Skip to main content Skip to search
08 Feb 2016
4 min 20 sec
Rating
0
No votes yet
Video Overview
Creators: 
Duptho, Chimi Wangmo

དགོན་བཟང་གི་ཕྱོགས་ལ་ཟེར་བའི་གླུ་གཞས་ ལེའུ་དང་བཅསཔ་སྦེ་འཁྲབ་མི་འདི་ བཀྲ་ཤིས་སྒང་བྱོན་མཁར་གྱི་གཡུས་མི་ཚུ་ཨིནམ་ད་ ཁོང་གི་གཡུས་ཁ་ལུ་ ཆོས་འབུམ་ཚུ་གཡུས་བཤལ་རྐྱབ་སྟེ་ཆོས་འཁོར་བསྐོར་བའི་སྐབས་ལུ་རྐྱབ་རྐྱབ་ཨིན་པས། བར་ན་ལས་ཕར་ ཀེང་རུས་ཀྱི་ཞལ་འབག་བཙུགས་ཏེ་ རྔ་བརྡུངས་ འཆམ་རྐྱབ་དོ་བཟུམ་འབད་མི་དེ་ ཆོས་འཁོར་བསྐོར་བའི་སྐབས་ལུ་ ཀེང་རུས་ཀྱི་ཞལ་འབག་བཙུགས་ཏེ་ འཆམ་ལེའུ་ཅིག་ཡང་རྐྱབ་ནི་ཡོདཔ་ལས་ དེ་ཚུ་ཨིན་པས། གནམ་བྱཱར་ཆརཔ་རྐྱབ་པའི་དུས་ཚོད་འབདཝ་ལས་ ཕོ་རྒས་གཅིག་གིས་ཉིན་གདུགས་ཡང་འབག་སྟེ་ ཞབས་ཁྲ་རྐྱབ་མི་གི་གྲལ་ཁ་ལུ་འཛུལ་ཏེ་ཞབས་ཁྲ་རྐྱབ་ནི་འདུག།

 

