Skip to main content Skip to search
31 Jan 2012
4 min 10 sec
Video Overview
Creators: 
Unknown

Three Tibetan women discuss common ailments and traditional remedies.

Transcript search
No results found for this search
0 of 0
  • བུད་མེད་༡ Woman1
    སྤུ་གུ་ཟེར་ཡག་འདའི་རྙོག་རྒྱོའོ་མི་འདུག་གས།
    Isn't so that raising a kid is very challenging?
  • བུད་མེད་༢ Woman2
    དཀའ་ལས་ཡོད་རེད་ལགས།
    It is a hard job.
  • བུད་མེད་༡ Woman1
    ད་དུང་སིལ་པ་ཟེར་བ་དེ་ན་དུས།
    Especially when they get measles.
  • བུད་མེད་༣ Woman3
    འོ། སིལ་པ་ངའི་བུ་རྒན་པ་ན་སོང་ང་།
    Yes. My elder son once got the disease.
  • བུད་མེད་༢ Woman2
    བསྟན་འཛིན་ལགས།
    Tenzin?
  • བུད་མེད་༣ Woman3
    འོ། ཞེ་པོ་ན་བ་རེད་དཱ། གདོང་ལ་ཐོར་ཤ་སྟག་སྐྱེས། ཐོར་པ་མ་ཐོན་གོང་ལ་ཁོ་སྨན་ཞིག་གཏོང་དགོས་ཀྱི་འདུག་ག སྨན་དེ་འདི་རེད་འདུག་ག བསོད་ནམས་པད་འཛོམས་འབྲུ་གུ་དེ།
    Yes. He was very sick, and his face was covered with pimples. Before the appearance of pimples, you have to give a treatment. What is that? It is the seeds of sönam pédzom.
  • བུད་མེད་༢ Woman2
    འོང་ཟེར། བསོད་ནམས་པད་འཛོམས་འབྲུ་གུ་བཀོལ།
    I heard that too. You have to boil the seeds of sönam pédzom.
  • བུད་མེད་༣ Woman3
    བཀོལ་བྱས་ཨཱ་ནི་ལྡིར། ལྡིར་ཚར་བ་དང་ཁོ་སྟེར་དགོས་ཀྱི་འདུག་ག
    You have to boil it for sometimes and then give the juice.
  • བུད་མེད་༢ Woman2
    ཨང་།
    I see.
  • བུད་མེད་༣ Woman3
    སྟེར་ནས་ཨཱ་ནི་གཞི་ནས་ཐོར་པ་འདི་གས་གང་ག་ལོགས་ཡར་འདོན། གཞན་ཐོར་པ་མ་ཐོན་པ་བྱས།
    After giving the juice, all the pimples will pop out. Otherwise, they won't come out.
  • བུད་མེད་༢ Woman2
    འོ།
    Okay.
  • བུད་མེད་༡ Woman1
    ཚ་བ་གིས་གཅིག་བྱེད་ཀྱི་མེད་འགྲོ།
    The fever must be doing something.
  • བུད་མེད་༣ Woman3
    ལྤགས་པའི་ནང་ལ་མར་འཛུལ་འགྲོ་གི་རེད་ཟེར། ཐོར་པ་དེ།
    I was told that the pimples would sink in the skin.
  • བུད་མེད་༢ Woman2
    ཨ་ལས།
    I see.
  • བུད་མེད་༣ Woman3
    དེ་མ་སྟེར་བ་ཡིན་ན། ཤི་ཡག་གི་ཉེན་ཁ་ཡོད་པ་འདྲ་ཚ་བ་བརྒྱབ་བྱས།
    If you don't give that, the fever could be life-threatening.
  • བུད་མེད་༢ Woman2
    ཨཱ་ནི་གང་རེད། མུ་ཏིག་ར་ཅིག་ཞིབ་ཞིབ་བཟོས་བྱས་སྟེར་དགོས་ཀྱི་མ་རེད་པས།
    Then what is that? We also have to give grounded pearl, isn't so?
