Video Overview
This video is an explanation of programs at National Institute for Zorig Chusum (the thirteen Bhutanese arts and crafts). The programs took six years to finish initially, but now can be done in five years. In the first years of training, students complete simple work such as creating a Buddha with simple gestures and without anything in his hands. As students reach the end of the program, the work becomes more complicated. Students also learn Dzongkha, as their work depends on Dzongkha scriptures. They also learn computer skills and other co-curricular activities that are intended to help their future careers. Dawa Penjor, an instructor at the institute, shared the information.
གློག་བརྙན་འདི་ བཟོ་རིག་བཅུ་གསུམ་སློབ་སྦྱོང་སྤེལ་ཁང་ནང་ བཟོ་རིགས་ལག་ལན་གྱི་ སློབ་སྦྱོང་གི་སྐོར་ལས་ཨིནམ་ད་ ཧེ་མ་འབད་བ་ཅིན་ སློབ་སྦྱོང་འདི་ ལོ་ངོ་དྲུག་གི་རིང་འབདཝ་ཨིན་རུང་ ད་རེས་ནངས་པ་ མར་ཕབ་རྐྱབ་སྟེ་ ལོ་ངོ་ལྔ་སྦེ་བཟོ་ནུག། ལོ་ངོ་དང་པའི་ནང་ སློབ་ཕྲུག་ཚུ་ལུ་ ལཱ་འཇམ་སུ་འཚམས་ དཔེར་ན་ སངས་རྒྱས་ཀྱི་སྐུ་འདྲ་ རྒྱན་ཆ་ལེ་ཤ་བཏགས་ཏེ་ བཟོ་མ་དགོ་མི་ཚུ་ སྦྱང་བ་བཏང་བཅུག་དོ་ཡོདཔ་ད་ སྦྱོང་བརྡར་གྱི་ལས་རིམ་འདི་ མཇུག་བསྡུ་ཚར་བའི་བསྒང་ལས་ སྐུ་བཞེངས་ནི་ཚུ་ ལེགས་ཤོམ་སྦེ་འབད་ཚུགསཔ་ཨིན་མས། སློབ་ཕྲུག་ཚུ་གིས་ སློབ་སྦྱོང་སྤེལ་ཁང་ནང་ བཟོ་རིག་ལག་ལན་རྐྱངམ་ཅིག་གིས་མ་དོ་བར་ བཟོ་རིག་གི་ལཱ་འབད་བའི་སྐབས་སུ་ ནང་པའི་སློབ་སྦྱོང་ཡང་དགོཔ་ལས་ རྫོང་ཁའི་སློབ་སྦྱོང་ཚུ་ཡང་འབད་ནི་འདུག། ད་རུང་ ཁོང་གིས་ གློག་རིག་གི་རིག་རྩལ་དང་ ཀུན་ཚང་ཤེས་ཡོན་གྱི་སློབ་སྦྱོང་དང་ ཁོང་རའི་ མ་འོངས་པའི་ནང་ ཁག་ཆེ་བའི་ལཱ་འདི་ཚུ་ལྷབ་ནི་ཡོདཔ་ད་ ལོ་རྒྱུས་འདི་ གཙུག་སྡེ་འདིའི་སློབ་སྟོན་པ་ ཟླ་བ་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།
- Thim Throm
- Throm
- Thimphu
