Skip to main content Skip to search
16 Jan 2015
11 min 39 sec
Video Overview
Creators: 
Yeshey Wangchuk

Pema Lingpa, one of the five tertön kings, founded Threl Lhakhang (temple) in the fifteenth century. In this video Tshering Dorji, from Threl village in Bumthang district, describes the relics inside the temple and the holy water and metal works of Pema Lingpa outside of the temple.

 

༉  བུམ་ཐང་ ཁྲལ་ལྷ་ཁང་དེ་ཡང་ ལོ་བརྒྱ་གི་ཧེ་མ་ལས་ པད་མ་གླིང་པ་གིས་གདན་ས་བཅགས་ཏེ་བཞེངས་གནང་བའི་ལྷ་ཁང་ཅིག་ཨིན་མས། པད་མ་གླིང་པ་གིས་གདན་ས་བཅགས་གནང་གནངམ་འབད་ནི་དེ་གིས་ ལྷ་ཁང་གི་གཡས་དང་གཡོན་ལུ་ པད་མ་གླིང་པའི་གྲུབ་ཆུ་དང་ པད་མ་གླིང་པས་མགར་བའི་ཕྱག་ལཱ་མཛད་པའི་མཛད་ཤུལ་ ལྕགས་རོ་ཚུ་ ད་ལྟོའི་བར་ན་ཡང་ཨ་ཙི་རེ་འཐོབ་ནི་ཡོད་ ཟེར་བཤད་ནི་འདུག ལྷ་ཁང་གི་ནང་རྟེན་ལྡེབས་རིས་ཚུ་ཡང་ ཧེ་མ་འབད་བ་ཅིན་ སངས་རྒྱས་སྟོང་གི་སྡོད་ཅི་ ཟེར་ཨིནམ་ད་ ཤུལ་ལས་ལོ་མང་པོ་འགྱོ་ཞིནམ་ལས་ཉམས་གསོ་ཞུ་སྟེ་འབདཝ་ད་ ལྷ་འབྲིཔ་ཚུ་གིས་ ཧེ་མ་ཕམ་གི་སྐབས་ལུ་བཟུམ་སྦེ་ག་ཏེ་འབད་ཚུགས་ནི་ཟེར་ གཡས་ཁ་ཐུག་ གུ་རུ་མཚན་བརྒྱད་དང་སྒྲོལ་མ་ཉི་ཤུ་རྩ་གཅིག་ དེ་ལས་ལྟུང་བཤགས་ཚུ་བཞེངས་ཏེ་ཡོདཔ་ཨིན་མས། ཚེ་རིང་རྡོ་རྗེ་ཁོ་ར་ དངུལ་ཕོགས་འདྲཝ་ གཞུང་ལས་ཡང་མེདཔ་མ་ཚད་ མི་སེར་དམངས་ལས་ཡང་མེདཔ་ཨིན་རུང་ ཧེ་མ་ཕ་མའི་སྐབས་ལས་ར་དཀོན་གཉེར་སྦེ་སྡོད་སྡོདཔ་ཅིག་འབདཝ་ལས་ ཐོབ་ལམ་བཟུམ་ཅིག་ག་ནི་ཡང་མེད་རུང་ དཀོན་གཉེར་སྦེ་སྡོད་ཡི་ར་ ལོ་དྲུག་ཅུ་དེ་ཅིག་འགྱོ་དོ་ཡོདཔ་སྦེ་བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་
    ཁྲལ་ལྷ་ཁང་ཟེར་མི་འདི་ ད་རེས་ནངས་པ་ བཅག་བཅགསཔ་མེན་པས་ལགས་ ལོ་བརྒྱ་བརྒྱ་གི་ཧེ་མ་ ལྷག་སོངཔ་ཨིན་པས་ལགས་
  • ཚེ་རིང་རྡོ་རྗེ་