  • བུད་མེད་༣ Woman3
    མུ་ཏིག་ཞིབ་ཞིབ་བྱས། ཨཱ་ནི་བསོད་ནམས་པད་འཛོམས་ཁུ་བ་བྱས། ཁོ་མཉམ་དུ་སྟེར། ཨཱ་ནི་ཐོར་པ་གཞི་ནས་ཡར་འདོན་ཡོང་གི་འདུག་ག
    We need to give powered pearl and juice made from sönam pédzom. Only then the pimples will pop out.
  • བུད་མེད་༣ Woman3
    ཨཱ་ནི་འདོན་བྱས་ན་ཚ་འདི་གས་གང་ག་མར་ཕྱི་ལོགས་ལ་སླེབས་པ་རེད་ཟེར་བ་རེད།
    After they came out, it is said that the illness also leaves the body.
  • བུད་མེད་༢ Woman2
    འོ་འོ།
    I see.
  • བུད་མེད་༣ Woman3
    ཨཱ་ནི་ག་ལེར་ག་ལེར་ག་ལེར་བྱས་དྲག་འགྲོ་གིས།
    Then slowly, healing takes place.
  • བུད་མེད་༢ Woman2
    འོ་འོ།
    I see.
  • བུད་མེད་༣ Woman3
    གཞན་ཡང་དྲག་གི་མི་འདུག ཨེ་འདྲས་སེ། ང་ཚོ་ཧ་གོ་གི་མི་འདུག་ག ཨཱ་ནི་མིས་ཨེ་འདྲས་སེ་གཅིག་བཤད་བྱེད་དུས་ཨཱ་ནི་འོ་ཨེ་འདྲས་བྱེད་དགོས་ཀྱི་རེད།
    Otherwise, it won't heal. Like that. At first, we don't know these things until someone told us.
  • བུད་མེད་༢ Woman2
    ཨཱ་ནི་གང་རེད། རྒྱ་མིའི་སྨན་ཁང་ལ་ཡ་འཁྲིད་ཡག་ཡོད་མ་རེད་པས།
    Then what is that? Can't we go to the Chinese hospital?
  • བུད་མེད་༣ Woman3
    ཡོད་མ་རེད། ན་ཚ།
    For this sickness, we can't.
  • བུད་མེད་༡ Woman1
    ཧ་གོ་གི་ཡོད་ཀྱི་མ་རེད། སིལ་པའི་ན་ཚ་ཟེར་ཡག་དེ།
    Probably they don't know anything about silpa.
  • བུད་མེད་༣ Woman3
    སོ་སོ་ནང་ལ་ཡ་འདི་བྱེད་རྒྱུ་རེད། སྨན་བཅོས་བྱེད་རྒྱུ་རེད་ཤག
    We have to treat it at home by ourselves.
  • བུད་མེད་༢ Woman2
    འདི་རེད་པ། དེང་སང་ཡང་སྔོན་འགོག་གི་ཁབ་རྒྱག་ཡག་འདུག་ག
    Nowadays, there are immunization shots.
  • བུད་མེད་༡ Woman1
    འོ་རེད།
    Right.
  • བུད་མེད་༢ Woman2
    ངའི་སྤུ་གུ་གཉིས་ཀ་ན་མྱོང་ཡོད་མ་རེད།
    My two children, both didn't get the disease.
  • བུད་མེད་༣ Woman3
    རེད་པས།
    Really?
  • བུད་མེད་༢ Woman2
    འོ།
    Yes.
  • བུད་མེད་༡ Woman1
    འོ་འདི་མ་ན་ན་ཡག་པོ་མེད་པ་འདྲ་འདུག་ག
    It seems that if a child didn't get it, it is not good.
  • བུད་མེད་༢ Woman2
    ཨཱ་ནི་སིལ་པ་ང་ཡང་ན་ཡོད་མ་རེད་ད།
    Me neither got that disease.
  • བུད་མེད་༡ Woman1
    མ་གཞི་སྔོན་མ་གློ་བ་དཀར་པོ།
    Someone with white lungs,
  • བུད་མེད་༣ Woman3
    ན་ཡོད་མེད་འགྲོ
    I think you got it before.