- ཟླ་བ་དཔལ་འབྱོར་ལགས་སོ་ལགས། སྐུ་གཟུགས་བཟང་པོ་ཟེར་ཞུ་གེ་ལགས་དང་པ་རང་ ད་ང་གིས་འཇིམ་བཟོ་གི་སྐོར་ལས་ མདོར་བསྡུས་ཅིག་ཞུ་བ་ཅིན་ལགས། ཏེ་མ་པ་ང་བཅས་འཇིམ་བཟོ་གི་འདི་ནང་ལུ་ ཁོང་སློབ་སྦྱོང་གི་དུས་ཚོད་འབད་བ་ཅིན་ ཏེ་ད་སྔོན་མ་འབད་བ་ཅིན་ ལོ་ངོ་དྲུག་གི་བརྩི་ཨིན་ཟེར་ཞུ་གེ་ལགས།
- ཟླ་བ་དཔལ་འབྱོར་ཏེ་ད་ལོ་ངོ་ལྔ་གུ་ཕབ་སྟེ་གིས་ ང་བཅས་ཀྱི་ལོ་གཉིས་དེ་ཅིག་འགྱོ་དོ་ལགས་ དུས་ཅི་ལས་འགོ་བཙུགས་ཏེ་གིས་(དུས་ཅི་འབདཝ་ད་)ལགས། ཏེ་འ་ནཱི་འབདཝ་ད་ ཁོང་གིས་ལོ་ངོ་དང་པ་ནང་འབད་བ་ཅིན་ ང་བཅས་ཀྱིས་ ཁོང་གིས་ལྷབ་ནི་གི་འདི་ ཏེ་ང་བཅས་མར་སངས་རྒྱས་འཇམ་ཙམ་ཅིག་གུ་ལས་འབད་ འགོ་བཙུགས་ཏེ་གིས་འབད་ སངས་རྒྱས་ དེ་ལས་སངས་རྒྱས་ཤུལ་བདའ་སྟེ་གིས་ རྗེ་བཙུན་སྒྲོལ་མ་འདི་ཚུ།
- ཟླ་བ་དཔལ་འབྱོར་དེ་ལས་ཕྱག་རྡོར་འདི་ཚུ་ དེ་ལས་ཁྲོས་མ་ མར་ལས་ཁོང་ར་གི་ ཏེ་ ནཱ་གི་སྡེ་ཚན་དང་འཁྲིལ་ཡི་འཁྲིལ་ཡི་འབད་ལགས། སྡེ་ཚན་ཡར་སྤོ་འགྱོ་ཡི་འགྱོ་ཡི་ ཨ་ཙི་ལཱ་ཁག་དྲག་ཁག་དྲག་སྦེ་ ཡུདཔ་ཅིག་ ཏེ་ཡར་བཅུ་གཅིག་ཞལ་ ཕུརཔ་ ཏེ་མཇུག་འདི་ ང་བཅས་བཅུ་གཅིག་ཞལ་དང་ ཏེ་སངས་རྒྱས་ཀྱི་རྒྱན་དྲུག་གུ་ལས་འབད་མཇུག་བསྡུ་སྦེ་ལགས།
- ཟླ་བ་དཔལ་འབྱོར་ཏེ་ང་བཅས་ཨ་ནཱི་འཇིམ་བཟོ་པའི་ལཱ་འདི་འབད་བའི་སྐབས་སུ་ལུ་ཡང་ རྒྱུ་ཆ་འདི་ཡང་ ངོ་མ་གཅིགཔོ་འདི་ ང་བཅས་ཀྱི་ ཏེ་ས་གི་ཨིན་ལགས། ས་དང་གཅིག་ཁ་ལུ་ ང་བཅས་གཞན་གནམ་མེད་ས་མེད་ག་ཅི་ཡང་སླ་བསྲེ་ནི་མེད་ལགས།
- ཟླ་བ་དཔལ་འབྱོར་ཏེ་ས་དང་གཅིག་ཁར་ ང་བཅས་ཀྱི་འབྲུག་པའི་གི་འདེལ་ཤོག་ལགས། ཏེ་འ་ནཱི་འབྲུག་ཤོག་ཟེར་ ས་དང་གཅིག་ཁར་ འ་ནཱི་སླ་བསྲེ་ཞིན་ན་བརྡུང་དགོཔ་ཨིན་ལགས་ང་བཅས་ ཏེ་ས་འདི་ཡང་ད་ལྟོ་འབད་བ་ཅིན་ ཏེ་ང་བཅས་ལེན་སའི་ས་གོ་འདི་ མར་དགེ་འདུ་ལས་ལེན་དོ་ལགས།
- ཟླ་བ་དཔལ་འབྱོར་ཏེ་མར་ལས་སྦེ་བརྐོ་ ནཱ་འབག་འོང་ ཏེ་དེ་ལས་ཁོང་ནཱ་ས་དང་འདེལ་ཤོག་དང་གཅིག་ཁར་སླ་བསྲེ་ གཅིག་ཁར་བརྡུང་ཞིན་ན་ ཏེ་དེ་ལས་འ་ནཱི་སྦེ་མར་ལས་ ཧེ་མ་རང་ནང་ན་གི་ Basic (གཞི་) ཧེ་མ་རང་ མར་སྐུ་གི་བཞུགས་གདན་མར་གྱི་པདྨོ་འདི་ ཧེ་མ་རང་པདྨོ་འདི་བཟོ་དགོ་ལགས།
- ཟླ་བ་དཔལ་འབྱོར་ཏེ་མར་ལས་མེ་ཏོག་པདྨོ་འདི་ མར་ལས་ shape (དབྱིབས་) སྦེ་བཟོ་འབད་ཞིན་ན་ ཏེ་འ་ནཱི་གི་ཐོག་ཁ་ལས་འབད་ ཏེ་ཡར་སྐུ་གི་སྐུ་གཟུག་འདི་ཚུ་ཐོན་ཏེ་ འ་ནཱི་སྦེ་བཟོཝ་ཨིན་ ཟེར་ཞུ་གེ་ལགས།
