Video Overview
Choney Zangmo from Radhi Gewog, Tashigang, sings an old boedra song entitled Sharchog Riboi Tseley (From the Top of the Eastern Mountain). The song is a religious song that praises a renowned master. The composer compares the talents and body parts of the master with the elements of the sun, a religious instrument, and a scarf. This song can be performed in any kind of religious celebration or gathering. It is performed in a circular formation with around five to twenty dancers. The origin and the composer of the song are unknown.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ ཆོས་ཉིད་བཟང་མོ་གྱི་ བོད་སྒྲ རྙིངམ་ ཤར་ཕྱོགས་རི་བོའི་རྩེ་ལས་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ཆོས་དང་ འབྲེལ་བའི་ཡོདཔ་ལས་ ཁོ་རའི་རྩ་བའི་བླམ་ལུ་ བསྟོད་པ་འཕུལ་ནུག། རྩམ་པ་པོ་གི་ རིག་སྟོབས་དང་ གཟུགས་ཀྱི་ཆ་ཤས་ཚུ་ ཉིམ་ རྒྱ་གླིང་དང་ དར་འདི་ཚུ་ལུ་ དཔེ་བཞག་ནུག། ཞབས་ཁྲ་འདི་ ཆོས་དང་འབྲེལ་བའི་ དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས
- Pakaling
- Radhi
- Trashigang
- ཆོས་ཉིད་བཟང་མོ་ Choney Zangmoཤར་ཕྱོགས་རི་བོའི་ལ་རྩེ་ལས། །ཙཱ་རི་སྨྱུག་མ་འཁྲུངས་ཡོད་ལ་ཤེས་པས་སྭོ་ཡ་ལ། །ཙཱ་རི་སྨྱུག་མ་འཁྲུངས་ཡོད་ལ་ཤེས་པས་སྭོ་ཡ་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoཙཱ་རི་སྨྱུག་མ་ལ་མ་རེད། །ང་ཚོ་བླ་མའི་སྐུ་གཟུགས་ལ་ཤེས་པས་སྭོ་ཡ་ལ། །ང་ཚོ་བླ་མའི་སྐུ་གཟུགས་ལ་ཤེས་པས་སྭོ་ཡ་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoཤར་ཕྱོགས་རི་བོའི་ལ་རྩེ་ལས། །དཀར་གསལ་ཟླ་བ་ཤར་ཡོད་ལ་ཤེས་པས་སྭོ་ཡ་ལ། །དཀར་གསལ་ཟླ་བ་ཤར་ཡོད་ལ་ཤེས་པས་སྭོ་ཡ་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoདཀར་གསལ་ཟླ་བ་ལ་མ་རེད། །ང་ཚོ་བླ་མའི་ཞལ་རས་ལ་ཤེས་པས་སྭོ་ཡ་ལ། །ང་ཚོ་བླ་མའི་ཞལ་རས་ལ་ཤེས་པས་སྭོ་ཡ་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoཤར་ཕྱོགས་རི་བོའི་ལ་རྩེ་ལས། །གསེར་གྱི་རྒྱ་གླིང་འཕུ་ཡོད་ལ་ཤེས་པས་སྭོ་ཡ་ལ། །
- ཆོས་ཉིད་བཟང་མོ་ Choney Zangmoགསེར་གྱི་རྒྱ་གླིང་ལ་མ་རེད། །ང་ཚོ་བླ་མའི་གསུངས་སྐད་ལ་ཤེས་པས་སྭོ་ཡ་ལ། །ང་ཚོ་བླ་མའི་གསུངས་སྐད་ལ་ཤེས་པས་སྭོ་ཡ་ལ།། །།