞུགས་གཅིག་བསྡུས་ཀྱི་ད་དེ་རུ་བཞུགས་ཡོའོ་རེད།
  • དགེ་འདུན་པ།
    དེའེ། ད་བར་སྐབས་ཅིག་གི་ནང་ལ་ཏད་ཙེ་གཏོར་བཤིག་བྱུང་བ་རེད་པཱ། གཏོར་བཤིག་བྱུང་བའི་སྐུ་གདུང་དེ་གས་དེ་ཕྱོགས་བསྡུས་གཅིག་གནང་བྱས། ད་དེ་རུ་ཡ་ཨའེ་རྒྱལ་ཁབ་ལའི་སྙན་སེང་བཞུས་བྱས། ཁོང་གི་ད་དེ་བཞེངས་པ་གནང་བ་རེད། འདུག་ཟེར་རེད།
  • ཚེ་རིང་རྒྱལ་པོ
    ལོའོ་སོ། འདིའི་འོག་འདི།
  • དགེ་འདུན་པ།
    དེའི་འོག་དེའོ་ད་ཚོགས་ཆེན་འདུ་ཁང་གི་ད་གྱིན་ངས་ཞུས་པའི་བྱམས་ཁང་། ཚོགས་ཆེན་འདུ་ཁང་ནང་ལ་ཡོད་པའི་འདིའི་རྒྱ་རྒྱུད་དེ་ད་ཚོགས་ཆེན་འདུ་ཁང་རེད། ཚོགས་ཆེན་འདུ་ཁང་ནང་ལ་བྱམས་ཁང་འདི་ལ་སྒྲོན་པའི་རྒྱ་ཕིབས་དེ་རེད། ད་དེའི་ཕར་ཕྱོགས་དེ་ན་ཡང་། རྒྱ་ཕིབས་ཆེའེ་གཅིག་ཡོའོ་རེད།
  • དགེ་འདུན་པ།
    ཨོའོ་ཡེ་ན་རྒྱ་ཕིབས་ཆུང་ང་གཅིག་འདུག་གང་། ཏོག་ཏོག་གཅིག་ཡོའོ་རེད། ཨོའོ་འདི་རེད་ད་ད་ལྟ་བྱམས་་ཁང་འདི། ད་རྒྱ་ཕིབས་ཆེ་བ་གཅིག་འདུག་གང་། ཆེ་བ་འདི་མར་ན། ད་ད་གྱིན་རྗེ་དགེ་འདུན་གྲུན་ཀྱི་དེ་ནི་ཐུབ་དབང་རིན་པོ་ཆེ་གཅིག་བཞེངས་གནང་། དེའི་གཙང་ཁང་ཞུ་ཡས་གཅིག་ཡོའོ་རེད་པཱ། དེ་རུ། གཙུག་ལག་ཁང་འདི་ལ་ཡ་བསྐྱོན་པའི་དེ་ནི་རྒྱ་ཕིབས་རེད།
  • དགེ་འདུན་པ།
    གཙུག་ལག་ཁང་དེའི་སྟེང་རུ་༼དུ་༽ད་ལྟ་དེ་ནི་ཨའེ་དེ་གཅིག་ཡོའོ་རེད། ལྷ་ཁང་གཅིག། ཨའེ་དེ་ནི་གནས་བཅུ་ལྷ་ཁང་། གནས་བརྟན་བཅུ་དྲུག་གི་ལྷ་ཁང་གཅིག། ཨོའོ་དེའི་ཡང་སྟེང་ལ་རྒྱ་ཕིབས་ཡེ་གི་སྒྲོན་ཡོའོ་རེད། ལགས་རེད། ད་དེ་ནས་ཚུར་བཀའ་འགྱུར་ལྷ་ཁང་རེད། བཀའ་འགྱུར་ལྷ་ཁང་དང་། དེ་ནི་འོག་ཡ་ན་བླ་མེད་ལྷ་ཁང་དང་། ལམ་རིམ་ལྷ་ཁང་དང་། དེ་ནི་གནས་བཅུ་ལྷ་ཁང་དང་། དེ་ནི་ཇོ་ཁང་དང་། དེ་འདྲས་ལྷ་ཁང་ཧ་ཅང་མང་པོ་ཅིག་ཡོའོ་རེད། དེ་འདྲས་ཅིག་རེད།