  • བུད་མེད་༡ Woman1
    གློ་བ་དཀར་པོ་ན་ཅིག་ཟེར་ཡག་ཞིག གློ་བ་དཀར་པོ་ཡིན་ན་སིལ་པ་ན་གི་མ་རེད་ཟེར་ཡག་ཞིག་འདུག པཱ་ལགས་སྙུང་མྱོང་ཡོད་མ་རེད་ཟེར་གྱི་འདུག་ག
    There is a saying that if someone got white lungs, that person wouldn't suffer silpa. I heard that my father didn't get it.
  • བུད་མེད་༢ Woman2
    པཱ་ལགས་བྱས། ཨ་མ་ལགས་སྙུང་ཡོད་མ་རེད།
    Both father and mother didn't get it.
  • བུད་མེད་༣ Woman3
    ཨ་ལས།
    I see.
  • བུད་མེད་༡ Woman1
    ང་ནི་དེང་སང་སྐེད་པ་ཞེ་པོ་ན་གིས།
    Nowadays, I have a lot of back pain.
  • བུད་མེད་༣ Woman3
    འཁྱག་གི་ཡོད་ནམ།
    Your body must be feeling cold.
  • བུད་མེད་༡ Woman1
    འཁལ་མ་ཡིན་ནམ།
    Is it kidneys (problem)?
  • བུད་མེད་༣ Woman 3
    འཁྱག་གི་ཡོད་རེད། གོས་ལོག་ཀྲབ་ཀྲབ་(སྲབ་སྲབ་)ཅིག་འདུག
    You must be feeling cold. Besides, you are wearing skinny clothes.
  • བུད་མེད་༡ Woman1
    ཟུར་ལ་གཟེར་ཁོ་ར་ཞེ་པོ་རྒྱག་གིས། འདིའི་ཟེར་འདའི། གཟེར་ཁ།
    On the side, there is a lot of pain. The pain is on this side.
  • བུད་མེད་༢ Woman2
    གཟེར་ཁ།
    Pain?
  • བུད་མེད་༣ Woman3
    ཀྲབ་(སྲབ་)དྲགས་པ་རེད།
    You are wearing thin.
  • བུད་མེད་༡ Woman1
    གཟེར་ཁ། ག་རེ་ཡིན་ནམ། མཁལ་མ་ཡིན་ནམ་སྐེད་པ་ཡིན་ནམ།
    There is a pain. I don't know whether it is kidneys or waist problem.
  • བུད་མེད་༣ Woman3
    མཁལ་མ་རེད། མཁལ་མ་འདའི་ཡོད་ན་མཁལ་མ།
    It is kidneys. If the pain is here, it is because of kidneys.
  • བུད་མེད་༡ Woman1
    ཁ་སང་དེ་བར་སྨན་ཁང་དེ་བསྟེན་ཡང་ཧ་གོ་གི་མི་འདུག་ག
    The other day, I checked at the hospital.
  • བུད་མེད་༣ Woman3
    རེད།
    Yes.
  • བུད་མེད་༡ Woman1
    ན་ཚ་ཧ་གོ་གི་མི་འདུག རྩད་ཆོད་ཀྱི་མི་འདུག
    They weren't able to identify the cause of the problem.
  • བུད་མེད་༢ Woman2
    དབྱིན་ཇིའི་ཨེམ་རྗེ་དང་རྒྱ་མིའི་ཨེམ་རྗེ་འདྲ་པོ་རེད། ང་ཚོ་བོད་པའི་ཨེམ་རྗེ་དང་ཡང་རྒྱ་མིའི་ཁོ་རང་ཚོའི་སྔས་མ་ཨེམ་རྗེ་ཞིག་ཡོད་རེད་པ།
    Foreign doctors and Chinese doctors are all similar. Our Tibetan doctors are identical to the traditional Chinese doctors.
  • བུད་མེད་༡ Woman1
    དེ་ལྟ་སྟངས་ཞིབ་ཚ་བ་ཡོད་པ་འདྲ། རེད་པས།
    They do a thorough examination, is that the case?
