Skip to main content Skip to search
27 Jan 2016
1 min 35 sec
Video Overview
Creators: 
Sonam Chophel, Khandu, Enchung Lhamo, Jamyang Lhamo

Tshering Choden from Nobgang makes a milk offering right after milking a cow. The offering is made to the spiritual teachers, tutelary deities, celestial beings, dharma protectors, the god of wealth, and local deities believed to reside in sacred places. Generally, people make such offerings hoping to get protected from misfortunes, mishaps and obstacles, and to make their wishes come true.

 

སྤུ་ན་ཁ་ནོརཔ་སྒང་ལས་ ཚེ་རིང་ཆོས་སྒྲོན་གྱིས་ ནོར་དམརཔོ་ཅིག་ལས་ ཨོམ་བཞོ་ཚརཝ་ཅིག་ ཨོམ་ཕུད་གཏོརཝ་ཨིན་པས། དེ་སྦེ་ཨོམ་ཕུད་གཏོར་ཡི་རང་ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས་གཙོས་ ནོར་ལྷ་དང་ ས་གནས་དེ་ཁ་ལུ་གནས་ཏེ་ཡོད་པའི་གནས་བདག་གཞི་བདག་ ཡོད་རིགས་ཡོད་ཚད་ག་ར་གི་མིང་བཏོན་ཏེ་ ཨོམ་ཕུད་དེ་གཏོརཝ་ཨིན་པས། དེ་སྦེ་ ཨོམ་ཕུད་གཏོར་མི་དེ་ གནས་སྐབས་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཚུ་ཞི་ཞིང་ བསམ་པའི་དོན་འགྲུབ་ནི་གི་དོན་ལུ་ གཏོརཝ་ཨིན་པས།

 

Transcript search
No results found for this search
0 of 0
  • ཚེ་རིང་ཆོས་སྒྲོན། Tshering Choden
    འ་ནཱིམ་ཅིག་ར་ཨིན་མས་ཏེ། Its only this much
  • ཚེ་རིང་ཆོས་སྒྲོན། Tshering Choden
    ཨ་ལ་དབའི། ouch
  • ཚེ་རིང་ཆོས་སྒྲོན། Tshering Choden
    ཡ་བཞེས་ཅིག་བཞེས་ཤིག། བླ་མ་ཡིད་དམ་དབའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། མགོན་མ་ནིང་གནགཔོ། now accept this, warrior dakini dharma protector.gyenpo Maning Nap.
  • ཚེ་རིང་ཆོས་སྒྲོན། Tshering Choden
    གནསཔ་པདམ་དགཔ་ རྡོ་རྗེ་ཐོད་རྒོལ། རྒྱལ་ཆེན་ཀུན་ཏུ་བཟང་མོ། ཁམས་གསུམ་ཨམ་ཇོ་མོ། མཁའ་འགྲོམ། མེ་མེ་ད་ལེགས་འཁོར་དང་བཅས་པ་ནོར་ལྷའི་བདག་པོ་ཡོངས་ཀྱི་ཇོ་མོ་ཚེ་རིང་ལྷ། local diety Pem Dap, Dorji Thoegyel, Emperor Kuentu Zangmo, the three realms of Aum Jomo, Maymaydalay and the all goddess of wealth Jomo Tsheringlha.
  • ཚེ་རིང་ཆོས་སྒྲོན། Tshering Choden
    མར་གྱི་འཛིཔ་བཙུགས་མི། །ཨོམ་གྱིས་ལྟོ་ཆུ་བཀལ་མི། །དརཝ་གིས་ལགཔ་ཁྱུ་མི། །ཀ་ཀ་ལགཔ་ལས་ཆད་མ་བཅུག །གཞན་ཡང་ས་ཕྱོགས་འདིའི་གནས་པོ་ཆེན་པོ་གཞིའི་བདག་པོ་ཨམ༌ཀླུ༌མོ་དཀརམོ། the one that puts butter as an oven stone, the one that uses milk as a cooking water, washes his hand with butter milk.never stop giving milk by your hands. and also to the local diety emperor White Nagini
  • ཚེ་རིང་ཆོས་སྒྲོན། Tshering Choden
    ཀླུ༌སའི༌བདག བཟའ༌དགོ༌འཐུང༌དགོ༌མནོ༌མི། ང༌ཡང༌མ༌ཤེས། ང༌ཡང༌མ༌མཐོང༌། ནཱི༌བ༌རྒྱ༌ཆེཝ། ནཱི༌བ༌དཔའ༌མཐོཝ། ཨ༌ནཱི༌བཟའ། ཨ༌ནཱི༌འཐུང༌།རང༌ར༌སོ༌སོའི༌གནས༌སུ༌བྱོན། ཨོཾ༌ཨཱ༌ཧཱུཾ༔ Nag, land lord those who like to eat and drink. I do not know that. I also donnot see. Immenseness from this. better from this. eat this and drink this. go to your own place. OM AH HUNG