Skip to main content Skip to search
25 Jun 2018
7 min 38 sec
Video Overview
Creators: 
Duptho, Sonam Chophel

Rang Chung from Shungthung village sings “Shar Dhi La Madro.” According to an oral account, this song was first sung by three siblings from Dungsam when they went on a pilgrimage to Bodhgaya, the site in India where Shakyamuni attained enlightenment. The song is usually performed during the Tsheku Yangku ritual, which is supposed to increase life longevity and household wealth. The song can be sung solo or in groups, in which case there can be an accompanying dance. Primarily, women dance by forming a line facing the spiritual masters in a gesture of devotion and homage. It is sung to create a positive interconnection, or tendrel, at the conclusion of festive events.  The song echoes hope and wishes for a good harvest, prosperity, a body without illnesses and a mind without worries. 

༉  བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཤུན་ཏུང་ལས་རང་ཆུང་གིས་འཐེན་མི་གླུ་གཞས་ ཡ་ཡ་རྒྱ་གར་རྡོ་རྗེ་གདན་གེའི་ ཟེར་མི་ཅིག་འཐེན་ཏེ་འདུག གླུ་གཞས་འདི་ ཕོག་ཚད་ཅིག་འབད་བལྟ་བ་ཅིན་ བརྩམས་པ་པོ་ག་ཨིན་ས་ཅིག་རུང་ ནང་ན་གི་ཚིག་ཚུ་ཚངས་ལྷ་ཁ་ནང་ཡོད་པ་གིས་མ་ཚད་ ས་གནས་དེ་ཚུ་ཡང་ ཕར་ཤར་ཕྱོགས་ཁ་ཐུག་གི་ས་གནས་ཚུ་འཐོན་དོ་ཡོདཔ་ལས་ ཤར་ཕྱོགས་གདུང་བསམ་ཁ་ཐུག་ལས་བྱུང་བྱུངམ་བཟུམ་ཅིག་འདུག གླུ་གཞས་འདི་ ཁོ་ར་གིས་སླབ་དོ་བཟུམ་འབད་བ་ཅིན་ ཚེ་ཁུག་གཡང་ཁུག་བཏངམ་ད་འཐེན་དོ་ཡོདཔ་ད་ དེ་ཡང་ ཚེ་ཁུག་གཡང་ཁུག་བཏངམ་ད་ ཚེ་དང་གཡང་ཞུ་བའི་ཚུལ་ཨིན་པས། གླུ་གཞས་ཀྱི་ཚིག་ནང་འབད་རུང་ རྒྱ་གར་རྡོ་རྗེ་གདན་ལས། །ནོརབུ་ཞུ་བར་འགྱོ་ནི་ཨིན་ཟེར་ གླུ་གཞས་འདི་ གུས་བཏུད་ཀྱི་སྒོ་ལས་འབད་ གྱལ་བསྒྲིགས་ཏེ་བླམ་ཆོསཔ་ཚུ་གི་སྐུ་མདུན་ལས་སྦེ་ ཨམ་སྲུ་ཚུ་གིས་འབད་ཕུལ་དོ་ཡོདཔ་མས།

Transcript search
No results found for this search
0 of 0
  • རང་ཆུང་
    Rangchung: ལགས་སོ། ཏེ་ད་ལྟོ་ནཱ་ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ར་ལུངམ་པ་ལུ་ ཚེ་བཀུག་གཡང་བཀུག་འབདཝ་ད་ལུ་ ཞབས་ཁྲ་རྐྱབ་ནི་གི་ ཞབས་ཁྲ་གི་དོན་ཁུངས་འབད་བ་ཅིན་ ཨ་ནཱི་ཨིན་ཟེར་བའི་ ང་གིས་ཚིག་དང་བཅསཔ་ ནཱ་ལུ་གླུ་གཞས་ཅིག་འཐེན་ནི་ཨིན། ཡ་ ད་འཐེནམ་ཨིན།
  • རང་ཆུང་
    Rangchung: ཡ་ཡ་ རྒྱ་གར་རྡོ་རྗེ་གདན་གེའི། །ནོར་བུ་ཞུ་ལེ་གི་ལ། །ནོར་བུ་ཞུ་ལེ་གི་ལ། །
  • རང་ཆུང་
    Rangchung: ཡ་ཡ་ ཨ་ཏ་རྟ་མགྲིན་གྲུབ་པ། །ཁ་ཀྲི་ས་རི་མེན་ཤོག །་ཡ་ཀ་ཀྲི་ས་རི་མེན་ཤོག །
  • རང་ཆུང་
    Rangchung: ཡ་ཡ་ ཨ་ན་ནོར་བུ་ལྷ་མོ། །ཏང་སེ་མ་ས་རི་མེན་ཤོག །ཡ་ཏང་སེ་མ་ས་རི་མེན་ཤོག །
  • རང་ཆུང་
    Rangchung: ཡ་ཡ་ ཨ་ན་གཟི་བརྗིད་ལྷ་མོ། །པང་ཁེབས་ས་རི་མེན་ཤོག །ཡ་པང་ཁེབས་ས་རི་མེན་ཤོག །
  • རང་ཆུང་
    Rangchung: ཡ་ཡ་ ཐའི་ནོར་བུ་ཞུ་ཉི་ཕཱན་ཅ། །གུ་དམ་གཤེགས་པ་ཁབ་ཉི། །ཤ་རང་མ་ལྕེབ་ཅོ་ན། །
  • རང་ཆུང་
    Rangchung: ཡ་ཡ་ །སྐྱིད་སི་ཐང་ག་གཤེགས་པ། །སྐྱིད་པ་ཨ་ཉི་ཆོ་ཁའི་ཨའེ་སམ། །ཡ་སྐྱིད་པ་ཨ་ཉི་ཆོ་ཁའི། །
  • རང་ཆུང་
    Rangchung: ཡ་ཡ་ ཇ་མེ་རི་ལ་མ་ལ། །རི་ཐུར་ཆེ་ལེ་མེ་མོ་ཨའེ་སམ། །ཡ་རི་ཐུར་ཆེ་ལེ་མེ་མོ། །
  • རང་ཆུང་
    Rangchung: ཡ་ཡ་ རི་ག་མིང་ཆོ་དག་ནས། །ཆེ་ནང་རི་རང་དག་པས། །ཡ་ཆེ་ནང་རི་རང་དག་པས། །
  • རང་ཆུང་
    Rangchung: ཡ་ཡ་ ཆོ་ལེ་ཕའེ་ལ་མ་ལ། །ཕའེ་ཐུར་བཅོས་ཁའེ་མེ་སྨོ་ཨའེ་སམ། །ཡ་ཕའེ་ཐུར་བཅོས་ཁའེ་མེ་སྨོ། །
  • རང་ཆུང་
    Rangchung: ཡ་ཡ་ ཕའེ་ག་མིང་ཆོ་དག་ནས། །གདུང་བསམ་དག་པས་གི་ལ། །ཡ་གདུང་བསམ་དག་པས་གི་ལ། །
  • རང་ཆུང་
    Rangchung: ཨའོ་་་་་ཟེར་སླབ་ནི་ཨིན་ལགས།