Video Overview
Söyé from Tsogan village in Repgong tells a number of riddles along with their answers.
རྒྱུན་སྤྱོད་ཀྱི་ཁེད་འགའ་བཀོད་ནས་དེའི་ཁྱད་ཆོས་ལྟར་ཀློག་བདེ་ཡིད་འཛིན་སླ་བའི་ཚིག་གི་སྦྱོར་བ་ལ་བརྟེན་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་བཀོད་ཡོད།
བརྙན་འདིར་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་བྱ་དངོས་ཏེ་དཔེར་ན་འཕྱི་བ་དང་། མིག་དང་། ནས་བརྔོ་བ་བཅས་ཀྱི་ཁེད་དང་ཁེད་ལན་འགའ་བཀོད་ཡོད་ལ། ཁེད་ནི་རྩེད་མོ་སོགས་ཀྱི་མདུན་ནས་བཞད་གད་སློང་བའི་ཆེད་དང་། གབ་པའི་ཚིག་དེ་ཕན་ཚུན་གསང་གཏམ་ཀྱི་ཚུལ་ཏུ་སྨྲ་བ་དང་ཡང་ན་རང་དང་མི་མཐུན་པའི་ཕ་རོལ་པོ་རྣམས་མགོ་རྨོངས་པར་བྱེད་པའི་ཕྱིར་དུ་གབ་བྱ་སྣ་ཚོགས་ལ་གབ་བྱེད་སྣ་ཚོགས་སྦྱར་ཏེ་སྟོན་པ་ཞིག་ཡིན་ལ། འདིར་ཡང་ཚིག་བདེ་ཞིང་གོ་སླ་བའི་ཚིག་གི་སྦྱོར་བ་ལ་བསྟེན་ནས་འཚོ་བའི་ཉམས་མྱོང་རྣམས་ཕྱོགས་བསྡུས་བྱས་ཡོད་པའི་ཁེད་འགའ་བརྗོད་ཡོད་།
谜语是用简短易懂的文句来暗示事物的词句,这段视频举例了日常生活中的几则谜语。
本视频讲了日常生活中的几则谜语,用简短易懂的文句来表达。谜语也是藏族传统文化中的一个重要的组成部分,在日常生活的经验中所归纳,为了娱乐和消遣而编制的简短的语句。
- མགོ་ལོག་གཡང་དྲུང་བོན་གྱི་མགོ་འདྲ་འདྲ།
- གཞོལ་ཆུང་སློག་གི་རྒྱབ་འདྲ་འདྲ།
- སྐུ་ཚོགས་ཝ་མ་ལང་གི་སྐད་འདྲ་འདྲ།
- ཕྱི་བའི་ཁེད་རེད།
- དང་པོ་མ་མོ་གྱོ་མོ་སུབ་འདྲ་འདྲ།
- བར་དུ་ཤ་བ་དཀར་པོའི་ར་འདྲ་འདྲ།
- མཐའ་མར་བན་རྒན་ཤི་བའི་རོ་འདྲ་འདྲ་ཟེར་བ་སྤྱང་རེད།
- འབྲོག་པའི་ཁེད་ཞིམ་རེད།
- ར་རེབ་རེའུ་ཡི་ཁང་ནང་ན།
- ཟངས་མ་མ་འབའ་ཡི་ནོར་བུ་ཡིན།
- འདི་ཨེ་ཤེས་སམ།
- མི་ཤེས་གི།
- མིག་གཉིས་ཀ་རེད།
- ར་རེབ་རེའུ་ཡི་ཁང་བཟང་ན།
- དུང་གི་བུ་ལོ་སྤུན་བཞི་ཞིག
- རྒྱ་མཚོ་ཆེན་པོ་ཤ་ར་ར།
- ཟོག་གི་ནུ་མ་རེད།
- ནུ་མའི་ནང་དུ་འོ་མ་ཡོད་པའི་དོན་རེད།
- དེའི་རིགས་མི་ཤེས་ན།
- ཕར་རིའི་ཕྱི་མའི་ད་ཁུག་ན།
- ཚུར་རིའི་ཞགས་ཀྱི་དོའུ་ཁུག་ན།
- ངས་མི་ཤེས་མཛོ་མོ་རེའུ་ཁྲ་མ།
- ནས་བརྔོས་པའི་དོན་རེད།
- ངང་བ་སེར་བོ་གསེར་གཞི་ཅན་པོ་བླ་མའི་ཚ་བོ།
- གོའུ་མགོ་སེར་སྨན་ཁུག་བཏགས་པ་སྨན་པའི་ཚ་བོ།
- པུ་ཤུ་རྟག་རོ་ཡིག་སྒྲིམ་བཏགས་པ་གྲུབ་སའི་ཚ་བོ་ཟེར།
- གླག་རོག་མོ་ཁྱུ་ཆུང་ཅན་པོ་གཞོལ་བའི་ཚ་བོ་ཟེར།
- སྐྱ་ཀ་ཁྲ་མོ་མཐོང་ར་ཅན་པོ་སྲིང་མོའི་ཚ་བོ་ཟེར།
- ཕོ་རོགས་ནག་ཆུང་སྐེ་ནག་གོར་མོ་གཞོལ་བའི་ཚ་བོ་ཟེར།
- ཕུག་རོན་སྔོན་མོ་ཐར་རྒྱས་གོར་མོ་གཡོག་མོའི་ཚ་མོ་ཟེར།
- རྒོད་ཐང་དཀར་མཐོང་ལྡིང་ཅན་པོ་དཔོན་པོའི་ཚ་བོ་ཟེར།