Video Overview
Kelzang Wangchuk of Lem village sings Yarkey Pangtey Chola Chengi Zhig. It is said that a great spiritual master with profound knowledge of religious texts composed this song. This is an emotional song that was sung by people who found themselves in distressing situations. Its verses talk about suffering and attachment, love and affection. It is usually sung individually, not in groups. This is a vocal song that is usually performed without instrumental accompaniment.
༉ གླུ་གཞས་ ཡར་གྱི་སྤང་སྟོད་ཕྱོགས་ལ་སྤྱན་གྱིས་གཟིགས་ཟེར་མི་འདི་ སྔོན་གོང་ལས་ར་ གླེམ་གཡུས་ཚན་ནང་འཐེན་ནི་ཡོདཔ་ཨིནམ་ད་ ད་རེས་ མ་འོངས་བུ་རྒྱུད་ཚུ་ལུ་སྤེལ་ཐབས་ལུ་ སྐལ་བཟང་དབང་ཕྱུག་གིས་འཐེན་ཏེ་འདུག གླུ་གཞས་དེ་ བླམ་མཁསཔ་ཅིག་གིས་བརྩམས་སྦེ་ གཡུས་ཚན་དེ་ནང་གསུངས་ཡོད་པའི་སྐོར་ལས་སླབ་སྲོལ་ཡོདཔ་ཨིན་མས། གླུ་གཞས་འདི་ནང་ ཤ་ཝ་ཨ་པ་ཡིན་ཟེར་སྔོན་ལས་འགྲོ། །ཤ་ཝ་ཨ་མ་ཡིན་ཟེར་མཇུག་ལས་འགྲོ། །ཤ་ཕྲུག་ཚོགས་བསགས་ཡིན་ཟེར་བར་ལས་འགྲོ། །དུད་འགྲོ་ལུས་ལ་སེམས་པ་མ་ཤོར་ཏེ། །ཕ་མ་གཉིས་འཛོམས་ཕྱོགས་ལ་སེམས་པ་ཤོར་ཟེར་ དུད་འགྲོ་སེམས་ཅན་གྱི་ལུས་ལུ་ག་དེ་ཅིག་དགའ་ཏོག་ཏོ་མཐོང་རུང་ ཡུདཔ་ཐེངས་ཅིག་མ་གཏོགས་ རང་དབང་རྩ་ལས་མེད་ དེ་བ་འདི་ ང་བཅས་ར་མི་སྦེ་སྐྱེས་མི་དེ་ར་དགའ་ཤོས་ཨིན་ ཟེར་བའི་དོན་དང་ གླུ་གཞས་འདི་ ང་བཅས་ར་ཕམ་མེད་པའི་དྭཝ་བུ་ཚུ་ཅིག་གིས་ ཤ་ཝ་ཕོ་མོ་གཉིས་ཀྱི་བར་ན་ཤ་ཕྲུག་འཁྱིད་སྦེ་འགྱོཝ་ད་ལུ་ ཁོ་ལུ་གཅེས་པའི་ཁོ་ར་གི་ཕམ་མེདཔ་ལས་སེམས་སྐྱོ་སྟེ་འཐེན་འཐེནམ་གི་གླུ་གཞས་ཅིག་ཨིན་མས།
- Lem
- Phongme
- Trashigang
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ཡར་གྱི་སྤང་སྟོད་ཕྱོགས་ལ་སྤྱན་གྱིས་གཟིགས་ལ། །ཤ་བ་ཨ་པ་ཡིན་ཟེར་སྔོན་ལ་འགྲོ། །ཤ་བ་ཨ་པ་ཡིན་ཟེར་སྔོན་ལ་འགྲོ། །
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ཤ་མོ་ཨ་མ་ཡིན་ཟེར་མཇུག་ལ་འགྲོ་ལ། །ཤ་ཕྲུག་ཚོགས་བསགས་ཕ་མའི་བར་ལ་འགྲོ། །ཤ་ཕྲུག་ཚོགས་བསགས་ཕ་མའི་བར་ལ་འགྲོ། །
- སྐལ་བཟང་དབང་ཕྱུག་Kelzang Wangchuk: དུད་འགྲོ་ལུས་ལ་སེམས་པ་མ་ཤོར་ཏེ་ལ། །ཕ་མ་གཉིས་འཛོམས་ཕྱོགས་ལ་སེམས་པ་ཤོར། །ཕ་མ་གཉིས་འཛོམས་ཕྱོགས་ལ་སེམས་པ་ཤོར། །
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ང་ལ་ཕ་ཞིང་མེད་པར་སེམས་པ་སྐྱོ་ལ། །ཡུམ་ཆེན་ཨ་མ་རྡོ་རྗེ་ཕ་མ་ལ། །ཡུམ་ཆེན་ཨ་མ་རྡོ་རྗེ་ཕ་མ་ལ། །