  • ཚེ་རིང་རྒྱལ་པོ
    སྔགས་པ་གྲྭ་ཚང་དེ་རྒྱབ་ལོགས་ཕར་ཡོའོ་རེད་པས།
  • དགེ་འདུན་པ།
    ད་སྔགས་པ་གྲྭ་ཚང་དེ་ཨའེ། བླ་བྲང་གི་སྐུ་རྒྱབ་ཡ་རང་རང་ལ་འཁེལ་གྱི་རེད།
  • ཚེ་རིང་རྒྱལ་པོ
    བླ་བྲང་གིཨི་སྐུ་རྒྱབ་ལ་ལའ།
  • དགེ་འདུན་པ།
    བླ་བྲང་གི་སྐུ་རྒྱབ་ལ་ཏག་ཏག་འཁེལ་གྱི་རེད། ད་དེ་ཡེ་ནས་ཡར་འདུག་ཟེར་ཆིབས་རྒྱུན་གནང་ན་མ་གཏོགས་ཡང་གཟུགས་ཐུབ་ཀྱི་མ་རེད།
  • ཚེ་རིང་རྒྱལ་པོ
    ལགས་རེད། ཤར་བརྩེ་གྲྭ་ཚང་དེ།
  • དགེ་འདུན་པ།
    ད་ཤར་བརྩེ་གྲྭ་ཚང་དེ་ད་ལྟ་ཕ་ན། སྔོ་གསིང་གསིང་འདྲ་ཅིག་འདུག་གང་། ཨོང་། ཕ་གིའི། ཕ་གིའི་ཁར་ཐུག། ངོས་ཕྱོགས་དེ་སྔོ་གསིང་གསིང་ཡོད་ས་དེ་གས་དེ་ད་དེ་རེད། ཆོས་ར་ཚོགས་ས་དེ། ཆོས་ར་ཚོགས་ས་དེ་བྱས། དེའི་ད་ནུབ་ཕྱོགས་དེ་རུ་ཤར་བརྩེ་གྲྭ་ཚང་ཟེར་ད། ཡང་། ད་གང་ཟེར་པཱ་ད་དེ་ནས་ཨའེ་ཕྱི་ལ་གྲགས་ཆེན་པོ་ཞེ་པོ་ཅིག་ཡོའོ་རེད་ད། སྐབས་དེ་དུས། ད་ད་ལྟ་ཏོག་ཙམ་ཉམས་བྱས། ད་གཞུག་མ་དེ་ང་ཚོས་ཉམས་གསོ་བཞུ་ཡས་ཀྱི་ཐོག་ལ། གྲ་སྒྲིག་ཏོག་ཙམ་ཡོའོ་རེད། ཨོའོ་འདུག་ཟེར་ཅིག་རེད།
  • དགེ་འདུན་པ།
    ད་འདིའི་ད་ལྟ་ཡེ་ན་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་འདུག་གང་། འདིའི་རྒྱབ་ཕྱོགས་དེ་རུ་དེ་ནི་ཐོས་བསམ་གླིང་གྲྭ་ཚང་ཟེར། ད་གྲྭ་ཚང་མདོག་ཉེ་ད་ལྟ་ཉམས་གསོ་བཞུ་རྒྱུ་རེད། ད་ད་ལྟ་ང་ཚོས་ཉམས་གསོ་བཞུ་ཡས་ཀྱི་གྲ་སྒྲིག་ཏོག་ཙམ་བཞུ་ཡས་ཀྱི་ཅིག་བཞུ་གི་ཡོའོ་རེད།
