Skip to main content Skip to search
03 Feb 2016
3 min 57 sec
Video Overview
Creators: 
Dawa Tshering, Thinley Dorji

Tshewang Lhamo sings a boedra song whose lyrics are similar to the lyrics to the popular boedra song "Gola legpai Ada Mathra," but the tune is different.

 

ཐིམ་ཕུ་རྗེས་དྲན་མཆོད་རྟེན་ལུ་བསྐོར་ར་རྐྱབ་པར་འོང་མི་ ཨང་རྒས་ཚེ་དབང་ལྷ་མོ་གིས་འཐེན་ཏེ་ཡོད་པའི་གླུ་གཞས་ ཟོང་ལེགས་པའི་ཨ་ད་ཁ་དམར་འདི། ཟེར་མི་འདི་ གླུ་གཞས་ གོ་ལ་ལེགས་པའི་ཨ་ད་དམར་ཁྲ་འདི། ཟེར་མི་དེ་དང་ ཅོག་འཐདཔ་འཚམས་ཅིག་སྦེ་འཐེན་ནི་འདུག དེ་འབདཝ་ད་ ཚིག་གི་ཁ་ཐུག་ལས་འདྲ་སུ་ཅིག་སྦེ་འཐེན་ཏེ་འབད་རུང་ གདངས་ཀྱི་ཐད་ཁ་ལུ་མ་པ་ལས་སོ་སོ་སྦེ་འཐེན་ནི་འདུག ཨ་ནི་འབདཝ་ད་ ང་བཅས་རའི་རྒྱལ་ཁབ་ནང་ ཁ་རྒྱུན་རྣ་རྒྱུན་སྦེ་ལྷབ་ལྷབ་འབད་ནི་འདི་གིས་ གླུ་གཞས་ལ་ལུ་ ཚིག་གི་སྒྲ་ཉམས་ཏེ་ཚིག་མ་དགཔ་འགྱོ་འགྱོཝ་ ལ་ལུ་གདངས་མ་ཕོགཔ་ ལ་ལུ་དོན་ཆེད་འབད་ར་ ཚིག་ཅོག་ཅིགཔ་གདངས་སོ་སོ་ ལ་ལུ་གདངས་ཅོག་ཅིགཔ་ཚིག་སོ་སོ་སྦེ་འཐེན་འཐེནམ་གི་གླུ་གཞས་ ལེ་ཤ་ཅིག་ར་འདུག།

 