  • བུད་མེད་༢ Woman2
    རྩ་ལྟ་གི་རེད་པ། ལག་པར་རྩ་བལྟས་བྱས་ལབ་ཀྱི་འདུག་ག
    By feeling the pulses, they can tell.
  • བུད་མེད་༣ Woman3
    འོ་རེད།
    Right.
  • བུད་མེད་༣ Woman3
    ཨ་ཡང་ལམ་སེང་དྲག་གི་མ་རེད་དཱ། བོད་པའི་ཨེམ་རྗེ།
    The treatment by Tibetan doctors, however, takes time.
  • བུད་མེད་༣ Woman3
    བོད་པའི་དེ་ལ་མ་རེད་ཡང་དབྱིན་ཇིའི་སྨན་ལའང་བོད་པའི་སྨན་རང་དེ་ལས་ཡག་གི་རེད།
    The Tibetan medicine is better than foreign pills.
  • བུད་མེད་༡ Woman1
    དབྱིན་ཇིའི་དང་རྒྱ་མིའི་ཤུགས་ཆེན་པོ་བྱས།
    The foreign and Chinese pills are powerful.
  • བུད་མེད་༣ Woman3
    ག་ལེར་དྲག་གི་རེད་མ་གཞི་ལམ་སེང་དྲག་ཐུབ་ཀྱི་མི་འདུག་ག
    Healing takes time, and you won't get a quick result.
  • བུད་མེད་༢ Woman2
    རྒྱ་མིའི་་་
    Chinese...
  • བུད་མེད་༣ Woman3
    ན་ཚ་ཡར་བསླངས་ཀྱི་འདུག་ག སྨན་ཅིག་(ཞིག་)བཏང་དུས་བསླངས། ཨཱ་ནི་བསླངས་ཚར་ནས་གཞུག་གུ་མར་གཞི་ནས་མར་ན་ཚ་་་བཅག་དེ།
    First, it amplifies the disease when you the pill. After that tackle the illness.
  • བུད་མེད་༢ Woman2
    འོ་རེད།
    Correct.
  • བུད་མེད་༣ Woman3
    འོ་ཨེ་འདྲས་རེད་ཤག
    It is like that.
  • བུད་མེད་༡ Woman1
    དབྱིན་ཇི་དང་རྒྱ་མིའི་སྨན་དེ་ཚོ་ཡག་པོ་ཨ་ཡོད་བསམས་ཀྱིས། སྤུ་གུ་ན་དུས་ཧོབ་ཏེ་མར་ཤུགས་ཆེ་དྲག་གི་མེད་འགྲོ་བསམ་གྱིས།
    I skeptical about the foreign and Chinese medicines. I think they are too strong for kids when you give them when they get sick.
  • བུད་མེད་༢ Woman2
    དབྱིན་ཇིའི་ཨེམ་རྗེ་ཡ་ཡིད་ཆེས་མེད།
    I don't trust a foreign doctor.
  • བུད་མེད་༣ Woman3
    རེད་པས།
    Really?
  • བུད་མེད་༢ Woman2
    འོ།
    Yes.
  • བུད་མེད་༣ Woman3
    ཨེ་འདྲས་མ་ལབ་ལགས། འདི་པ་ཅིག
    Don't say such thing here.
  • བུད་མེད་༢
    མ་རེད་ད། ཤག་བཅོས་བྱེད་ཡག་ཡག་པོ་ཡོད་རེད་པ།
    I mean they are good at doing operations.
  • བུད་མེད་༣ Woman3
    འོ་རེད།
    Yes.
  • བུད་མེད་༢ Woman2
    སྤྱིར་བཏང་ཨེམ་རྗེ་རང་ཞེ་དྲག་ཡིད་ཆེས་སེ་གལ་མེད།
    But generally, I don't trust the doctors that much.
  • བུད་མེད་༣ Woman3
    རེད་པས།
    Really?
  • བུད་མེད་༢ Woman2
    བོད་པའི་ཨེམ་རྗེ་ཡིད་ཆེས་ཆས།
    I trust the Tibetan doctors more.
