Skip to main content Skip to search
21 Jun 2018
3 min 16 sec
Video Overview
Creators: 
Duptho, Sonam Chophel

“Gungtey Chogla” (Towards the High Sky) is sung in this video by Choney Zangmo from Tsamang village in Radhi gewog, Trashigang. The lyrics describe material wealth. This song is sung during social gatherings and festivals. She says that today many young Bhutanese are not interested in learning from their elders, as they are influenced by western music. 

 

དགུང་སྟོད་ཕྱོགས་ལ་ཟེར་མི་ བོད་སྒྲའི་གླུ་གཞས་འདི་ བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ རྩ་མང་གཡུས་ཚན་ལས་ ཆོས་ཉིད་བཟང་མོ་གིས་འཐེནམ་ཨིནམ་ད་ འདི་ནང་ རྒྱུ་ནོར་ལོངས་སྤྱོད་ཀྱི་འགྲེལ་བཤད་རྐྱབ་མས། གླུ་གཞས་འདི་ མི་མང་འཛོམས་ས་དང་ ཚེས་བཅུ་དང་ དུས་སྟོན་ཚུའི་སྐབས་རྐྱབ་དོ་ཡོདཔ་ད་ ཏེ་ད་རེས་ནངས་པའི་ ན་གཞོན་ཚུའི་གིས་ ཕྱི་རྒྱལ་གྱི་སྙན་ཆ་དང་ ཞབས་བྲོ་ཚུ་ལུ་སྤྲོ་བ་བསྐྱེད་དེ་ རྒས་ཤོས་ཚུ་ལས་ ལྷབ་ནི་གི་སྤྲོ་བ་མ་བསྐྱེདཔ་ལས་ མ་འོངས་ཡུན་རིང་རྒྱབ་ལས་ ང་བཅས་རའི་ ཕམ་བཟང་པོ་ཚུ་གིས་བརྩམས་བཞག་མི་ ཞབས་བྲོ་ཚུ་ཉམས་ནིའི་ཉེན་ཁག་ཡང་འདུག། 

 

Transcript search
No results found for this search
0 of 0
  • ཆོས་ཉིད་བཟང་མོ་ Choney Zangmo
    དགུང་སྟོད་ཕྱོགས་ལ་དགའ་ལ་སྐྱིད་བཞུགས(སོང་)། །ཁྲི་གདུགས་ཉི་མ་གླིང་བཞི་བསྐོར་ནས་ཡོང་། །སྭོ་ཡ་ཁྲི་གདུགས་ཉི་མ་གླིང་བཞི་བསྐོར་ནས་ཡོང་། །
  • ཆོས་ཉིད་བཟང་མོ་ Choney Zangmo
    གཟིམ་ཅུང་རྩེ་ལ་ཉི་ཟླ་ཤར་སོང་། །ཇ་ཆང་ལོངས་སྤྱོད་སྐྱིད་པོ་རང་ལ་བཞུགས(བྱུང་)། །སྭོ་ཡ་ཇ་ཆང་ལོངས་སྤྱོད་སྐྱིད་པོ་རང་ལ་བཞུགས(བྱུང་)། །
  • ཆོས་ཉིད་བཟང་མོ་ Choney Zangmo
    ད་ལྟ་མཇལ་བའི་(དབང་)ང་ལ་མ་འབྱུང་། །ཕྱི་མ་མཇལ་བའི་སྨོན་ལམ་ལན་གསུམ་ཞུ། །སྭོ་ཡ་ཕྱི་མ་མཇལ་བའི་སྨོན་ལམ་ལན་གསུམ་ཞུ། །
  • ཆོས་ཉིད་བཟང་མོ་ Choney Zangmo
    གངས་སྟོད་ཕྱོགས་ལ་དགའ་ལ་སྐྱིད་སོང་། །སེང་ཆེན་དཀར་མོ་གླིང་བཞི་བསྐོར་ནས་ཡོང་། །སྭོ་ཡ་སེང་ཆེན་དཀར་མོ་གླིང་བཞི་བསྐོར་ནས་ཡོང་། །
  • ཆོས་ཉིད་བཟང་མོ་ Choney Zangmo
    གཟིམ་ཅུང་རྩེ་ལ་ཉི་ཟླ་ཤར་སོང་། །ཇ་ཆང་ལོངས་སྤྱོད་སྐྱིད་པོ་རང་ལ་བཞུགས(བྱུང་)། །སྭོ་ཡ་ཇ་ཆང་ལོངས་སྤྱོད་སྐྱིད་པོ་རང་ལ་བཞུགས(བྱུང་)། །
  • ཆོས་ཉིད་བཟང་མོ་ Choney Zangmo
    ད་ལྟ་མཇལ་བའི་(དབང་)ང་ལ་མ་འབྱུང་། །ཕྱི་མ་མཇལ་བའི་སྨོན་ལམ་ལན་གསུམ་ཞུ། །སྭོ་ཡ་ཕྱི་མ་མཇལ་བའི་སྨོན་ལམ་ལན་གསུམ་ཞུ། །
  • ཆོས་ཉིད་བཟང་མོ་ Choney Zangmo
    བཀའ་དྲིན་ཆེ་ལགས།། །།