    ཏེ་ལོ་བརྒྱ་བརྒྱ་ལྷག་ལྷགཔ་ཅིག་འབད་ དེ་ལས་ ཕམ་ཚུ་གིས་ དཀོན་གཉེར་ཅིག་འབད་ ད་རང་ནི་ཚང་རུང་མ་ཚང་རུང་ ང་གིས་ཡང་ ལོ་དྲུག་བཅུ་ལངས་དོ་ལགས་
  • ཚེ་རིང་རྡོ་རྗེ་
    ཏེ་དཀོན་གཉེར་འབད་དེ་ ཐོབ་ཁུངས་འདིནི་ག་ནི་ཡང་མེད་ གཞུང་ལས་ཡང་མེད་ དམངས་ལས་ཡང་མེད་ དེ་འབད་རུང་ ཡར་ངོ་མར་ངོ་ཚེས་བཅུ་ལུ་ ཏི་དུམ་གྲ་རེ་ཡོད་ལགས་
  • ཚེ་རིང་རྡོ་རྗེ་
    ལ་ལུ་ཅིག་གིས་ ༥༠ དད་པ་ཅན་གྱིས་ ༡༠༠ དང་ ༢༠༠ རེ་བྱིན་མས་ལགས་ དད་པ་མེད་མི་ཚུ་གིས་ འེ་་ཁོ་གིས་ང་བཅས་ག་ཅི་བྱིན་མས་ཟེར་ མནོ་དོ་ཡོདཔ་མས་ འ་ནེམ་རེ་རྐྱངམ་ཅིག་བྱིན་མས་
  • ཚེ་རིང་རྡོ་རྗེ་
    དེ་འབད་རུང་ཁྱད་མེད་ད་རང་ཕ་མ་གི་ཟེར་ དེ་ལས་ད་ བུམ་ཐང་བྱམས་པ་ལྷ་ཁང་ སྐྱིད་ཆུ་ལྷ་ཁང་ ཡར་བོད་ཁོམས་བདེ་ལྷ་ཁང་ཟེར་མི་ཚུ་
  • ཚེ་རིང་རྡོ་རྗེ་
    ཉིནམ་གཅིག་ལུ་གདན་ས་བཅག་བཅགསཔ་ཨིན་ཟེརཝ་མས་ལགས་ དེ་ལས་ ནཱ་ནང་ལྡེབས་རིས་འདི་ཚུ་ དང་ཕུ་འབད་བ་ཅིན་ སངྱས་སྟོང་ཨིན་པས་ལགས་ དེ་ལས་ སངས་རྒྱས་སྟོང་འདི་
  • ཚེ་རིང་རྡོ་རྗེ་
    ཕར་བུམ་ཐང་བྱམས་པ་ལྷ་ཁང་དང་ ཁྲལ་ལྷ་ཁང་འདི་ཚུ་ སངས་རྒྱས་སྟོང་ཨིན་པས་ལགས་ ད་ལྟོ་འབདཝ་ད་ལོ་གྲངས་མང་སོང་ནི་དེ་གིས་ ཉམས་ཆག་ཤོར་ཏེ་ ང་བཅས་ཀྱིས་ ཉམས་གསོ་ཞུཝ་དནི་
  • ཚེ་རིང་རྡོ་རྗེ་
    ག་དེ་སྦེ་སྨོ་ཟེར་བ་ཅིན་ ལྷ་བྲིསཔ་ཚུ་གིས་ དང་ཕུ་སྔོན་བཟུམ་སྦེ་ ག་གིས་འབད་ཚུགས་ནི་ ཕམ་ཚུ་བཟུམ་སྦེ་ ག་གིས་འབད་ཚུགས་ནི་ཟེར་
  • ཚེ་རིང་རྡོ་རྗེ་
    ད་ང་བཅས་འ་ནེམ་ཅིག་མ་གཏོགས་ འབད་མི་ཚུགས་ཟེར་ ད་ལྟོ་གཡས་ཁ་ཐུག་ལུ་ གུ་མཚན་བརྒྱད་ལགས་ དེ་ལས་ ཡར་ཁ་ཐུག་ལུ་ བདེ་བ་ཅན་གྱི་ཞིང་ཁམས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ སྒྲོལ་མ་ཉི་ཤུ་རྩ་གཅིག་ དེ་ལས་ གཏུང་བཤགས་?སྟོང་བཞེངས་ཏེ་ཡོད་ལགས་ དེ་ལས་ ཤིང་ཆས་ཚུ་གི་ཞབས་ཏོག་ཞུ་རུང་
  • ཚེ་རིང་རྡོ་རྗེ་