- ཟླ་བ་དཔལ་འབྱོར་ཏེ་ འདི་བཟོ་བའི་སྐབས་སུ་ལུ་ཡང་ ང་བཅས་ཀྱི་ཨ་ནཱི་སྐུ་བཟོ་ནི་གི་དོན་ལས་ང་བཅས་ ཏེ་འཕྲུལ་ཆས་དང་ ཨ་ནཱི་བཟུམ་གྱི་ཅ་ལ་ཡང་ ག་ནི་ཡང་མེད་ལགས། ཏེ་ང་བཅས་ར་གི་ཁོང་གི་བཟོ་ཆ་འདི་ཚུ་ཡང་ ཤིང་གིས་འབད་བཟོ་སྟེ་ལགས་ ཏེ་ཤིང་འདི་ཡང་ ང་བཅས་ལ་ཁ་མཐོ་ས་ལས་ཕར་འཚོལ་ གྱིབ་ཤིང་ཟེར་ཅིག་ཡོདཔ་ཨིན།
- ཟླ་བ་དཔལ་འབྱོར་འ་ནཱི་དགོ་ལགས་ ཤིང་འདི་ ཏེ་འ་ནཱི་ལུ་ང་བཅས་ཀྱིས་ དེད་དཔེ་ཟེར་ ཏེ་དེད་དཔེ་ཡང་ཨ་ཙི་ཁག་མ་འདྲཝ་ ལྷོདཔ་ཅིག་གསུམ་བཞི་ལྔ་ཅིག་ཡོད་ལགས་ ཏེ་བཟོ་བའི་སྐབས་སུ་ལུ་ཡང་ང་བཅས་ གཅིག་ཧོང་ཐུག་ལས་ཨ་ཙི་ལེབ་ཏེ་ཏེ་འབད་བཟོ་ ཏེ་འ་ནཱི་ཕར་[ཐག་ཐ་?]ཡོད་ས་ལས་ཕར་ ཁོ་ལེབ་ཏེག་ཏེ་གིས་འབད་བཟོ་དགོཔ་ཨིན་ལགས།
- ཟླ་བ་དཔལ་འབྱོར་ཏེ་གཅིག་ཧོང་ཐུག་ལས་ ང་བཅས་འ་ནཱི་ སྦོ་རིལ་རི་འབད་བཟོ་དགོ་བ་ལགས་ ཏེ་འ་ནཱི་ལུ་སྦོ་རིལམོ་ཟེར་ ཏེ་ཨ་ནཱི་སྦོ་རིལམོ་འདི་ང་བཅས་ཨ་ནཱི་ གཟུགས་འབད་རུང་ ན་བཟའ་འབད་རུང་ སྙན་ཁུག་ཡོད་ས་གི་ས་ཁ་ལས་ཕར་ འ་ནཱི་སྦོ་རིལམོ་འདི་ལག་ལེན་འཐབ་ཨིན་ལགས།
- ཟླ་བ་དཔལ་འབྱོར་ཏེ་ཨ་ཙི་ཅིག་ཕར་ནང་ན་གཏིང་སྦོམ་སྦེ་རང་ཤུགས་ཡོད་པའི་གྲས་ཁར་འབད་བ་ཅིན་ ཏེ་ ད་ཅི་གི་འདི་མི་བཏུབ་ལགས། འ་ནཱི་བསྒང་ལས་ང་བཅས་ ཨ་ཙི་རྟ་རྨིག་ཟེར་བའི་བསྒང་ལས་ དེད་དཔེ་གི་སྤྱི་ཏོག་འདི་ཚུ་ཡང་ ཨ་ཙི་ཅིག་སྐེདཔ་ཡར་བཅག་སུ་ཅིག་འབད་ལགས་ ཏེ་འ་ནཱི་ གི་ཁུག་ནང་ན་གཏིང་འདི་ཚུ་བདའ་ཟུན་མས་བ་ལགས་ འ་ནཱི་གིས་ལགས།
- ཟླ་བ་དཔལ་འབྱོར་ཏེ་མ་པ་བཟོ་ཐངས་འདི་ འདི་ཡང་མ་པ་ད་ཅི་གི་དང་ཅོག་རང་འཐད་ལགས་ གཅིག་ཧོང་ཐུག་གི་ཨ་ཙི་ལེབ་ཏེག་ཏེ་འབད་ གཅིག་ཧོང་ཐུག་གི་ཨ་ཙི་སྦོ་རིལ་རི་འབད་ དེ་འབདཝ་ད་ཨ་ཙི་ཅིག་སྐེདཔ་བཅག་སུ་ཅིག་དང་ ཕར་ཕྲང་སུ་ཅིག་ འ་ནཱི་གི་ཁྱད་པར་ཨ་ཙི་ཅིག་ཡོད་ལགས་བར་ན་ལུ།
- ཟླ་བ་དཔལ་འབྱོར་ཏེ་འ་ནཱི་གི་བཟོ་རྣམ་འདི་འབད་བ་ཅིན་ ཏེ་འ་ནཱི་རྟ་རྨིག་ཟེར་ འ་ནཱི་སྦེ་འོངམ་ཨིན་ལགས་ འ་ནཱི་སྦེ་འོང་ལགས་ ཨ་ཙི་shape (དབྱིབས་) འདི་ ད་ཅི་གི་འདི་ཕར་དང་ཚུར་རིངམོ་འབད་ ད་ལྟོ་གི་ཨ་ཙི་ཅིག་བཀུག་སུ་ཅིག་འབད་ལགས། དེ་ལས་འ་ནཱི་གུ་ལས་ང་བཅས་ཀྱི་ཨ་ནཱི་ compass (སྒོར་ཐིག་ཚད་ཤིང་) ང་བཅས་ཚད་བཀལ་ནི་གི་ སྔོན་མ་འབད་བ་ཅིན་ང་བཅས་ སྤག་ཤིང་གིས་འབད་བཟོ་དགོ་ལགས།