- སྐལ་བཟང་དབང་ཕྱུག་Kelzang Wangchuk: མར་གྱི་ཚོགས་བསགས་ཕྱོགས་ལ་སྤྱན་གྱིས་གཟིགས་ལ། །གསེར་བྱ་ཨ་པ་ཡིན་ཟེར་སྔོན་ལ་འགྲོ། །གསེར་བྱ་ཨ་པ་ཡིན་ཟེར་སྔོན་ལ་འགྲོ། །
- སྐལ་བཟང་དབང་ཕྱུག་Kelzang Wangchuk: གཡུ་བྱ་ཨ་མ་ཡིན་ཟེར་མཇུག་ལ་འགྲོ་ལ། །བྱ་ཕྲུག་ཚོགས་བསགས་ཕ་མའི་བར་ལ་འགྲོ། །བྱ་ཕྲུག་ཚོགས་བསགས་ཕ་མའི་བར་ལ་འགྲོ། །
- སྐལ་བཟང་དབང་ཕྱུག་Kelzang Wangchuk: དུད་འགྲོ་ལུས་ལ་སེམས་པ་མ་ཤོར་ཏེ་ལ། །ཕ་མ་གཉིས་འཛོམས་ཕྱོགས་ལ་སེམས་པ་ཤོར། །ཕ་མ་གཉིས་འཛོམས་ཕྱོགས་ལ་སེམས་པ་ཤོར། །
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ང་ལ་ཕ་ཞིང་མེད་པར་སེམས་པ་སྐྱོ་ལ། །ཡུམ་ཆེན་ཨ་མ་རྡོ་རྗེ་ཕ་མ་ལ། །ཡུམ་ཆེན་ཨ་མ་རྡོ་རྗེ་ཕ་མ་ལ། །
- སྐལ་བཟང་དབང་ཕྱུག་Kelzang Wangchuk: སྒྲོལ་མ་ལྷ་ཁང་ནང་དུ་སྐུ་མཚམས་བཞུགས་ལ། །ཨ་མ་ལེགས་སོ་ལེགས་སོ་རྟེན་འབྲེལ་བཟང་། །ཨ་མ་ལེགས་སོ་ལེགས་སོ་རྟེན་འབྲེལ་བཟང་། །
- སྐལ་བཟང་དབང་ཕྱུག་Kelzang Wangchuk: ལགས་སོ། ཏེ་འ་ནཱི་འདི་ ཧེ་མ་ཨ་པ་འདི་ ཧེ་མ་ཤ་བདའ་བར་སོང་སྦེ་ ཏེ་ཨ་པ་འདི་ ཁོ་ར་ཤ་གི་ཁ་ནང་ཚུད་ ཨ་ལོ་འདི་ཆུང་ཀུ་སྦེ་སྡོད་སྡོདཔ་ཨིན་པས། ཨ་ལོ་ཆུང་ཀུ་འདི་ ཨའི་ལུ་དྲིཝ་ད་ལུ་ ཨའི་གིས་གཡིབ་བཞག་སྟེ་སླབ་མ་བཏུབ་པས། ཁོ་ཡང་ཨ་པ་བཟུམ་སྦེ་ཤ་བདའ་བར་སོང་ཏེ་ ད་རུང་ཨ་པ་བཟུམ་སྦེ་ར་ ཤ་གི་ཁ་ནང་ཚུད་དེ་ ལོག་མི་ལྷོདཔ་འོང་ཟེར་ ཨའི་གིས་གཡིབ་བཞག་སྟེ་སླབ་མ་བཏུབ་པར་ དེ་ལས་ ཁོ་ར་ད་རུང་ ཡར་ལུ་ཨའི་གིས་སླབ་རུང་ཉན་མ་བཏུབ་པར་ སྦོམ་འགྱོ་ཞིནམ་ལས་ ཡར་རི་རྩེ་བཟུམ་ལུ་ ཁོ་ར་འགྱོཝ་ད་ལུ་ ཁོ་ར་ཤ་བ་ཨ་པ་འདི་ཧེ་མ་འབད་ ཤ་བ་ཨ་མ་འདི་ཤུལ་ལས་འབད་ ཁོ་ར་ཕྱུག་གུ་འདི་བར་ན་འབད་དེ་ ཏེ་འ་ནཱི་སྦེ་འགྱོ་དེས་ཟེར་ཨིན་མས།
- སྐལ་བཟང་དབང་ཕྱུགKelzang Wangchuk དེ་ལསན་ཏེ་ ད་རུང་ལོག་འོང་ཞིནམ་ལས་ ཨ་མ་ལུ་ ང་ལུ་ཤོབ་རྐྱབ་ནུག ང་བཅས་འདི་མི་ཨིན་པས། རོགས་ཤ་གིས་རང ཤ་བ་ཨ་པ་འདི་ཧེ་མ་འབད་ ཤ་བ་ཨ་མ་འདི་ཤུལ་ལས་འབད་ ཁོ་ར་ཕྱུག་གུ་འདི་བར་ན་བཙུགས་ཏེ་འབགཔ་མས་ ང་ལུ་ཁྱོད་ཀྱིས་ཤོབ་རྐྱབ་ནུག་ཟེར་ ཨ་མ་ལུ་ཁོ་གིས་འ་ནཱི་སྦེ་ཚར་བཅད་ཡོདཔ་ཨིན་མས། ཚར་བཅདཔ་ད་ལུ་འདི་ ཨ་མ་གིས་ སེམས་ཀྱི་གདིང་ལས་ར་སླབ་སླབ་མས་ཁོ་ལུ། ཨིན་མས་ད་ མི་སླབ་ཟེར་བ་ཅིན་མི་བཏུབ་པས། ཁྱོད་ཆུང་ཀུ་སྦེ་སྡོདཔ་ད་ལུ་ ཨ་པ་འདི་ཤ་བདའ་བར་འགྱོ་ཞིནམ་ལས་ ཨ་པ་འདི་རོགས་ ཤ་གི་ཁ་ནང་ཚུད་དེ་ཤི་སོངཔ་མས། ཏེ་ཁྱོད་ཡང་འ་ནཱི་བཟུམ་འོང་ཟེར་མནོ་སྟེ་ ཁྱོད་ལུ་གསང་བཞག་མི་དེ་ དོན་དག་ནི་ཨིན་ཟེར་ ཨ་མ་གིས་འ་ནཱ་ལས་རྐྱངམ་ཅིག་ དོན་དག་ཞིབ་ཞིབ་འབད་སླབ་བྱིན་ཡོདཔ་མས།། །།