  • བུད་མེད་༢ Woman2
    སྨན་བསྟེན་པ་ཡིན་ན།
    For treatment.
  • བུད་མེད་༡ Woman1
    གང་ལྟར་ཁ་སང་པཱ་ལགས་ཀྱིས་ཀོ་ཡོལ་ཞིག་བསྐུར་གནང་འདུག་ག
    Whatever the case may be, the other day, father sent me a medicinal cloth plaster.
  • བུད་མེད་༣ Woman3
    ཨའང་ཇི་ཊན་ཙང་ཡོག་(Ch.急诊藏药)རེད་པ།
    Is it jiten tsangyok (Tibetan medicine)?
  • བུད་མེད་༡ Woman1
    འོ་དེ། ཀོ་ཡོལ་འདའ་སྦྱར་ན་ཕན་པོ་ཞེ་པོ་འདུག
    Yes. If you stick the plaster here, it is very effective.
  • བུད་མེད་༢ Woman2
    འོ་འོ།
    I see.
  • བུད་མེད་༣ Woman3
    དེ་འདི་པ་མི་འདུག་གས།
    That is not available here.
  • བུད་མེད་༡ Woman1
    ཚོ་གོ་གོ་བྱེད་ཀྱིས། ཡོད་མ་རེད།
    It gives you burning sensation. Yes, it is not available here.
  • བུད་མེད་༢ Woman2
    འོ་འོ།
    Okay.
  • བུད་མེད་༣ Woman3
    དེ་ལྷ་སར་ལའི་གོང་ཆེན་པོ་འདུག
    That one is expensive in Lhasa.
  • བུད་མེད་༢ Woman2
    གོང་ཆེན་པོ་འདུག་གས།
    Is it expensive?
  • བུད་མེད་༣ Woman3
    གོང་ཆེན་པོ་འདུག
    It is expensive.
  • བུད་མེད་༢ Woman2
    ཨ་ལས་འོ་འོ།
    Oh, I see.
  • བུད་མེད་༡ Woman1
    དེ་ནས་ཡང་དེང་སང་ང་ག་རེ་ན་གི་འདུག་ཟེར་ན། མཚམས་མཚམས་ཕོ་བ་འདི་པ་རྦད་དེ་གཅིག་བྱེད་ཀྱིས།
    Nowadays I also got another problem. Sometimes
  • བུད་མེད་༣ Woman3
    ཕོ་རླུང་།
    Polung (stomach wind).
  • བུད་མེད་༡ Woman1
    ཕོ་རླུང་དེ་གང་ཟེར་གྱི་རེད། གང་ཡིན་ཟེར་ན་ཁ་ལག་མ་ཟ་ན་ཕོ་བ་ཞེ་པོ་ན་གི་འདུག་ག
    What is mean by polung? If you don't eat, you get severe stomach pain.
  • བུད་མེད་༣ Woman3
    འོ་རེད།
    Right.
  • བུད་མེད་༡ Woman1
    ཨཱ་ནི་རླུང་ཞེ་པོ་ལངས་ཀྱིས། ལྟོགས་རླུང་ལངས་པ་ཡིན་ནམ་གང་ཡིན་ནམ།
    And then you get outraged. Does such anger result from hunger?
  • བུད་མེད་༢ Woman2
    རང་ཏིག་ཙམ་ཁ་ལག་དུས་ཚོད་ཏག་ཏག་མ་བཟས་ན།
    You have to eat your meal on time.
  • བུད་མེད་༣ Woman3
    ལྟ་མ་རེད། ང་ཚོ་གང་རེད་ཟེར་ན། ནང་ལ་ཡ་པ་ལགས་དང་ཨ་མ་ལགས་གཉིས་ཀ་ཡོད་རེད་པ།
    We are... How should I put it? I used to stay with our parents.
  • བུད་མེད་༡ Woman1
    འོ།
    Right.
  • བུད་མེད་༣ Woman3
    ཨཱ་ནི་ཁོང་གཉིས་དུས་ཚོད་ཏག་ཏག་ལ་ངར་ཁ་ལག་འདི་གས་བཟོ་གི་རེད་པ། ང་ཚོ་འདི་གས་མཉམ་དུ་བཟས་པ་རེད་པ།
    They prepare and provide meals to me on time. We all used to eat together.
