Skip to main content Skip to search
05 Dec 2014
25 min 42 sec
Rating
0
No votes yet
Video Overview
Creators: 
Yeshi Wangchuk

བུ་ལི་མཆོད་པའི་སྐབས་ གཏོརམ་དེ་སྦེ་བཞེངས་ནི་དེ་ ཉི་མ་ལུང་གི་བླམ་ པདྨ་ལ་གིས་འགོ་བཙུགས་གནང་གནངམ་ཨིན་ ཟེར་ཡང་སླབ་མས། བུ་ལི་མཆོད་པའི་སྐབས་ ཆོས་པའི་ལུགས་དང་ བོན་གྱི་ལུགས་གཉིས་ཆ་ར་འབད་སྲོལ་ཡོདཔ་ད་ མཆོདཔ་འགོ་མ་བཙུགས་པའི་ཧེ་མ་ གསུང་ཆོག་གི་དོན་ལུ་ གཏོར་བཞེངས་ལས་འགོ་བཟུང་བཅའ་སྒྲིག་གཞན་ཚུ་ཡང་ མ་བཏུབ་བཏུབ་སྦེ་རྐྱབ་དོ་ཡོདཔ་ཨིན། བདག་བསྐྱེད་ བླམ་ནོར་བུ་རྒྱ་མཚོ་གིས་གཙོས་པའི་གཞན་ ཆོས་སྲུང་གི་གཏོརམ་ཚུ་ཡང་བཞེངསམ་ཨིན་མས།

 

Show More

  • ཁྱོད་ཀྱི་ཕར་ལས་ འཇའ་བས་སྨོ? ད་འབདན་འཇའ་བ་ཅིན་
  • ཕྲང་ནུག་ག? ང་བཅས་གཉིས་ཀྱིས་ ཕྲང་ནུག་ག?
  • བླམ་ནོར་རྒྱམ་གྱི་ གཏོར་མ་ངོ་མ་འདི་ འ་ནཱེ་ཨིན་ལགས་སྦོམ་སྦེ། ཨ་ནཱི་སྦེ་ མ་བཞེངས་པ་ཅིན་འདི་ གཏོརམ་ ཁོ་ར་རང་འབྱུང་སྦོམ་འབད་ནི་དེ་གིས་ བཟོ་རང་མི་ཚུགས་པས་པ་ལགས། འ་ནཱེ་འབད་ནི་དེ་གིས།
  • གཏོར་བསྒྲུབས་ཀྱི་སྐབས་ལུ་ཞུཝ་ད་ ཨ་ནཱི་སྦོམ་འདི་ རྐྱངམ་ཅིག་ ཞུཝ་ཨིན་ལགས།
  • འ་ཨིན་ལགས། ཨ་ནཱི་ཨིན་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk:
    གཞན་མི་འདི་ཚུ་འདི་ ཧེ་མ་ལས་རང་ ?
  • འོང་གཞན་མི་ རག་ཀ་རོག་ཀ་འདི་ཚུ་འདི་ ཧེ་མ་ལས་རང་ ཡར་བཀལ་བཞག་སྦེ་ དེ་ལས་ ངོ་མ་ཁོ་ཨིན་པས་པ་ལགས་ བླམ། བླམ་བསྒྲུབས་ཕུལ་ཞིནམ་ལས་
    སྤྱིར་བཏང ་གཏོར་བསྒྲུབས་ཟེརཝ་ མ་གཞི་གི་ ཧེ་མ་ག་ར་ བཟོ་ཚར་བའི་ ཨ་ནཱི་ཨིན་པས་པ་ལགས། གཏོར་བསྒྲུབས་འབདཝ་ད་ ག་ར་བཟོ་ཚར་དགོ་ལགས། ཚར་ནི་འདི་
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk:
    གཏོར་མ་གི་དོན་ལུ་ ཆུམ་འབད་བ་ཅིན་ བྲེ་ག་དེམ་ཅིག་གི་རྩིས་ ཡར་སོང་ཡི་ག་སྨོ་ལགས?
  • དཀོན་གཉེར་/Konyer:
    གཏོརམ་གི་དོན་ལུ་ ཆུམ་ བྲེ་བཅུ་གསུམ་རེ་ འགྱོཝ་མས་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk:
    བཅུ་གསུམ་ཡ་ལགས?
  • བཅུ་གསུམ་གྱི་མི་ཚད་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk:
    ཨ་ནཱི་ལུ་རང་ འགྱོ་ནི་མས་ཧ་ལམ་ཅིག་འདི།
  • དཀོན་གཉེར་/Konyer:
    འོང་་་ཨ་རྟག་འབད་བ་ཅིན་ ད་རེས་འབདཝ་ད་ རྡིགཔ་ཨིན་ལགས། འ་ནཱེ་འབད་ནི་དེ་གིས་ ༡༥ འགྱོཝ་མས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk:
    བྲེ་ ༡༥ ཡ་ལགས?
  • དཀོན་གཉེར་/Konyer:
    འོང་ལགས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk:
    མར་འདི་ ང་བཅས་རའི་ བ་མར་སྨོ་ ཨ་ནཱི་རྒྱ་ལས་ཐོན་མི་སྨོ?
  • དཀོན་གཉེར་/Konyer:
    ད་ ང་བཅས་རའི་ རྒྱ་ལས་ཐོན་མི་རང་ རྐྱབ་དགོ་པས།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk:
    རྒྱ་ལས་ཐོན་མི་ རྐྱབ་ཆོག་ཆོག་སྦེ་ བཟོ་ཡོད་མི་འདི་ཡ?
  • དཀོན་གཉེར་/Konyer:
    ཨིན། རྒྱ་ལས་ཐོན་མི།
  • འ་ནཱ་ལུ་རང་ བྲེ་ ༡༥ དེ་ཅིག་སྦེ་ འགྱོཝ་མས་ཏེ?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk:
    འགྱོ་དོ་འོང་ལགས་ ཨ་ནཱི་གཅིག་ལུ་རང་ བྲེ་ ༡༥ དེ་ཅིག་འདི་ འགྱོ་དོ་འོང་།
  • འགྱོ་མས་ལགས།
  • ཨ་ནཱི་སྦོམ་འདི་ ཤུལ་མ་བཀལ་ན་ འ་ནཱི?
  • ད་མ་ཤེས་སྨ་རེད་ འ་ནཱི་འདི་ལགས།
  • འ་དྲན་པ་མིན་འདུག་ག་ར་་་།
  • བཟུང་མས་ ཡ་ཡ་་་།
    Hold on, okay?
  • ཡར་ཡར་་མར་མར་མར་ ཡར་ཡར་ ཐོག་ཁར་རྫོགས་སོང་ཡི། འགྲོས་ཀྱིས་འབད་འགྲོས་ཀྱིས་འབད། ཨ་ཙི་བསྒུགས་ཤིག
  • ཕར་དྲགས་སོང་ཡི་ ཡ་ཡ་ འོ་་་འོ་་འོ་
  • ཕྲང་མས་གོ་ཤིག་་ འགྱིར་ཤིག་འགྱིར་ཤིག་ འ་ནཱེམ་ཅིག གདོང་ཁར་འབད་ཤིག་ འ་ནཱེ་གིས་ མར་ཨེབ་བཞག་འོང་པ་ཏེ་ཁོ་
  • རིན་པོ་ཆེ་བྱོནམ་ད་ དཀར་མེ་གཅིག་དང་དབའེ་