- ཟླ་བ་དཔལ་འབྱོར་སྤག་ཤིང་གིས་བཟོ་བའི་སྐབས་སུ་ལུ་ ང་བཅས་ཨ་ནཱི་ ཚད་གཞི་འདི་ ཏེ་སྤག་ཤིང་གཞོག་ཞིན་ན་ གཉིས་གཅིག་ཁར་ [ཁ་འཕྱད་?]རྐྱབ་སྟེ་གིས་འབད་ འ་ནཱི་སྦེ་བཟོཝ་ཨིན་ལགས། ཏེ་འ་ནཱི་འདི་གནམ་མེད་ས་མེད་ང་བཅས་ལུ་ ཁག་ཆེ་ཏོག་ཏོ་ཅིག་ཨ་ནཱི་ཨིན་ལགས། སྐུ་ང་བཅས་སྦོམ་བཞེངས་རུང་ ཆུང་ཀུ་བཞེངས་རུང་ ག་ར་ང་བཅས་ཚད་དང་འཁྲིལ་དགོ་ནི་འདི་གིས་ལགས། ཏེ་ཚད་འ་ནཱི་གིས་འབད་བཟོཝ་ཨིན་ལགས།
- ཟླ་བ་དཔལ་འབྱོར་ཏེ་ད་རེས་ནངས་པར་འདི་ ད་དེང་སང་གི་འབད་ ང་བཅས་ཨ་ཙི་ཇ་མི་ཊི་བོགསི་ geometry box (དབྱིབས་རྩིས་རིག་ཆས་སྒྲོམ) འདི་འོང་པའི་བསྒང་ལས་ ཇ་མི་ཊི་བོགསི་ནང་ན་ལས་ཐོབ་པས་བ་ལགས། ཏེ་འ་ནཱི་ལག་ལེན་འཐབ་སྦེ་ འ་ནཱི་གིས་འབད་ཚད་འཇལ་ ཏེ་འ་ནཱི་གིས་འབད་ལག་ལེན་འཐབ་དོ་ལགས།
- ཟླ་བ་དཔལ་འབྱོར་ཏེ་ང་བཅས་མར་ལས་ སྐུ་པདྨོ་བཟོ་བ་ཅིན་ པདྨོ་ན་ལུ་ཚད་འ་ནེམ་ཅིག་ཟེར་ སྐུ་གཟུགས་འབད་བ་ཅིན་ སྐུ་གཟུགས་འ་ནེ་ཅིག་ཟེར་ དེ་ལས་ཕྱག་གི་འབད་བ་ཅིན་ ཕྱག་གི་ཐོབ་ཚད་འ་ནེམ་ཅིག་པུ་ར་(ག་ར) འ་ནཱི་དང་འཁྲིལ་དགོ་ལགས།
- ཟླ་བ་དཔལ་འབྱོར་ཏེ་ང་བཅས་སྐུ་བཞེངས་པའི་སྐབས་ལུ་ཡང་ སྐུ་ཕིཊ་གང་བཞེངས་ནི་ཨིན་པ་ཅིན་ ཕིཊ་གང་བཞེངས་ནི་གི་དོན་ལས་ ང་བཅས་ཀྱིས་ཧེ་མ་རང་ སྐུ་ག་འདི་བཞེངས་ཏེ་ར་འབད་རུང་ ཧེ་མ་རང་ང་བཅས་ ཤིང་འ་ནཱི་འབད་ ཡར་དང་མར་ཕྱ་སི་སི་འབད་ ཟུར་བཏོན་ འ་ནཱི་སྦེ་ཟུར་བཞི་འབད་ འ་ནཱི་སྦེ་གཞོག་སྟེ་ ང་བཅས་ཁོང་ སྐུ་ལཱ་འབད་བའི་སྐབས་སུ་ལུ།
- ཟླ་བ་དཔལ་འབྱོར་ཏེ་འ་ནཱི་གཞོག་དགོ་མི་འདི་ ང་བཅས་ག་གིས་ར་འབད་རུང་ ང་བཅས་ལུ་སྐུ་འདི་ཚུ་མངག་སྟེ་ ཐོན་པའི་སྐབས་སུ་ལུ་ མཆོད་བཤམ་ནང་ལུ་ ངེའི་མཆོད་བཤམ་ནང་སྐུ་ཨིན་ཅི་བཅུ་གཉིས་ལས་འགལ་མི་ཤོང་པས་ བཅོ་ལྔ་ཤོང་མས་ཟེར་ ཁོང་གིས་ག་མངག་མི་འདི་གུ་ ཏེ་ང་བཅས་ཀྱིས་འ་ནཱི་དང་འདྲན་འདྲ་ ང་བཅས་ཀྱིས་ཨ་ནཱི་ཚད་ཨ་ནཱི་གུ་བཀལ་ཞིན་ན་ འ་ནཱི་གུ་ཀྲིག་ཀྲི་བཀལ་བཏོག་བཞག་ཞིན་ན་ ཏེ་འ་ནཱ་ལས་ ང་བཅས་ཀྱིས་ཚད་དཔྱ་བགོ་སྟེ།