Transcript search
No results found for this search
0 of 0
  • སྣ་ཀོ། Nako
    བྱཱ་འདི་ཧེ་མ་ལས་ལེགས་པས། འདི་བས་འདི་ལེགས་པས་ཟེརཝ་མས་ལོ། སྤ་ད་ བྱ་གསད་རུང་ཡང་ ནཱེ་ཅིག་མས། ནོར་གཅིག་གསད་བཏང་ད་དགེ་ཟེར་ ནོར་རོགས་ཁོ་ཡང་ སྦོམ་འབད་ད་པ། ནོར་ རོགས་ཁོ་སྦོམ་ཨིན། ནོར་གཅིག་བསད་དེ་ ནོར་ཤ་མཆོད་མཆོདཔ་མས། སྤ་འདི་བས་ཡང་ འདི་ལེགས་པས་ཟེརཝ་མས་ལོ།
  • སྣ་ཀོ། Nako
    སྤའོ་ད་ ནོར་བསད་རུང་ཡང་ནཱེ་ཅིག་མས། ད་ཕགཔ་འབདན་འདི་ ནཱི་བས་ཡང་རྔམ་མས་ ཕགཔ་འདི་ཏེ་ རྟག་བུ་ར་ ཕག་ཤ་གནམ་མེད་ས་མེད་ གུ་དྲི་ཚུ་ཡང་སྦོམ་སྦེ་ ཕག་ཤ་བཟོ་ མཆོད་མཆོདཔ་མས། སྤའོ་འདི་བས་འདི་ ལེགས་པས་ཟེར་བའི་ལོ།
  • སྣ་ཀོ། Nako
    སྤའོ་ད་ བྱ་ཤ་བས་ཡང་ ནོར་ཤ་ལེགས་པས་ལོ། ནོར་ཤ་བས་ཡང་ ཕགཔ་ཤ་ལེགས་པས་ལོ། ད་ཕགཔ་ཤ་གི་ཡང་ དེ་སྦེ་འབདན་ ད་རྟ་ཉོ་བ་ཅིན་ གོང་མཐོ་བས་ཟེར་ཏེ་ ཏེ་དང་ཕུགས་ཀྱི་མི་ཏེ་ རིག་པ་སྡུག་སྟེ་ མིག་ཏོ་མ་མཐོངན་མ་ཤེས་ ཏེ་ནོར་དང་ཕགཔ་ བྱ་བས་ཡང་ རྟ་གོང་མཐོ་བས་ཟེར་ཏེ་ རྟ་ཅིག་ཉོ་སྟེ་ བསད་ཞིནམ་ད་ མཆོད་ད་དགེ་ཟེར་ ད་ཡར་མི་ཆ་ཁྱབ་ཁ་སླབ་སྦེ་ དེ་ལས་ཏེ་ རྟ་བསད་ནི་སྦེ།
  • སྣ་ཀོ། Nako
    ལྷོད་བསྡོམས། དེ་ལས་ཏེ་ལྟོ་འབད་ དེ་ལས་ རྟ་བསད་དེ་མཆོད་ནི་སྦེ་ཏེ་ རྟ་གི་ཤ་ ཧེ་མ་བཟུམ་སྦེ་ར་ ལྷམ་བསྡུ་སྟེ་ མཆོད་མཆོདཔ་མས། དེ་ལས་ཏེ་ ཡར་གནསཔ་ཁྲོལ༌ཏེ༌ ཏེ་ ཨཔ་དོརམ་ཚངཔ་ཏེ་ རྩིགཔ་བཟའ་སྟེ་ སྤ་ང་གིས་ ཁོང་ལུ་དངོས་རྒྱུས་གནང་། ཁོང་གིས་ ང་ལུ་ འ་ནཱི་བཟུམ་གི་ བཟའ་མ་བཏུབ་པའི་ འ་ནཱེ་སྦེ་ ང་བཅས་མི་འབད་བ་ཅིན་ ཁོང་རང་ཡང་ བཟའ་མ་བཏུབ་པར་ ང་ལུ་ འ་ནཱེ་སྦེ་མཆོདཔ་མས་ཟེར།
  • སྣ་ཀོ། Nako
    དེ་ལས་ཏེ་ དོརམ་ཚངཔ་དགོངམ་ཁྲེལ་ཏེ་ དེ་ལས་ གནམ་ཕྱེད་དེ་ཅིག་ཁ་ལས་ ཏེ་ཁོང་ཡར་གྱི་ རྟ་བབ་གྱི་མི་གཙོ་ཅན་ ང་བཅས་ནཱ་འབད་བ་ཅིན་ མི་ཤེསཔ་མཐོངམ་གཙོ་ཅན་ གཡུས་ཁ་གི་ གཡུས་འདི་ནང་གི་ཇོ་དཔོན་ འ་ནཱི་ཚུ་གི་ གཉིད་ལམ་ནང་ལུ་ བཏོན་བཏོནམ་མས་ཏེ ཨཔ་དོརམ་ཚངཔ་གིས་ གཉིད་ལམ་ནང་ལུ་ བཏང་ག་བཏང་ག་ཟེརཝ་མས་ལོ།
  • སྣ་ཀོ། Nako