  • ཚེ་རིང་རྒྱལ་པོ
    འདི་སྐྱེས་ཁང་གྲྭ་ཚང་རེད་པཱ།
  • དགེ་འདུན་པ།
    ད་འདི་དཀྱིལ་ཁང་གྲྭ་ཚང་རེད། སྔར་མ་གྲྭ་ཚང་གསུམ་འདུག་ཟེར་རེད། དེ་ནི་གཅིག་དེ་ཚོ་ད་ཁང་པ་དཀར་པོ་དང་བྱས་མང་པོ་ཡོའོ་རེད། ཁང་མཐོ་ཚད་ཆ་སྙོམས་བྱས་ན་ཐོག་བརྩེགས་གསུམ་ལ་རྩིས་ན་འགྲིག་གི་ཡོའོ་རེད། གཞན་ཐོག་བརྩེགས་བཞི་ཙམ། ལྔ་ཙམ། དེ་འདྲས་གང་ཡའི་ཡོའོ་རེད་པཱ། ད་དེ་ཚོ་མི་ཚན། སྔ་མ་ཡིན་ན་མི་ཚན་་དྲུག་བཅུ་ཙམ་ཞིག་ཡོའོ་རེད། གྲྭ་ཚང་གི་གཤམ་ལ་མི་ཚན་རེད། དེ་མི་ཚན་་དྲུག་བཅུ་བྱས། ད་མི་ཚན་སོ་སོའོ་ནང་ལ་ཡང་ཁང་པ་སྤྱི་ཁང་དེ་འདྲས། མི་ཚན་རང་འགའ་ལ། ཨའེ། གཉིས་ཙམ་གསུམ་ཙམ། རང་འགའ་ཡང་ལྔ་ཙམ་དེ་འདྲས་ཡོང་མཁན་ཡའི་ཡོའོ་རེད།
  • དགེ་འདུན་པ།
    དེ་ཚོ་ལ་དེ་ནི་དགེ་འདུན་མ་བཞུགས་སའི་གྲྭ་ཤག་རྐྱང་རེད། མི་ཚན་དེ་རུ་ད་མི་ཚན་རང་འགའ་ལ་དགེ་འདུན་མ་ད་དེ་ཙམ་ཞིག་ཡོའོ་རེད། ཨའེ། བཞི་བཅུ་ལྔ་བཅུ་ཡོང་མཁན་ཡའི་ཡོའོ་རེད། རང་འགའ་ལ་ཡང་བརྒྱ་ལྷག་ཡོང་མཁན་ཡོའོ་རེད། དེ་འདྲས་རེད། ད་གྲྭ་ཚང་ལ་ཆ་བཞག་ན། ཐོས་བསམ་གླིང་གྲྭ་ཚང་ཆེ་ཤོས་རེད། ཐོས་བསམ་གླིང་གྲྭ་ཚང་ལ་ཕལ་ཆེར་མིན་པ། ༡༨༥༠ཨའེ། ༥༩ནང་ལ་ཨའེ་སྟོང་ཕྲག་གཉིས་ཟིན་གྱི་འདུག་ཟེར་སོང་། དེ་ནི་དཀྱིལ་ཁང་གྲྭ་ཚང་ལ་སྟོང་ཕྲག་གཅིག་ལྷག་ཙམ་ཅིག་ཡོའོ་རེད། ཤར་རྩེ་གྲྭ་ཚང་ལ་སྟོང་ཕྲག་ཡས་མད་ཅིག་རེད་ད་ཟིན་མ་ཟིན་རབ་དེ་འདྲས་འདྲ་ཅིག་དགེ་འདུན་ཞལ་གྲངས་སྐབས་དེ་དུས་དེ་འདྲས་ཅིག་རེད།
  • ཚེ་རིང་རྒྱལ་པོ
    ལགས་སོ་ལགས་སོ། ཐུགས་ཆེ་གནང་། ཡག་པོ་ཞེ་པོ་ཅིག་བྱུང་སོང་། ཐུགས་ཆེ། ཐུགས་ཆེ།