- ཟླ་བ་དཔལ་འབྱོར་ཏེ་སྤྱིར་བཏང་སངས་རྒྱས་ ཞབས་དྲུང་ གུ་རུ་འ་ནཱི་ཚུ་འབད་བ་ཅིན་ ང་བཅས་ཀྱིས་ ཏེ་སྐུ་ཕིཊ་གང་འབད་བ་ཅིན་ ཞལ་རྩིས་བཅུ་གཉིས་འདི་ དཔྱ་བདུན་སྦེ་བགོ་ཞིན་ན་ དཔྱ་བདུན་ན་ལས་སྦེ་བགོ་བཤའ་རྐྱབ་ ཏེ་སྐུ་གཟུགས་ཀྱི་སོ་སོ་བཏོན་ མར་པདྨོ་འདི་སོ་སོ་བཏོན་ ཡར་ཞལ་དབུ་ག་ར་སོ་སོ་འབད་བཏོན་ཏེ།
- ཟླ་བ་དཔལ་འབྱོར་ཏེ་འ་ནཱི་ནང་ལུ་ང་བཅས་ཀྱིས་ འ་ནཱི་སྦེ་ line ཐིག་བྲིས་ཏེ་བཞག་དགོཔ་ཨིན་ལགས་ ནང་ན་ལུ་འཐེན་ཏེ་ ཏེ་འ་ནཱི་སྦེ་འབད་བ་ཅིན་ ཁོང་གི་མར་གྱི་བཞུགས་ཁྲི་འདི་ཨིན་པས་བ་ལགས་ ད་འ་ནཱ་ལུ་པདྨོ་ པདྨོ་གི་འོག་ལས་འབད་ ཏེ་ང་བཅས་སྐྱིལ་ཀྲུང་ སྐྱིལ་ཀྲུང་གུ་ལས་ང་བཅས་སྐེདཔ་ དེ་ལས་ ཡར་ང་བཅས་ཐུགས་སྨད་ དེ་ལས་ ཐུགས་སྟོད་ཟེར་ དེ་ལས་ ཏེ་མགྲིན་པ་ མགྲིན་པ་སོར་བཞི་བཞག་ དེ་ལས་ཞལ་ དབུ་ཟེར་ ཨ་ནཱི་ ཚད་འ་ནཱི་སྦེ་བཟོ་དགོཔ་ཡོད་ལགས།
- ཟླ་བ་དཔལ་འབྱོར་ཏེ་འ་ནཱི་ཚད་བཟོ་བཞག་པ་ཅིན་ང་བཅས་ སྐུ་འདི་ག་གིས་རང་མངག་སྟེ་ཐོན་སོང་རུང་ ང་བཅས་ཀྱི་ཚད་ཐིག་མ་པ་ལས་རང་མི་ཤོར་ འ་ནཱི་ནང་ན་ཀྲིག་ཀྲི་ཚུད་སྡོད་འོང་བ་ལགས། འ་ནཱི་འབད་ནི་དེ་གིས་ ཏེ་འ་ནཱི་ཚད་བཟོ་དགོ་མི་དེ་ཡང་འ་ནཱི་ཨིན་ཟེར་ ཞུ་ནི་ལགས།
- ཟླ་བ་དཔལ་འབྱོར་དེ་ལས་ གཅིག་ང་བཅས་འཇིམ་བཟོཔ་དང་གཅིག་ཁར་ ལཱ་འབྲེལ་བ་ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ ང་བཅས་ཨ་ནཱི་ cement (རྩི་ས) པ་ཏྲ་བརྐོ་ནི་ཡོད་བ་སྨོ་ལགས? འ་ནཱི་རྩི་ས་གི་གཅིག་ཡང་པ་ཏྲ་བརྐོ་ནི་ཡོད་ལགས།
- ཟླ་བ་དཔལ་འབྱོར་ཏེ་མ་པ་ནཱ་ལྷབ་པའི་སྐབས་སུ་ལུ་འདི་ ང་བཅས་ཀྱི་ལྷབ་ནི་མེད་ལགས་ རྩི་ས་གུ་ ཏེ་ཨིན་རུང་ཡང་ ང་བཅས་ཀྱིས་ ལཱ་འབད་བའི་སྐབས་སུ་ལུ་འདི་ ང་བཅས་ཀྱི་ ད་ལྷ་ཁང་དང་ ག་ཏེ་འབད་རུང་ཏེ་ building (སྒྲིང་ཁྱིམ) ཨ་ནཱི་ཁྱིམ་སྦོམ་རྐྱབ་ས་ལས་ཕར་ ཀ་ཆེན་གཞུ་འདི་ཚུ་ང་བཅས་ཀྱིས་ རྩི་ས་གི་པ་ཏྲ་བརྐོ་ནི་ཡོད་ལགས་ ཏེ་འ་ནཱི་ཅིག་ཡང་ ང་བཅས་ཁོང་གིས་འབད་ཚུགསཔ་ ཟེར་ཞུ་ནི་ལགས།
- ཟླ་བ་དཔལ་འབྱོར་ཏེ་འདི་དང་གཅིག་ཁར་ད་རུང་ གཅིག་ང་བཅས་འཇིམ་བཟོཔ་དང་གཅིག་ཁར་འབྲེལ་བའི་གི་ལཱ་གཅིག་ ང་བཅས་ཀྱི་འགན་ཁུར་དང་གཅིག་ཁར་ ང་བཅས་འབགཔ་ཅིག་བཟོ་ནི་ཡོད་ལགས། ཏེ་ད་ལྟོ་ནཱ་འདི་ ང་བཅས་ཀྱིས་སློབ་སྟོན་འབད་མ་ཚུགས་ལགས་ བར་ན་སྐོར་ལས་ལུས་སོ་ཡི་ལགས།
