Skip to main content Skip to search
25 Aug 2018
1 min 20 sec
Video Overview
Creators: 
Yeshi Wangchuk, Namgay Lhendup Wangchuk

Sonam Pelmo from Ogyencholing village, located in Tang Gewog (county) of Bumthang district, demonstrates the local practice of curing or healing illnesses such as a cough or a cold. It is said that in her village only Sonam Pelmo knows this tradition of healing. She cures the disease by communicating with the evil spirits, demons and other unseen creatures. She tells them that she has brought them enough food and drinks, so they should now leave the victim alone and find their own way to liberation. It is believed that evil spirits, or any other unseen creatures that cause harm and sickness to human beings, act in such a way due to their hunger and desire for food and drinks. Therefore Sonam Pelmo convinces the spirits and pleads them to go back to their own abode without any obstacles.

 

༉  བུམ་ཐང་རྫོང་ཁག་སྟང་རྒེད་འོག་ ཨོ་རྒྱན་ཆོས་གླིང་ལས་ ཨང་རྒས་བསོད་ནམས་དཔལ་མོ་གིས་ གཡུས་ཁའི་ལུགས་སྲོལ་འབད་ ཚ་རིམས་ཀྱི་ནད་གཞི་འདི་ ག་དེ་སྦེ་དྲག་ཐབས་ཡོདཔ་ཨིན་ནའི་སྐོར་ལས་ གསལ་སྟོན་འབདཝ་ཨིནམ་ད་ གཡུས་ཚན་དེ་ནང་ དེ་བཟུམ་སྦེ་ཚ་རིམས་ནད་གཞིའི་བཅོ་ཁ་རྐྱབ་ཤེས་མི་ མོ་རྐྱངམ་ཅིག་ལས་མིན་འདུག མོ་གིས་ བདུད་དང་ མི་གིས་མ་མཐོང་བའི་འབྱུང་པོ་ཆ་ཁྱབ་ལུ་ ལྟོ་དང་འཐུང་ནི་གི་རིགས་ཚུ་བྱིན་ འདི་ཚུ་བཟའ་ཞིནམ་ལས་ ནདཔ་དེ་བཏང་སྦེ་ ཁོང་ར་ཆ་ཁྱབ་འཁོར་བ་འཁྱམས་མ་སྡོད་པར་ ཞིང་ཁམས་ནང་སོང་ ཟེར་སླབ་མས། ཏེ་བདུད་དང་གཤིན་འདྲེ་ལ་སོགས་པའི་མི་མ་ཡིན་པའི་འབྱུང་པོ་ཚུ་གིས་ ལྟོཝ་བཀྱེས་ཁ་སྐོམ་སྟེ་ མི་ལུ་གནོདཔ་བཀལ་སྦེ་ན་བཅུག་མི་ལུ་ ལྟོ་དང་ཆུ་བྱིན་ཏེ་ མི་ལུ་གནོདཔ་མ་བཀལ་བར་ བར་ཆད་མེད་པར་ ལོག་སྟེ་རང་སོའི་ས་ཁོངས་ནང་སོང་ ཟེར་སླབ་བཏངམ་མས།

Transcript search
No results found for this search
0 of 0
  • བསོད་ནམས་དཔལ་མོ་
    ཡ་ད་ ཆུ་ཁྱོད་ཀྱི་ ཧེ་མ་རང་ ང་ལྷོད་ཅི། ཟླཝ་ཁྱོད་ཀྱི་ ཧེ་མ་རང་ ང་ལྷོད་ཅི། ཉིམ་ཁྱོད་ཀྱི་ ཧེ་མ་རང་ ང་ལྷོད་ཅི། ད་གནོད་ཁ་ མ་རྐྱབ་ཤིག་སྨ་རེད།
  • བསོད་ནམས་དཔལ་མོ་
    ལོ་ ༩ གི་ རྒྱགས་སྐལ་འབག་འོང་མས། ལོ་ ༩ གི་མར་འབག་འོང་མས།
  • བསོད་ནམས་དཔལ་མོ་
    ཕོ་ལམ་ ཁ་བ་བཅད་དེ་ འགྱོ་ཤིག། མདའ་ལམ་ ཐེར་མོའི་བཅད་དེ་ འགྱོ་ཤིག། སྒང་གི་ལ་བཀབ་སྟེ་ ཆུ་དམའ་བ་ བདའ་འཛིན་ཏེ་འགྱོ་ཤིག། ཕོ་ལམ་ཁ་བ་བཅད་དེ་ མདའ་ལམ་ཚེར་མོའི་བཅད་དེ་
  • བསོད་ནམས་དཔལ་མོ་
    ད་ ད་རེས་ལས་ ཧིང་སང་ས་སྦེ་ འགྱོ་ཤིག གནོད་ཁ་མ་རྐྱབ་ཤིག། ད་སྦྱིན་བདག་འདི་ཚུ་ལུ་ གནོད་ཁ་མ་རྐྱབ་ཤིག་ ཡ་ལགས་སོ། ད་བཏུབ་པས་ག་ལགས།