Show More

  • བྱོན་མཁར་གཡུས་མི Joenkhar villagers
    དགོན་བཟང་གི་ཕྱོགས་ལ་བཞུགས་པའི་སྭོ་ཡ་ལ། །དགོན་བཟང་གི་ཕྱོགས་ལ་བཞུགས་པའི་སྭོ་ཡ་ལ། །
    The one who resides in Charisma Monastery, so ya la. The one who resides in Charisma Monastery, so ya la.
  • བྱོན་མཁར་གཡུས་མི Joenkhar villagers
    མཚན་ལྡན་བླ་མ་གཅིག་གིས། །ཡང་ལས་ཡང་ཤོག་གསུང་དོ་སྭོ་ཡ། །མཚན་ལྡན་བླ་མ་གཅིག་གིས། །ཡང་ལས་ཡང་ཤོག་གསུང་དོ་སྭོ་ཡ། །
    Genuine lama, call me again and again, so ya. Genuine lama, call me again and again, so ya.
  • བྱོན་མཁར་གཡུས་མི Joenkhar villagers
    ཤོག་གསུངས་པ་བཀྲིན་ཆེ་སོང་སྭོ་ཡ་ལ། །ཤོག་གསུངས་པ་བཀྲིན་ཆེ་སོང་སྭོ་ཡ་ལ། །
    Thank you for the invitation, so ya la. Thank you for the invitation, so ya la.
  • བྱོན་མཁར་གཡུས་མི Joenkhar villagers
    མཚན་ལྡན་ཁྱོད་དང་འདྲ་བའི། །བྱིན་རླབས་ང་ལ་མིན་འདུག་སྭོ་ཡ་ལ། །མཚན་ལྡན་ཁྱོད་དང་འདྲ་བའི། །བྱིན་རླབས་ང་ལ་མིན་འདུག་སྭོ་ཡ་ལ། །
    Genuine lama, I don't have boons like you, so ya la. Genuine lama, I don't have boons like you, so ya la.
  • བྱོན་མཁར་གཡུས་མི Joenkhar villagers
    རྫོང་ཆེན་གྱི་ཕྱོགས་ལ་བཞུགས་པའི་སྭོ་ཡ་ལ། །རྫོང་ཆེན་གྱི་ཕྱོགས་ལ་བཞུགས་པའི་སྭོ་ཡ་ལ། །
    One who resides towards the huge fortress, so ya la. One who resides towards the huge fortress, so ya la.
  • བྱོན་མཁར་གཡུས་མི Joenkhar villagers
    དབང་ཆེན་དཔོན་པོ་གཅིག་གིས། །ཡང་ལས་ཡང་ཤོག་གསུང་དོ་སྭོ་ཡ་ལ། །དབང་ཆེན་དཔོན་པོ་གཅིག་གིས། །ཡང་ལས་ཡང་ཤོག་གསུང་དོ་སྭོ་ཡ་ལ། །
    Mighty lord, call me again and again, so ya la. Mighty lord, call me again and again, so ya la.
  • བྱོན་མཁར་གཡུས་མི Joenkhar villagers
    ཤོག་གསུངས་པ་བཀྲིན་ཆེ་སོང་སྭོ་ཡ་ལ། །ཤོག་གསུངས་པ་བཀྲིན་ཆེ་སོང་སྭོ་ཡ་ལ། །
    Thank you for inviting me, so ya la. Thank you for inviting me, so ya la.
  • བྱོན་མཁར་གཡུས་མི Joenkhar villagers
    དབང་ཆེན་ཁྱོད་དང་འདྲ་བའི། །རང་དབང་ང་ལ་མིན་འདུག་སྭོ་ཡ་ལ། །དབང་ཆེན་ཁྱོད་དང་འདྲ་བའི། །རང་དབང་ང་ལ་མིན་འདུག་སྭོ་ཡ་ལ། །
    I don't have emancipations like you, mighty lord, so ya la. I don't have emancipations like you, mighty lord, so ya la.
  • བྱོན་མཁར་གཡུས་མི Joenkhar villagers
    གཡུས་བཟང་གི་ཕྱོགས་ལ་བཞུགས་པའི་སྭོ་ཡ་ལ། །གཡུས་བཟང་གི་ཕྱོགས་ལ་བཞུགས་པའི་སྭོ་ཡ་ལ། །
    One who resides towards charisma, so ya la. One who resides towards charisma, so ya la.
  • བྱོན་མཁར་གཡུས་མི Joenkhar villagers
    དྲིན་ཆེན་ཡབ་ཡུམ་གཉིས་ཀྱིས། །ཡང་ལས་ཡང་ཤོག་གསུང་དོ་སྭོ་ཡ་ལ། །དྲིན་ཆེན་ཡབ་ཡུམ་གཉིས་ཀྱིས། །ཡང་ལས་ཡང་ཤོག་གསུང་དོ་སྭོ་ཡ་ལ། །
    Gracious parents, call me again and again, so ya la. Gracious parents, call me again and again, so ya la.
  • བྱོན་མཁར་གཡུས་མི Joenkhar villagers
    ཤོག་གསུངས་པ་བཀྲིན་ཆེ་སོང་སྭོ་ཡ་ལ། །ཤོག་གསུངས་པ་བཀྲིན་ཆེ་སོང་སྭོ་ཡ་ལ། །
    Thank you for inviting me, so ya la. Thank you for inviting me, so ya la.
  • བྱོན་མཁར་གཡུས་མི Joenkhar villagers
    དྲིན་ཆེན་ཁྱོད་དང་འདྲ་བའི། །རྒྱུ་ནོར་ང་ལ་མིན་འདུག་སྭོ་ཡ་ལ། །དྲིན་ཆེན་ཁྱོད་དང་འདྲ་བའི། །རྒྱུ་ནོར་ང་ལ་མིན་འདུག་སྭོ་ཡ་ལ། །
    Gracious parents, I don't have assets like you, so ya la. Gracious parents, I don't have assets like you, so ya la.