- ཟླ་བ་དཔལ་འབྱོར་ཏེ་སྔོན་མ་འབད་བ་ཅིན་ ང་བཅས་རས་འབགཔ་ཟེར་ རས་འབགཔ་ཟེར་མི་འདི་ཡང་ང་བཅས་ དང་ཕུ་ང་བཅས་ཀྱི་ ཏེ་ག་ཏེ་རང་འབད་རུང་ རྫོང་གཞིས་ནང་ལས་ཕར་འཆམ་རྐྱབ་ནི་གི་འབགཔ་འདི་ ཏེ་མངམ་རང་ཨ་ནཱི་རང་ལག་ལེན་འཐབ་དོ་ཟེར་ཞུཝ་ཨིན་ལགས།
- ཟླ་བ་དཔལ་འབྱོར་ཏེ་འདི་ཡང་ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཨ་ནཱི་འབགཔ་འདི་འབད་བ་ཅིན་ རས་འབགཔ་འདི་ ལོ་ག་དེམ་ཅིག་མངམ་ཡར་སོང་རུང་ དེ་ལས་ཡར་ཁྱིམ་མཐོ་ཚད་ག་བཟུམ་ཅིག་ཡོད་དེ་འབད་རུང་ཡང་ ལགཔ་ལས་ཤོར་སོང་པ་ཅིན་ ཁོ་ལུ་བཅག་ནི་དང་དཀྲུམ་ནི་ག་ཅི་ཡང་མེདཔ་ཨིན་ལགས།
- ཟླ་བ་དཔལ་འབྱོར་མེད་མི་འདི་ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཧེ་མ་ནང་ན་གི་ rough shape (དབྱིབས་རགས་ཙམ་) འདི་ ང་བཅས་ས་གིས་འབད་བཟོ་ དེ་ལས་ས་གིས་བཟོ་ཞིན་ན་ ས་གི་ཐོག་ཁ་ལུ་ང་བཅས་ཀྱི་འདེལ་ཤོག་སྦྱར་ འདེལ་ཤོག་ཚར་གཅིག་སྦྱར་ཞིན་ན་ འདེལ་ཤོག་ཐོག་ཁ་ལུ་ དེ་ལས་ང་བཅས་ཀྱི་ཨ་ནཱི་ རས་སྦྱར་ རས་སྦྱར་ཟེར་སླབ་ཨིན་ལགས་ ཨ་ནཱི་ཁ་ཤ་སྦྱྲར་ནི་ཡོདཔ་ཨིན་ལགས།
- ཟླ་བ་དཔལ་འབྱོར་ཏེ་ཁ་ཤ་འདི་ཡུདཔ་ཅིག་ ཚར་བརྒྱད་དགུ་དགུ་རེ་ ཨ་ནཱི་འབད་བཏོག་ཞིནམ་ད་ཆུང་ཀུ་འབད་ ཚར་ཡུདཔ་ཅིག་བརྒྱད་བརྒྱད་དགུ་དགུ་རེ་སྦྱར་ཡི་ར་སྐམ་བཞག་སྦེ་ ཏེ་སྐམ་ཅིག་ང་བཅས་ཐོཝ་བླུགས་ མར་ལས་ས་འདི་ཕར་བཏོན་བཏང་ ས་བཏོན་ཞིན་ན་འ་ནཱི་འབགཔ་འདི་གི་ཐོག་ཁ་ལུ་ ང་བཅས་ལྕགས་མེ་བཏང་ཞིན་ན་ ལྕགས་བསྲེག་རྐྱབ་ཟེར་ ལྕགས་བསྲེག་རྐྱབ་ ཏེ་འ་ནཱི་གི་ཐོག་ཁར་ last (མཇུག་) ང་བཅས་ཀྱི་མཇུག་འདི་ཕར་ གཞུང་འདི་ ག་ཅི་གིས་བཏངམ་སྨོ་ཟེར་བ་ཅིན་ ང་བཅས་ཤིང་གི་ཕྱེ་དང་ ང་བཅས་ཨ་ནཱི་སྤོས་ནང་བླུགས་མི་གི་རྩི།
- ཟླ་བ་དཔལ་འབྱོར་དེ་ལས་སྤྱིན་ འ་ནཱི་གསུམ་ གཅིག་ཁར་སླ་བསྲེ་ཞིན་ན་ འ་ནཱི་གིས་འབད་ finishing ཧུམ་ཆ་བཏོན་ཏེ་ ང་བཅས་ཁོ་གི་བཟོ་འདི་ Last (མཇུག་ལུ་) ཞུན་དག་འདི་འ་ནཱི་གིས་འབད་སྦེ་ ཏེ་འ་ནཱི་འབགཔ་འདི་ གནམ་མེད་ས་མེད་སྤུས་ཚད་ལྡན་ཏོག་ཏོ་ཅིག་ཨིན་ལགས།
