Skip to main content Skip to search
06 Jan 2016
1 min 34 sec
Rating
0
No votes yet
Video Overview
Creators: 
Unknown

A woman has a toothache and talks with her husband about how she should treat it.

Show More

  • ཀ།
    དབང་འདུས་ལགས་གཟིགས་དང་།ངའི་སོ་འདི་རྒྱའུ་ན་གིས།ཁ་སང་ཁྱེད་རང་གི་ལྷན་པོ་སྐྱོན་པ།ད་འདི་འགོག་ཨ་ནི་མཇུག་གུ་ཁ་དཀྲུས་པ་རེད་པ།ཁྲག་ཞེ་པོ་འདོན།ད་དེ་ནས་རྦད་དེ་སྦིང་།སྦིང་།བྱེད་ཀྱིས།འདིའི་གཟིགས་དང་།འདུག་གང་།
  • ཀ།
    ཨོའོ་འདུག་འདུག་
  • ཀ།
    ད་འདི་ཕར་བཀོག་བཞག་གནང་དང་།འདི་ཁོ་རེ་བཀོག་བཞག་གནང་དང་།ཕར།
  • ཀ།
    ལགས།ཨོའོ་ཨོང་།བཀོག་རྒྱུ་ཡོའོ་མ་རེད་དང་།
  • ཀ།
    ཨ་ནི་ག་རེ་ཡིན་ན།
  • ཀ།
    ཨ་ལས་ཁྱེད་རང་ཨོའོ།ཨ་ལས་སྦིར་སྨན་བརྒྱབ།སྦིར་སྨན་བརྒྱབ་བྱས་ཨ་ལས།
  • ཀ།
    དྲུས་གནང་གས།
  • ཀ།
    ཨོང་།ཨ་ལས་སྔོན་ན་ཡ་དྲུས།ཁོ་གཉན་ཁ་ཆགས་ས་ཡ་གི་གཙང་མ་དཀྲུས།ཨ་ལས་ཉི་མ་གཉིས་ཙམ་ཞིག་ཨོའོ་འདི་སྨན་བླུགས་བྱས་ཏིག་ཙམ་ཅིག་གཞག་དང་།
  • ཀ།
    བྱས་ན་སྨན་ཁ་སང་ཁྱེད་རང་གི་བླུགས་གནང་སོང་ང་དེའི།
  • ཀ།
    རེད།སྨན་བླུགས།ཁོ་གཉན་ཁ་འདི་མར་བཅག་
  • ཀ།
    ཞེ་པོ་ན་གིས།ཨོང་།
  • ཀ།
    ད་རྗེས་མ་ཕན་ཐོགས་ཡས་འདུག་གས་༼གམ་༽།ཁྱེད་རང་གི་སོ་འདི།
  • ཀ།
    ད་ཕན་ཨ་ཡོང་བསམ།བཀོག་བཞག་གནང་ན།
  • ཀ།
    ཨོང་།ཨ་ལས་ད་ལྟ་ན་ཚ་བཏང་གིན་བཏང་གིན་བཀོག་ན་ཡག་པོ་ཡོའོ་མ་རེད།
  • ཀ།
    ལས་སེ།ཨ་ནི།
  • ཀ།
    ཨོང་།གཉན་ཁ་བྱེད།བྱེད་ཀྱོག་བརྒྱབ་ཀྱི་རེད།ཨ་ནི་ཡང་ན་ཚ།ཁྱེད་རང་ཁྲག་ཤེད་ཡག་པོ།
  • ཀ།
    ཡོའོ་མ་རེད།
  • ཀ།
    ཡོའོ་མ་རེད་པ།ཁྲག་ཤེད་ཡག་པོ་མེད་ན་སོ་བཀོག་ན་ཉེན་ཁ།ཉེན་ཁ་ཆེན་པོ་ཡོའོ་རེད།ད་ཨ་ལའི་སྔོན་ལ་ཡ།
  • ཀ།
    གཉན་ཁ་བཅག་ཡས་སྨན་དེ་ཟ་དགོས་རེད་པས།
  • ཀ།
    གཉན་ཁ་བཅག་ཡས་སྨན་དེ་ཨོང་།ཨ་ལས་ཉི་མ་ཁ་ཤས་ཅིག་བཞག་དེ་ནི་འཇག་སོངན་སོ་འཕྲོ་བརླག་འདུག་ན་མོ་འདུག་ན་ཨ་ནི་སོ་ཚུར་བཀོག་ཨ་ནི་སོ་གསར་པ་སོ་ཚབ་གཅིག་མགར་ན་ཡག་པོ་ཡོའོ་རེད།
  • ཀ།
    ཨ་ལས།ཚབ་གཅིག་ལགས།
  • ཀ།
    ཨོང་།
  • ཀ།
    ཨ་ལས།ལས་སེ།ཨོང་།ཨ་ནི་ཨེ་འདྲས་བྱེད་དགོས་མིན་འགྲོ།རེད་པ།
  • ཀ།
    རེད་རེད་རེད།ད་ག་གནང་དང་།