  • བུད་མེད་༣ Woman3
    ལྟ་འདི་པ་ག་རེད་ཟེར་ན། ཕ་མ་གཉིས་ཡོད་མ་རེད་པ། འཁྲིད་ལ་མེད་དུས། ཨཱ་ནི་སོ་སོ་བྱེད་རྒྱུ་རེད་པ།
    Now here they are not with me, and you have to cook for yourself.
  • བུད་མེད་༣ Woman3
    ཨཱ་ནི་ཁ་ལག་ཏག་ཏག་བསྡད་ཀྱི་ཡོད་མ་རེད། དུས་ཚོད་ཏག་ཏག་བཟའ་ཡག་ཡོང་གི་ཡོད་མ་རེད་པ། རེད་པ།
    So I failed to eat on time. Right?
  • བུད་མེད་༢ Woman2
    དུས་ཚོད་ལ་བཟས་མེད་དུས།
    It happens when you don't eat on time.
  • བུད་མེད་༣ Woman3
    འོ། ཨེ་འདྲས་བཟོ་ལྟ་ར་ཞིག
    Yes, that is the likely cause.
  • བུད་མེད་༣ Woman3
    ལྟ་ང་སྐྱིད་པོ་ཡིན་བསམས། ང་འདའི་སླེབས་དུས་ཁྱེད་རང་གི་གནས་ཚུལ་འདི་གས་མཐོང་བ་རེད་པ།
    When I came here and saw what you went through, I feel I am fortunate.
  • བུད་མེད་༣ Woman3
    ང་ར་སྐྱིད་པོ་ཡིན་ཨ། ང་ར་ཕ་མ་གཉིས་ཀྱི་འཁྲིད་ལ་བསྡད་ཡོད་ཨང་བསམས་བསམས་ར་ཅིག
    I feel I am happy as if I am living with my two parents.
  • བུད་མེད་༡ Woman1
    བསམ་བློ་བཏང་ཨ་ཅག་རང་སྐྱིད་ཤོས་རེད་འདུག
    If you think of it, you are fortunate.
  • བུད་མེད་༢ Woman2
    ཁ་ལག་འདི་གས་ཏག་ཏག་བཟའ་ཡག་ཡོད་རེད་པ།
    You get timely meals.
  • བུད་མེད་༣ Woman3
    བྱེད་འདོད་ཡོད་ནའི་མེད་ནའི།
    Whether you like to do or not.
  • བུད་མེད་༡ Woman2
    ཨཱ་ནི་དེ་ནས་ཨ་ཅག་རང་ཁ་སང་ནས་རྐང་པ་བཙུགས་ཐུབ་ཀྱི་མི་འདུག་ཟེར་ཡག་ཞིག་ཡོད་ད་ཡང་།
    The other day, you told me that you were not able to stand on your feet.
  • བུད་མེད་༢ Woman2
    ཨང་དེ་དྲག་ཤག
    That one got healed.
  • བུད་མེད་༡ Woman1
    དྲག་འདུག་གས།
    Healed?
  • བུད་མེད་༢ Woman2
    འོ། འདི་གནམ་གྲང་མོ་བསྟན་ན་ན་གིས།
    Yes. When the weather gets cold, I get this that problem.
  • བུད་མེད་༡ Woman1
    འོ་འོ།
    I see.
  • བུད་མེད་༡ Woman1
    ལྟ་ཁ་པར་ཞིག་སླེབས་སོང་། ངས་ཁ་པར་ཞིག་ལེན་ཀ་ཕྱིན་ཀོ། དགོངས་དག་ལྟ།
    Someone is calling. I will answer the call. Excuse me.
  • བུད་མེད་༢ Woman2
    ཁ་པར་མང་ང་ཞིག་ཡོང་གིས།
    There are a lot of calls these days.
  • བུད་མེད་༡ Woman1
    ཧེ་ལོ།
    Hello.