- ཟླ་བ་དཔལ་འབྱོར་འ་ནཱི་འབད་ནི་དེ་གིས་ འབགཔ་ད་ཡང་ ཡང་འཕྲོས་འཕྲོས་ དེ་ལས་ང་བཅས་བཅག་ནི་ཡང་མེད་ ཉེན་ཁ་ཡང་ཆུང་སུ་ དེ་ལས་འཆམ་རྐྱབ་ད་ཡང་བདེ་ཏོག་ཏོ་སྦེ་ རྫོང་གཞིས་ཚུ་ནང་ལས་ཕར་དེ་བསྒང་འབད་བ་ཅིན་ འ་ནཱི་བཟུམ་ལེ་ཤ་ཡོད་ ཟེར་ཞུ་ནི་ཨིན་ལགས།
- ཟླ་བ་དཔལ་འབྱོར་ཏེ་ད་ལྟོ་ང་བཅས་ནཱ་ལུ་ ཨ་ནཱི་སྦྱོང་བརྡར་འདི་ཁོང་འཇིམ་བཟོཔ་འདི་ཚུ་གིས་ ག་ཅི་རང་འབད་དོ་ཟེར་བ་ཅིན་ ཏེ་ཁོང་གིས་ ལོ་དང་པ་ནང་འབད་བ་ཅིན་ཁོང་གིས་ སངས་རྒྱས་ ང་བཅས་ལྷམ་པ་གཉིས་བཞེངས་ནི་ཡོད་ལགས། ཏེ་ལྷམ་པ་གཅིག་འདི་ང་བཅས་ད་ལྟོ་ ཡར་ང་བཅས་ར་གི་ཡར་ buddha point (ཀུན་གསལ་ཕོ་བྲང་) གི་འ་ནཱི་སངས་རྒྱས་འདི་འབད་བ་ཅིན་ ཁོ་ན་བཟའ་ཨ་ཙི་ཅིག་འཇམ་ཏོང་ཏོ་སྦེ་ འགོ་དང་པ་འགོ་བཙུགས་པའི་སྐབས་སུ་ལུ་ ན་བཟའ་[ལུས་བཟོ་?]ཟེར་ འ་ནཱི་གིས་འགོ་བཙུགསཔ་ཨིན་ལགས།
- ཟླ་བ་དཔལ་འབྱོར་དེ་ལས་འདི་གི་ཤུལ་གི་ན་ལས་ ཨ་ཙི་ཅིག་ཁོང་ ཨ་ཙི་ལཱ་ཁག་དྲག་སྦེ་ དེ་བསྒང་ལས་ང་བཅས་སངས་རྒྱས་ཆོས་གོས་རྣམ་གསུམ་བཞེས་ཏེ་ ན་བཟའ་ཨ་ཙི་རྒྱས་པ་འབད་ ཏེ་སངས་རྒྱས་ཤཱཀྱ་ཐུབ་པ་གི་ འ་ནཱི་ལྷབ་དགོ་ལགས། ཏེ་སངས་རྒྱས་ཤཱཀྱ་ཐུབ་པ་གི་ཤུལ་ལས་ ལོ་གཉིས་པ་ནང་ལྷོད་པའི་བསྒང་ལས་ ཏེ་ཁོང་གིས་ཕྱག་རྡོར་ལྷབ་ནི་ཡོད་ལགས།
- ཟླ་བ་དཔལ་འབྱོར་ད་ཕྱག་ན་རྡོ་རྗེ་དང་གཅིག་ཁར་ ང་བཅས་ཀྱི་རྗེ་བཙུན་སྒྲོལ་མ་ ཏེ་སྒྲོལམ་འདི་ཡང་ ང་བཅས་ཀྱི་ཨ་ནཱི་ green Tara འདི་ལྷབ་ཨིན་ལགས་ད་ལྟོ་ཁོང་གིས་ སྒྲོལ་ལྗང་འདི་ལགས། དེ་ལས་ལོ་གསུམ་པ་ནང་ལྷོད་པའི་བསྒང་ལས་ ཏེ་ལོ་གསུམ་པ་འདི་ཚུ་གིས་འདི་ ཞབས་དྲུང་དང་ ཏེ་དེ་ལས་ཁྲོས་མ་ འ་ནཱི་ལྷབ་ནི་ཡོད་ལགས།
- ཟླ་བ་དཔལ་འབྱོར་ཏེ་ད་ཁོང་གིས་ལོ་བཞི་པ་ནང་ལྷོད་པའི་བསྒང་ལས་འདི་ ཏེ་ཁོང་གིས་ གུ་རུ་དང་ ཏེ་གུ་རུ་གཅིག་ཁ་ལུ་ དེམ་ལྷབ་ནི་ཡོད་ལགས་ ང་བཅས་ཀྱི་ཚེ་རིངམོ་འདི་ལགས། དེ་ལས་ ཡར་ལོ་ལྔ་པ་ནང་ལྷོད་པའི་བསྒང་ལས་ ང་བཅས་ཀྱི་རྣམ་སྲས་ རྣམ་སྲས་དང་གཅིག་ཁར་ དེ་ལསན་ང་བཅས་ཀྱི་ཕུརཔ་ལགས། ཏེ་ཡར་ལོ་དྲུག་པ་ནང་ལྷོད་པའི་བསྒང་ལས་ ང་བཅས་ཨ་ནཱི་བཅུ་གཅིག་ཞལ་འདི་ལགས་ ཏེ་བཅུ་གཅིག་ཞལ་ཁོ་གི་སྐུ་གཟུགས་ ཨ་ཙི་ལཱ་མང་དྲག་ཡོད་མི་ལགས་ ཕྱག་མངམ་ཞལ་མངམ་འབད་ནི་དེ་གིས་ ང་བཅས་ཡར་ལོ་དྲུག་པ་ནང་ལྷོད་པའི་བསྒང་ལས་ བཅུ་གཅིག་ཞལ་འདི་འབད་དགོ།
