Skip to main content Skip to search
28 Jun 2018
3 min 18 sec
Video Overview
Creators: 
Yeshi Wangchuk, Lhakpa

The song Rinchen Norbu Rigi Tsemo has been sung by Aum Wangmo since she learned it from her mother at a young age. She led the performance of this song during the Chojam consecration. She does not know who composed this song or its melody. The song talks about jewelry at the upper mountain, the middle of the mountain, and at the bottom of the mountain.

ཨམ་དབང་མོ་གིས་ གླུ་གཞས་འདི་ མོ་རའི་ཨའི་ལས་ ལྷབ་ཡོདཔ་མ་ཚད་ གཞོནམ་སྦེ་སྡོད་པའི་བསྒང་ མོ་ར་སྐྱོ་འགྱམ་ རབ་གནས་ཀྱི་སྐབས་ རྩེད་དཔོན་སྦེ་ཡང་ ཞབས་བྲོ་ཚུ་རྐྱབ་ཡོདཔ་ལས་ ཞོར་ཁ་ལུ་ མོ་ར་གིས་ཤེས་ཡོདཔ་སྦེ་སླབ་ཨིན་པས། གླུ་གཞས་འདི་ ཨམ་དབང་མོ་གིས་ མོ་རའི་ཨའི་ལས་ ལྷབ་ཅི་ཟེར་ཨིན་རུང་ ཚིག་བརྩམས་མི་དང་ གདངས་བཟོ་མི་ག་ཨིན་ན་ ཁ་གསལ་སྦེ་མི་ཤེས་པས། གླུ་གཞས་འདི་ གསར་སྨད་ཀྱི་གཡུས་ཁར་ དར་ཁྱབ་ཆེ་ཏོག་ཏོ་སྦེ་ རྐྱབ་སྲོལ་ཡོད་རུང་ ལུང་ཕྱོགས་གཞན་ཁར་ལས་ཕར་ གནམ་མེད་ས་མེད་ཅིག་ འཐེན་ས་དང་ རྐྱབ་ས་མ་འཐོང་།  གླུ་གཞས་འདི་གིས་ རིན་ཆེན་གསེར་ གངས་རིས་སྟེང་དང་ བར་དང་ དེ་ལས་འོག་སྐོར་བཤད་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • དབང་མོ་ Wangmo
    རི་ཆེན་ནོར་བུའི་རི་གི་རྩེ་མོ་ན་ལ། །གཡང་གར་(གཡང་མོ)ལུག་མོ་འཁྱམས་པའི་གདན་ས་རེད་ལ། །གཡང་མོ་ལུག་མོ་འཁྱམས་པའི་གདན་ས་རེད། །
  • དབང་མོ་ Wangmo
    དཀར་པོ་དཔལ་གྱི་རྩིག་པ་རི་ལས་མཐོ་ལ། །ཨོ་ལོ་ཆོས་ལ་འགྲོ་བའི་ཆོས་སྐུ་རེད་ལ། །ཨོ་ལོ་ཆོས་ལ་འགྲོ་བའི་ཆོས་སྐུ་རེད། །
  • དབང་མོ་ Wangmo
    རི་ཆེན་ནོར་བུའི་རི་གི་སྐེད་པ་ན་ལ། །ས་ལམ་བགྲོད་མ་བྱ་བའི་གདན་ས་རེད་ལ། །ས་ལམ་བགྲོད་མ་འཁྱམས་པའི་གདན་ས་རེད། །
  • སྒོ་བསྡམ་ད།
  • དབང་མོ་ Wangmo
    དཀར་པོ་འོ་མའི་རྒྱ་མཚོ་འཁྱིལ་གསེས་འཁྱིལ་ལ། །སེར་པོ་མར་གྱི་རྩིག་པ་རི་ལས་མཐོ་ལ། །སེར་པོ་མར་གྱི་རྩིག་པ་རི་ལས་མཐོ། །
  • དབང་མོ་ Wangmo
    སེར་པོ་མར་གྱི་རྩིག་པ་རི་ལས་མཐོ་ལ། །ཨོ་ལོ་ཆོས་ལ་འགྲོ་བའི་མཆོད་མར་རེད་ལ། །ཨོ་ལོ་ཆོས་ལ་འགྲོ་བའི་མཆོད་མར་རེད། །
  • དབང་མོ་ Wangmo
    རི་ཆེན་ནོར་བུའི་རི་གི་རྩ་བ་ན་ལ། །ཞིང་མོ་ཁ་གང་གྲུབ་བཞི་གདན་ས་རེད་ལ། །ཞིང་མོ་ཁ་གང་གྲུབ་བཞི་གདན་ས་རེད། །
  • དབང་མོ་ Wangmo
    དཀར་པོ་འགྲོ་བའི་རྩིག་པ་རི་ལས་མཐོ་ལ། །ཨོ་ལོ་ཆོས་ལ་འགྲོ་བའི་ཆོས་རྒྱགས་རེད་ལ། །ཨོ་ལ་ཆོས་ལ་འགྲོ་བའི་ཆོས་རྒྱགས་རེད། །
  • དབང་མོ་ Wangmo
    ཡ་ལགས་སོ་་་ད་མཇུག་བརྗེད་མས་ད།