    ད་ང་བཅས་ རྟ་འདི་གོང་སྦོམ་སྦེ་ མཆོད་ཅི་བ། ད་ཁོ་ འ་ནཱི་གིས་ ཐུགས་མཉེས་མཉེསཔ་འོང་ནི་མས་ཟེར་ བཏང་ད་ལགས། བཏང་ད་ཟེར་ དེ་ལས་ཏེ་ ཡར་ལས་མར་ རུས་ཐོན་དེ་ དེ་ལས་ ད་རེས་ནཱ་ ད་རེས་ནངས་པར་ འ་ནཱ་རྟ་བ་ མར་བཏབ་ལས་ ལམ་མའི་འོག་ལས་མར་ལུ་ ཚར་གཅིག་གུ་ འ་ནཱེ་སྦེ་ རྒྱ་བརྒྱང་སྟེ་ཨིན་མས་གོ་ཤིག་ལགས། འ་ནཱི་རུས་ཀྱིས་ དང་ཕུགས་རུས་ཀྱི་ ཐོན་ཐོནམ་ཨིན་ཟེར་ཨིན་མས་ལགས།
  • སྣ་ཀོ། Nako
    འ་ནཱི་ ཏེ་རྟ་བབ་ཟེར་ སླབ་དགོ་པའི་ཁུངས་འདི་ འ་ནཱི་རྟ་མཆོད་དེ་ རྟ་བབ་ཟེར་ སླབ་དགོ་མི་འདི་ འ་ནཱི་ཨིན་མས། ཏེ་དེ་ལས་ འ་ནཱི་གི་ འབྱུང་གཞི་ འབྱུང་གཞི་མ་ཚབ་ཀུན་འདུན་ཟེར་མི་འདི་ མོ་ལྷ་ཨིན་མས། ཡར་མོ་ལྷ་ ཏེ་དེ་ལས་ འ་ནཱི་གིས་ ཏེ་དབའེ་ ད་རྟ༌བབ༌གི༌ གདོང་སྐོར་ཕར་འབྱུང་གཞི་ནང་ ཕར་གདོང་སྐོར་ལུ་ ཨ་ཕ་འབྱུང་གཞི་ནང་ཟེར་སླབ་ཨིན། ད་རེས་ བསམ་གཏན་གླིང་གི་འོག་ལུ།
  • སྣ་ཀོ། Nako
    འབྱུང་གཞི་ནང་ ཏེ་འ་ནཱི་ འབྱུང་གཞི་ནང་ མ་ཚབ་ཀུན་འདུན་འདི་གིས་ ཏེ་དབའེ་ད་ ཁོང་རྟ་བབ་ཚུ་ རྟ་བབ་གི་ མི་ཚུ་བཟའ་ནི་འཐུང་ནི་ཡང་ ག་ནི་ཡང་མེད། ད་གནམ་མེད་ས་མེད་ ཏེ་ཕ་ཞིང་ག་ར་ འ་ནཱེ་སྦེ་འབད་དེ་ ཏེ་ ཏེ་འབྱུང་གཞི་མ་ཚབ་ཀུན་འདུན་གྱིས་ ཕྱག་འ་ནཱེ་སྦེ་བཏང་ཏེ་ ད་རེས་ རྟ་བབ་གི་གཡུས་ཚན་དག་པ་ཅིག་ འ་ནཱེ་སྦེ་ཡོད་མི་འདི་ འ་ཡར་ མོ་གིས་ འགོར་འགོརཝ་ཨིན་ཟེར་ཨིན་མས།
  • སྣ་ཀོ། Nako
    ཏེ་འ་ནཱི་ རྟ་བབ་ཟེར་ སླབ་དགོ་པའི་ཁུངས་འདི་ འ་ནཱི་ཨིན་མས། རྟ་མཆོད་བཏང་འདི་ རྟ་བབ་ རྟ་བབ་ཟེར་ བཏང་ག་བཏང་ག་ཟེར་ བྱ་སྟོད་དེམ་ཅིག་ཁར་ ད་རེས་འབད་བ་ཅིན་ ཆུ་ཚོད་གཉིས་གསུམ་དེ་ཅིག་ཁར་ སླབ་སླབ་མས། ཡར་ལས་མར་ འ་ད་མེན་ད་ གོང་སྦོམ་མཆོད་མཆོདཔ་འབད་ནི་དེ་གིས་ ཁོ་ཐུགས་མཉེས་མཉེསཔ་མས་ཟེར་ བཏང་ད་བཏང་ཟེར་ འ་ནཱེ་སྦེ་ རུས་ཐོན་ཏེ་ སྤུན་ན་པའི་ ཕོ་ཆུ་མོ་ཆུ་བཟུམ་སྦེ་ཏེ་ བྱིམ་དང་རྡོ་འ་ནཱེ་སྦེ་འབག་སྟེ།
  • སྣ་ཀོ། Nako
    ད་རེས་ ཡར་རྟ་བབ་ལས་མར་ ད་རེས་འབད་ཚེ་ཏེ་ ས་གིས་ཆགས་ ཁྱིམ་རྐྱབ་མམ། དང་ཕུགས་རུས་གིས་ཏེ་ འ་ནཱེ་སྦེ་ བཀལ་བཀལཝ་མས་ཏེ་ལགསཐཐཐ།