- ཟླ་བ་དཔལ་འབྱོར་ཏེ་བཅུ་གཅིག་ཞལ་དང་གཅིག་ཁར་ ད་རུང་ང་བཅས་ཀྱི་ ཨ་ནཱི་སངས་རྒྱས་ཀྱི་རྒྱབ་ཡོལ་གནམ་མེད་ས་མེད་ལཱ་ཁག་དྲག་ཡོདཔ་ཨིན་ལགས་ རྒྱན་སྣ་དྲུག་ཟེར་ ཏེ་འ་ནཱི་ཡང་འདི་དང་གཅིག་ཁར་ ཏེ་བཅུ་གཅིག་ཞལ་འདི་ ཕྱག་སྟོང་སྤྱན་སྟོང་སྦེ་ རྒྱབ་ཡོལ་ནང་ལུ་ ཕྱག་སྟོང་ཕྲག་གཅིག་ ཏེ་འ་ནཱི་ཡང་པུ་ར་ (ག་ར་)གཅིག་ཁར་འབད་ ཏེ་འ་ནཱི་ལས་ལྷབ་སྦེ་མཇུག་བསྡུཝ་ཨིན་ལགས། ཏེ་འདི་དང་གཅིག་ཁར་མཇུག་བསྡུཝ་ད་ལུ་ ཁོང་གིས་ སྐུ་རྐྱངམ་ཅིག་ལྷབ་ནི་མེན་ལགས་ ད་རུང་འདི་དང་གཅིག་ཁར།
- ཟླ་བ་དཔལ་འབྱོར་བར་ན་སྐོར་ལས་ང་བཅས་ རི་མོ་ཨ་ཙི་རེ་ལྷབ་དགོ་ལགས། རི་མོ་ལྷབ་དགོ་མི་འདི་ཡང་ ཏེ་ཁོང་སྐུ་གི་ལཱ་འབད་བའི་སྐབས་སུ་ལུ་ ང་བཅས་ཚད་ལེནམ་ད་ཡང་འཇམ་མས་ དེ་ལས་ཕར་བཟོཝ་ད་ཡང་ སྙན་ཁུག་འདི་ཡང་ཨ་ཙི་རི་མོ་ཤེས་པ་ཅིན་ ཏེ་རི་མོ་འདི་གིས་འབད་ ང་བཅས་སྙན་ཁུག་ཨ་ཙི་ལེགས་ཤོམ་སྦེ་ འགྱོ་བཏུབ་པས་བ་ལགས་སྐུ་ན་ལུ།
- ཟླ་བ་དཔལ་འབྱོར་འ་ནཱི་འབད་ནི་དེ་གིས་ རི་མོ་ཅིག་ཡང་ལྷབ་ནི་ཡོད་ལགས། ཏེ་དེ་ལས་ཁོང་གིས་ ང་བཅས་ནཱ་བཟོ་རིག་དང་འབྲེལ་བའི་གི་ ཨ་ཙི་མངམ་ ང་བཅས་ཆོས་དང་འབྲེལ་བ་ཡོད་ནི་དེ་གིས་ རྫོང་ཁ་གི་ཆོས་ཚན་ཅིག་ཡང་ཡོད་ལགས་ རྫོང་ཁ་ཡང་ལྷབ་དགོ་ལགས་བར་ན་སྐོར་ལས།
- ཟླ་བ་དཔལ་འབྱོར་དེ་ལས་ འཕྲལ་འཕྲལ་ང་བཅས་ར་སྐུ་དང་གཅིག་ཁར་ ད་རྩིས་རེ་བཏོན་ ཡར་དང་མར་ག་ཅི་གུ་ཅི་འབད་དགོཔ་འདི་ ད་ང་བཅས་ཀྱི་ ད་རྒྱལ་ཁབ་ཀྱི་ ཏེ་འགྱུར་བ་དང་འཁྲིལ་ཏེ་ ད་ང་བཅས་ཀྱི་ ཁོང་གིས་ ད་ computer (གློག་རིག་) གི་ཨ་ཙི་རེ་ལྷབ་ནི་ཡོད་ལགས། གློག་རིག་གི་ཅིག་ཡང་འགྱོ་དགོ་ལགས་ གློག་རིག་སློབ་ཚན་ཅིག་ཡང་ཡོད།
- ཟླ་བ་དཔལ་འབྱོར་ཏེ་དེ་ལས་ ང་བཅས་ར་གི་ནཱ་གི་ ཏེ་དྲོ་པ་གི་ལས་རིམ་འདི་ཡང་ ཁོང་གིས་ཐུན་ལས་འགོ་བཙུགས་ ནཱ་ hostel (ཉལ་ཁྱིམ་) ཡོདཔ་ཨིན་ལགས་ ཁོང་ནཱ་ ནཱ་ལུ་སྡོད་མི་ལགས་ དེ་ལས་ ལ་ལུ་ཅིག་ day scholar (ཉིན་ཆོས་ལྟ་མི་) ཕྱི་ཁར་འགྱོ་མི་ ཏེ་ནང་ན་སྡོད་མི་ཚུ་འདི་ དྲོ་པ་ཐུན་ལས་སྦེ་རང་འགོ་བཙུགས་ཏེ་ ཕྱི་རུ་ཡང་ཐུན་བཏང་སྟེ་གིས་ འ་ནཱི་སྦེ་མཇུག་བསྡུ་ ཏེ་ནཱ་འདི་ འ་ནཱི་སྦེ་འབད་དགོ་ ཟེར་ཞུ་ནི་ཨིན་ལགས། ལགས་སོ་ལགས།། །།