Skip to main content Skip to search
19 Jun 2018
6 min 30 sec
Video Overview
Creators: 
Sonam Tobgye

Rinchen Wangmo and Thinley Chöden from Serphu village sing a boedra song. This song describes the symbolic significance of the sun shining in the four directions—east, west, north and south. The shining of the sun in each direction carries its own sacred values and religious implications.

༉  འབོད་སྒྲ་རྙིངམ་ཅིག་ཨིན་མི་ ཉི་མ་ཤར་གྱི་ཕྱོགས་ལ་ཟེར་མི་འདི་ ལྷུན་རྩེ་རྫོང་ཁག་གསེར་ཕུག་གཡུས་ཚན་ལས་རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་གཉིས་ཀྱིས་འཐེན་ཏེ་འདུག གླུ་གཞས་འདི་ རྙིང་ཤོས་ཅིག་ཨིན་ཏེ་འབད་རུང་ ཡོངས་གྲགས་གནམ་མེད་ས་མེད་ཅིག་མེདཔ་ཨིན་པས། གླུ་གཞས་འདི་གིས་ ཕྱོགས་བཞི་དང་དབུས་བསྡོམས་ཏེ་ཕྱོགས་ལྔ་ལུ་བཞུགས་ཏེ་ཡོད་པའི་རྒྱལ་བ་རིགས་ལྔཔོ་དེ་མཇལ་ཞིནམ་ལས་ དེ་ནང་རང་རང་སོ་སོའི་ཁ་དོག་དང་བསྟུན་པའི་བུམ་པ་རེ་བཞེངས་ཞིན་ན་ བུམ་པའི་ཁར་རྒྱན་རེ་བཀལ་ དེ་ལས་རྒྱལ་བ་རིགས་ལྔཔོ་རེ་རེ་ལས་བྱིན་རླབས་རེ་ཞུ་སྦེ་ རང་རང་སོ་སོའི་གདན་ས་ལུ་ལོག་དགོཔ་སྦེ་འཐོན་ནི་འདུག ཨིན་ཏེ་འབད་ས་ཅིག་རུང་ རྒྱལ་བ་རིགས་ལྔ་ཡོད་པའི་ནང་ལས་ དབུས་ཀྱི་རྣམ་པར་སྣང་མཛད་དེ་འཐོན་ནི་མིན་འདུག སྤྱིར་བཏང་གིས་ རྒྱལ་བ་རིགས་ལྔ་སྦེ་བརྩི་བ་ཅིན་ ལྔ་སྦེ་ཡོདཔ་ཨིན་རུང་ ཁོང་གཉིས་ཀྱིས་འཐེན་མི་གླུ་གཞས་ནང་ལས་ བཞི་ལས་འགལ་འཐོན་ནི་མིན་འདུག

