Skip to main content Skip to search
20 Jun 2018
2 min 55 sec
Video Overview
Creators: 
Duptho, Sonam Chophel

Kelzang Wangchuk sings “Sharchog Boedpi,” a traditional song of Lem village. According to oral accounts, a great spiritual master in the village composed this song based on religious liturgies. This song is considered the heart of Lem village. It is usually performed at the end of the celebrations as it expresses auspicious wishes. The song is sung either individually or in groups, in which case there can be an accompanying dance. It makes aspirations for the guests' peace, harmony, prosperity, longevity, and meeting again in future.

༉  གླུ་གཞས་ ཤར་ཕྱོགས་བོད་པའི་མཆོད་རྟེན་འདི་ བཀྲ་ཤིས་སྒང་རྫོང་ཁག་ཕོངས་མེད་རྒེད་འོག་ གླེམ་གཡུས་ཚན་ནང་གི་སྔར་སྲོལ་གྱི་གླུ་གཞས་ཅིག་ཨིན་མས། གླུ་གཞས་འདི་གཡུས་གླེམ་ལས་ སྐལ་བཟང་དབང་ཕྱུག་གིས་འཐེན་ཏེ་འདུག གླུ་གཞས་ཀྱི་ཚིག་འདི་ གཡུས་དེ་ནང་གི་བླ་ཆེན་ཅིག་གིས་ ཆོས་ཚིག་ནང་ལས་བཏོན་གནང་གནངམ་དང་ གླུ་གཞས་ཤར་ཕྱོགས་བོད་པའི་མཆོད་རྟེན་འདི་ གླེམ་གཡུས་ཚན་ནང་བྱུང་ཡོདཔ་ལས་ གླུ་གཞས་འདི་ གཡུས་དེ་ནང་གི་དོན་ཧིང་བཟུམ་སྦེ་བརྩིཝ་ཨིན་པས། དེ་ཡང་ དུས་སྟོན་དང་ལས་རིམ་ག་ཅི་བཟུམ་ཡོད་རུང་ བཀྲ་ཤིས་པའི་སྨོན་ལམ་དང་བཅསཔ་སྦེ་ མཇུག་ལུ་འཐེན་དོ་ཡོདཔ་ད་ གླུ་གཞས་འདི་འཐེན་པའི་སྐབས་ལུ་ རང་རྐྱང་འབད་ཡང་འཐེནམ་མ་ཚད་ སྡེ་ཚན་འབད་ཡང་འཐེན་ནི་དང་རྐྱབ་སྲོལ་ཡོདཔ་ཨིན་མས། གླུ་གཞས་འདི་ དུས་སྟོན་འདི་ནང་བྱོན་མི་གྱོནམ་ཚུ་ལུ་ལེགས་སྨོན་དང་ རྒྱུད་ལུ་ཞི་བདེ་དང་དགའ་སྐྱིད་ཕུན་སུམ་ཚོགསཔ་སྦེ་བཞུགས་བཅུག་ནི་ དེ་ལས་ ཤུལ་མ་ཡང་ལོག་སྟེ་མཇལ་བའི་སྨོན་འདེབས་ཚུ་ཕུལཝ་ཨིན་མས།

Transcript search
No results found for this search
0 of 0
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: ཧེ་མ་གི་མ་གཏོགས་ ད་རེས་ནངས་པའི་རིག་གསར་འདིནི་ ང་གིས་མི་ཤེས་ཏེ། ཧེ་མ་གི་ཡང་ བརྗེད་སག་ས་འབད་ནུག ཨིན་རུང་ ཁ་ཙམ་ཚིག་ཙམ་ཅིག་འཐེན་དགོ་ནི་མས།
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: ཤར་ཕྱོགས་བོད་པའི་མཆོད་རྟེན་བཞེངས་ས་འདི་ལ། །དགའ་སྐྱིད་གླུ་གར་ཕུལ་བའི་འཇམ་དཔལ་དབྱངས། །དགའ་སྐྱིད་གླུ་གར་ཕུལ་བའི་འཇམ་དཔལ་དབྱངས། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: གནམ་ལ་མེ་ལྟར་འབར་བའི་བཞེངས་ས་འདི་ལ། །བླ་མ་ཨོ་རྒྱན་གུ་རུ་ཕེབས་པར་འདུད། །བླ་མ་ཨོ་རྒྱན་གུ་རུ་ཕེབས་པར་འདུད། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: དབྱར་ཟླ་ཡོས་པའི་ལོ་ལ་རྟེན་འབྲེལ་རྩིས་ལ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཕྱག་རྒྱ་ཅན། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཕྱག་རྒྱ་ཅན། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: ཕྱག་རྒྱ་གཡས་པའི་ལོགས་ལ་མདའ་དར་བསྣམས་ལ། །ཕྱག་རྒྱ་གཡོན་པའི་ལོགས་ལ་ཁ་དར་བསྣམས། །ཕྱག་རྒྱ་གཡོན་པའི་ལོགས་ལ་ཁ་དར་བསྣམས། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: ལྷ་ལྕམ་མནྡ་ར་བ་མཇལ་ས་ཁྲོམ་ལ། །ཕྱག་རྒྱ་གཡས་པའི་ལོགས་ལ་ཚེ་བུམ་བསྣམས། །ཕྱག་རྒྱ་གཡས་པའི་ལོགས་ལ་ཚེ་བུམ་བསྣམས། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: ཕྱག་རྒྱ་གཡོན་པའི་ལོགས་ལ་དྲིལ་བུ་བསྣམས། །ཉིན་དང་མཚན་མོ་མེད་པར་ཉི་མ་དྲན། །ཉིན་དང་མཚན་མོ་མེད་པར་ཉི་མ་དྲན། །
  • སྐལ་བཟང་དབང་ཕྱུག་
    Kelzang Wangchuk: ས་ལ་འགྱུར་བ་མི་བརྩི་རྟེན་འབྲེལ་བརྩིས་ལ། །དགའ་སྐྱིད་ཕུན་སུམ་ཚོགས་པའི་བཀྲིས་ཤོག །དགའ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག། །།