Skip to main content Skip to search
01 Feb 2017
3 min 1 sec
Video Overview
Creators: 
Norzin Lhamo, Dr.Karma Phuntsho

Ap Phurpa from Rubesa Gewog, Japhoog village in Wangdue Phodrang sang a Boedra song called "Lhashing Joenpai Tselay" ("From the Tip of the Divine Tree"). The song is composed as a dedication to the prince. From the top of the divine tree, a cuckoo is offering its song to the prince. This song is known primarily in this locality.

 

དབང་འདུས་ཕོ་བྲང་རྫོང་ཁག་ རི་བི་ས་རྒེད་འོག་ གཡུས་བྱ་ཕུག་ལས་ཨིན་མི་ཨཔ་ཕུར་པ་གྱིས་ འབོད་སྒྲ་གི་གླུ་གཞས་ ལྷ་ཤིང་ལྗོན་པའི་རྩེ་ལས་ཟེར་མི་འདི་འཐེན་ནུག། གླུ་གཞས་འདི་རྒྱལ་སྲས་ལུ་བསྟོད་པའི་ཐོག་ལས་རྩོམ་ནུག། ལྷ་ཤིང་ལྗོན་པའི་རྩེ་ལས་ གསུང་ཧན་པའི་ཐོག་ལས་རྒྱལ་སྲས་མཆོག་ལུ་ གླུའི་མཆོད་པ་ཕུལ་དགེ། གླུ་གཞས་འདི་ཁོང་ར་གྱི་གཡུས་ཁ་ལུ་མ་ཏོག་ གཞན་ཁ་ཡོངས་གྲགས་མིན་འདུག།

 

Transcript search
No results found for this search
0 of 0
  • ཕུར་པ། Phurpa
    ལྷ་ཤིང་ལྗོན་པའི་རྩེ་ལས། །གསུང་གི་ལ་ཁུ་བྱུག་སྔོན་མོ། །ལྷ་ཤིང་ལྗོན་པའི་རྩེ་ལས། །གསུང་གི་ལ་ཁུ་བྱུག་སྔོན་མོ། །
  • ཕུར་པ། Phurpa
    རྒྱལ་སྲས་འཇིགས་མེད་མཆོད་པ། །གསུང་གི་མཆོད་པ་ཕུལ་གེ །རྒྱལ་སྲས་འཇིགས་མེད་མཆོད་པ། །གསུང་གི་མཆོད་པ་ཕུལ་གེ །
    from the top of the lush devine tree, the cuckoo with a beautiful voice. Jigme, the Prince, offer him the gift of voice.
  • ཕུར་པ། Phurpa
    སྤང་ལ་སེར་ཤོག་སྤང་ནང་། །མཉམ་རོགས་ལ་གཞོན་པའི་དགའ་སྤྲོ། །སྤང་ལ་སེར་ཤོག་སྤང་ནང་། །མཉམ་རོགས་ལ་གཞོན་པའི་དགའ་སྤྲོ། །
  • ཕུར་པ། Phurpa
    སྣ་ཚོགས་དར་གྱིས་རྒྱན་ཏེ། །འབའ་མོ་བསྐོར་བ་བྱོན་ཤོག །སྣ་ཚོགས་དར་གྱིས་རྒྱན་ཏེ། །འབའ་མོ་བསྐོར་བ་བྱོན་ཤོག །
    In the golden meadow is the youngster's place of merry-making. Cover with various scarves, come and circle the target.
  • ཕུར་པ། Phurpa
    རང་གི་དྲིན་ཆེན་ཕ་མ། །བླམ་དང་ལ་དཀོན་མཆོག་འདྲ་དོ། །རང་གི་དྲིན་ཆེན་ཕ་མ། །བླམ་དང་ལ་དཀོན་མཆོག་འདྲ་དོ། །
  • ཕུར་པ། Phurpa
    ཚེ་ལ་སྐྱེས་པའི་མགུ་གཞོང(མཇུག)། །ཕ་མའི་དྲིན་ལན་མི་འབྱོར། །ཚེ་ལ་སྐྱེས་པའི་མགུ་གཞོང་(མཇུག)། །ཕ་མའི་དྲིན་ལན་མི་འབྱོར། །
    Our benevolent parents, are like our Lama and triple gem. even If we reborn so many time, we won't be able to repay them.
  • ཕུར་པ། Phurpa
    དྲིན་ཅན་ཕ་མ་གཉིས་ཀུ། །མ་སྐྱོ་ལ་མ་འཁྲུལ་སྨ་རེ། །དྲིན་ཅན་ཕ་མ་གཉིས་ཀུ། །མ་སྐྱོ་ལ་མ་འཁྲུལ་སྨ་རེ། །
  • ཕུར་པ། Phurpa
    གཡུས་ལ་པདྨ་ཅན་ལས། །དྲིན་ལན་ཆོས་ཀྱིས་འཇལ་གེ །གཡུས་ལ་པདྨ་ཅན་ལས་། །དྲིན་ལན་ཆོས་ཀྱིས་འཇལ་གེ །
    Our benevolent parents, Don't be sad. Our benevolent Parents, Don't be sad. From the valley of lotus, let me repay you with dharma.