Transcript search
No results found for this search
0 of 0
  • Rinchen Wangmo & Thinley Choden: ཉི་མ་ཤར་གྱི་ཕྱོགས་ལ་ཐལ་མཁན་ཚོ་ལ། །ཤར་ན་རྡོ་རྗེ་སེམས་དཔའ་མཇལ་མཁན་ཚོ་ལ། །ཤར་ན་རྡོ་རྗེ་སེམས་དཔའ་མཇལ་མཁན་ཚོ། །
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་
  • Rinchen Wangmo & Thinley Choden: རྡོ་རྗེ་སེམས་དཔའ་གསེར་གྱི་བུམ་པ་བཞེངས་ལ། །གཞོན་གཞོན་[ཤོག་ཤོག་?]ངེད་ཚོ་བུམ་པ་ཁ་རྒྱན་བཀལ་ལ། །གཞོན་གཞོན་[ཤོག་ཤོག་?]ངེད་ཚོ་བུམ་པ་དཀར་རྒྱན་བཀལ། །
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་
  • Rinchen Wangmo & Thinley Choden: ཁ་རྒྱན་འགྱུར་བ་མ་གནང་བླ་མ་མཁྱེན་ལ། །བྱིན་རླབས་ཞུ་ནས་ལོག་འགྲོ་ཆོས་གྲོགས་ཚོ་ལ། །བྱིན་རླབས་ཞུ་ནས་ལོག་འགྲོ་ཆོས་གྲོགས་ཚོ། །
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་
  • Rinchen Wangmo & Thinley Choden: ཉི་མ་ལྷོ་ཡི་ཕྱོགས་ལ་ཐལ་མཁན་ཚོ་ལ། །ལྷོ་ན་རིན་ཆེན་འབྱུང་གནས་མཇལ་མཁན་ཚོ་ལ། །ལྷོ་ན་རིན་ཆེན་འབྱུང་གནས་མཇལ་མཁན་ཚོ། །
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་
  • Rinchen Wangmo & Thinley Choden: རིན་ཆེན་འབྱུང་གནས་དངུལ་གྱི་བུམ་པ་བཞེངས་ལ། །གཞོན་གཞོན་[ཤོག་ཤོག་?]ངེད་ཚོ་བུམ་པ་ཁ་རྒྱན་བཀལ་ལ། །གཞོན་གཞོན་[ཤོག་ཤོག་?]ངེད་ཚོ་བུམ་པ་ཁ་རྒྱན་བཀལ། །
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་
  • Rinchen Wangmo & Thinley Choden: ཁ་རྒྱན་འགྱུར་བ་མ་གནང་བླ་མ་མཁྱེན་ལ། །བྱིན་རླབས་ཞུ་ནས་ལོག་འགྲོ་ཆོས་གྲོགས་ཚོ་ལ། །བྱིན་རླབས་ཞུ་ནས་ལོག་འགྲོ་ཆོས་གྲོགས་ཚོ། །
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་
  • Rinchen Wangmo & Thinley Choden: ཉི་མ་ནུབ་ཀྱི་ཕྱོགས་ལ་ཐལ་མཁན་ཚོ་ལ། །ནུབ་ན་སྣང་བ་མཐའ་ཡས་མཇལ་མཁན་ཚོ་ལ། །ནུབ་ན་སྣང་བ་མཐའ་ཡས་མཇལ་མཁན་ཚོ། །
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་
  • Rinchen Wangmo & Thinley Choden: སྣང་བ་མཐའ་ཡས་དངུལ་གྱི་བུམ་པ་བཞེངས་ལ། །གཞོན་གཞོན་[ཤོག་ཤོག་?]ངེད་ཚོ་བུམ་པ་ཁ་རྒྱན་བཀལ་ལ། །གཞོན་གཞོན་[ཤོག་ཤོག་?]ངེད་ཚོ་བུམ་པ་ཁ་རྒྱན་བཀལ། །
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་
  • Rinchen Wangmo & Thinley Choden: ཁ་རྒྱན་འགྱུར་བ་མ་གནང་བླ་མ་མཁྱེན་ལ། །བྱིན་རླབས་ཞུ་ནས་ལོག་འགྲོ་ཆོས་གྲོགས་ཚོ་ལ། །བྱིན་རླབས་ཞུ་ནས་ལོག་འགྲོ་ཆོས་གྲོགས་ཚོ། །
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་
  • Rinchen Wangmo & Thinley Choden: ཉི་མ་བྱང་གི་ཕྱོགས་ལ་ཐལ་མཁན་ཚོ་ལ། །བྱང་ན་དོན་ཡོད་གྲུབ་པ་མཇལ་མཁན་ཚོ་ལ། །བྱང་ན་དོན་ཡོད་གྲུབ་པ་མཇལ་མཁན་ཚོ། །
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་
  • Rinchen Wangmo & Thinley Choden: དོན་ཡོན་གྲུབ་པ་ཟངས་གྱི་བུམ་པ་བཞེངས་ལ། །གཞོན་གཞོན་[ཤོག་ཤོག་?]ངེད་ཚོ་བུམ་པ་ཁ་རྒྱན་བཀལ་ལ། །གཞོན་གཞོན་[ཤོག་ཤོག་?]ངེད་ཚོ་བུམ་པ་ཁ་རྒྱན་བཀལ། །
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་
  • Rinchen Wangmo & Thinley Choden: ཁ་རྒྱན་འགྱུར་བ་མ་གནང་བླ་མ་མཁན་ལ། །བྱིན་རླབས་ཞུ་ནས་ལོག་འགྲོ་ཆོས་གྲོགས་ཚོ་ལ། །བྱིན་རླབས་ཞུ་ནས་ལོག་འགྲོ་ཆོས་གྲོགས་ཚོ།། ལགས་སོ།། །།
    རིན་ཆེན་དབང་མོ་དང་འཕྲིན་ལས་ཆོས་སྒྲོན་