Skip to main content Skip to search
05 Sep 2018
2 min 26 sec
Video Overview
Creators: 
Sonam Tobgye, Rinchen Dorji, Dr.karma phuntsho

This is a song invoking the lord Avalokiteshvara to look into the wellbeing of a lover at the time of departure, as well as asking for the lovers to be brought back together if that is their fate, and if not to meet again in the next life in heaven. The song also contains the message that one should chant the mantra of Avalokiteshvara ("Om Ma Ni Pad Me Hum") and practice dharma.

 

༉  ལྷུན་རྩེ་ཆ་འོག་ སྨུག་པ་མཁར་ལས་ གསང་སྔགས་ཆོས་འཛོམས་ཀྱིས་འཐེན་མི་གླུ་གཞས་འདི་ སྤྱིར་བཏང་གིས་གླུ་གཞས་བཟུམ་སྦེ་འཐེན་ཡོདཔ་ཨིན་རུང་ ན་འཐན་སྦེ་བལྟ་བ་ཅིན་ གླུ་གཞས་མེན་པར་ མ་ཎི་བཟུམ་ཅིག་ཡང་མཐོངམ་ཨིན་པས། དེ་ཡང་ སྔོན་དུས་ཆུང་ཀུ་བསྒང་ལས་འདྲེས་པའི་མཛའ་བཤེས་གཅིག་འཆི་བ་མི་རྟག་ལམ་དུ་ཐལ་ཚལ་བའི་རྗེས་སུ་ སྤྱན་རས་གཟིགས་ལུ་གསོལཝ་བཏབ་སྦེ་ མ་ཎི་བགྱངས་འགྱངསམ་བཟུམ་ཅིག་ཡོདཔ་ད་ དཔེ་འདི་ལུ་བསམ་སྟེ་མ་ཎི་ལ་སོགས་པ་ལྷ་ཆོས་བསྒྲུབ་ནི་གི་བསྐུལ་མ་བཟུམ་ཅིག་ཡང་ཨིན་པས། དེ་ལས་ཁ་འབྲལ་བའི་འབྲལ་ཚིག་ཡང་ཡོདཔ་ད་ ཤུལ་ལས་འཕྱད་དེ་འབད་རུང་ ཧེ་མ་བཟུམ་སྦེ་བརྩེ་གདུང་ཅན་གྱི་ཐོག་ལས་འཕྱད་ནི་ གལ་སྲིད་མ་འཕྱད་དེ་འབད་རུང་ དག་པ་ཞིང་ཁམས་ལུ་མཇལ་བའི་སྨོན་ལམ་ ཡང་ལས་ཡང་དུ་བཏབ་ཨིན་པས།

Transcript search
No results found for this search
0 of 0
  • གསང་བསྔགས་ཆོས་འཛོམས། Sanga Chozom
    བོད་གངས་ཅན་ནི་མགོན་པོ་སྤྱན་རས་གཟིགས། །ད་གསོལ་བ་ནི་འདེབས་སོ་བྱིན་གྱིས་རློབས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    གཉེན་དུས་བཤེས་ནི་འབྲེལ་པའི་(བའི་)མཛའ་བཤེས་རྣམས། །ད་སོ་སོ་ནི་འབྲལ་བ་ཀུན་གྱིས་ཤེས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    དཔེ་འདི་ལ་ནི་བསམ་ཞིང་མ་ཎི་གྲོངས། །དོན་འདི་ལ་ནི་བསམ་ཞིང་ལྷ་ཆོས་བྱེད། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཁྱོད་འབྱོན་མཁན་ནི་ཅི་བསམ་དོན་ཡང་འགྲུབ། །ང་སྡོད་མཁན་ནི་བཀྲིས་གཡང་དུ་ཆགས། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    མཇལ་འཕྲད་ཀྱང་ནི་སྔར་བཞིན་བརྩེ་གདུང་མངའ། །མ་འཕྲད་ཀྱང་ནི་དག་པའི་ཞིང་ཁམས་སུ། །
  • གསང་བསྔགས་ཆོས་འཛོམས། Sanga Chozom
    ཞལ་ཡང་ཡང་ནི་མཇལ་བའི་སྨོན་ལམ་ཞུ། །ཞལ་ཡང་ཡང་ནི་མཇལ་བའི་སྨོན་ལམ་ཞུ།། ལགས་སོ་ལ།། །།