    གཞུང་ལུ་གནང་བ་(སྐྱིད་སྡུག་)ག་ནི་ཡང་ མ་ཞུ་བར་ང་བཅས་རའི་ ཤིང་ཆས་ཚུ་ཞབས་ཏོག་ཞུ་ དེ་ལས་ད་བཀའ་ངོ་མ་རང་ རྡོར་བསྟན་?འཛིན་སྤྲུལ་སྐུ་?(མཚན་ཡང་བརྟན་བརྟན་མི་ཤེས་པས་) སྐུ་ཚེ་གོང་མ་གིས་ སྦས་ཟུར་པ་ཚུ་གི་ལྷ་ཁང་ ཞབས་ཏོག་ཞུ་དགོ་པས་ཟེར་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ཨིན་ཡང་ཨིན་པས་ལགས་ བླ་མ་གིས་གསུངས་ ཤིང་འདི་ཚུ་གཞོགས་ཏེ་ དེ་ལས་ ལྷ་ཁང་བཤིགསཔ་ད་ རྩ་ལས་རང་མ་བཏུབ་ལགས་ རུལ་ནི་དེ་གིས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ང་ལོ་ ༢༥ འབདཝ་ད་ ཞབས་ཏོག་ཞུ་ཡི་ལགས་ ལོ་ ༢༥ ལུ་ཞབས་ཏོག་ཞུཝ་ད་ ད་ ༦༠ ལངས་ལངས་ལུ་ ལོ་ ༢ རྐྱངམ་ཅིག་ཡོད་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ པདྨ་གླིང་པ་གིས་ཡང་ མཛད་མཛདཔ་ཅིག་ཨིན་པས་ དེ་ལས་ གུ་རུ་གིས་ཡང་ གདན་ས་བཅག་བཅགསཔ་ཅིག་འབད་འབདཝ་ད་
  • ཚེ་རིང་རྡོ་རྗེ་
    རོགས་གཞན་ཚུ་ ག་ཏེ་ཡང་ དད་པ་བསྐྱེད་དེ་གནས་སྐོར་ལུ་འགྱོཝ་མས་ ག་ཏེ་ཡང་དགེ་བསྒྲུབ་པར་འགྱོཝ་མས་ ཏེ་རང་ནི་དྭཝ་བུཚ་ཅིག་འབད་ནི་དེ་གིས་ ག་ཏེ་ཡང་མི་ལྷོད་པས་ ཏེ་ད་
  • ཚེ་རིང་རྡོ་རྗེ་
    ཨཱ་་་་ད་རང་ཆུ་ཅིག་རང་ཕུལ་རུང་ ནཱ་ཨིན་པས་རང་ ད་ས་བཅགས་ལུང་བཅགས་ཀྱི་བསྒང་ལུ་རང་ ཕམ་ཚུ་གིས་ ལྕོགས་ཡོད་པའི་ རང་མ་ལྕོགསཔ་མི་འོང་ནི་མས་ཟེར་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ནཱ་རང་སྡོད་དེ་ དེ་ལས་ དམངས་ཀྱིས་ད་རོགས་ཡར་ བདེ་ཆེན་གླིང་བཟུམ་སྦེ་ ག་ཏེ་འབད་རུང་སྤྲོད་གེ་ཟེར་ དེ་སྦེ་སླབ་མས་ལགས་
  • ཚེ་རིང་རྡོ་རྗེ་
    ཁྱོད་ར་ཚུ་ག་དེ་སྦེ་སྤྲོད་རུང་སྤྲོད་ ང་ང་ར་དང་ཕུ་ཕམ་ཚུ་གིས་ ལྕོགས་ལྕོགསཔ་ཨིན་པས་ ད་ལྟོ་མ་ལྕོགསཔ་མི་འོང་ཟེར་
  • ཚེ་རིང་རྡོ་རྗེ་
    སྤྲོད་པ་ལུ་ལཱ་ཁག་ཡོད་ཟེར་ ད་ང་བཅས་ནཱ་བཀའ་སྲུང་ ༢ ཡོད་ལགས་ བཀའ་སྲུང་ ༢ ཀྱིས་ཏེ་ ཧེ་མ་ཨ་མ་དང་ རྩོད་གཞི་རྐྱབ་ད་ ཨ་མ་གཅིག་ལུ་ རོགས་བྱང་ཕྱེད་བཞི་བཞི་དེ་རེ་ཐོན་ཏེ་ རྩོད་གཞི་རྐྱབ་ད་
  • ཚེ་རིང་རྡོ་རྗེ་
    དེ་ལས་ དཀོན་གཉེར་འདི་ ལོག་སྟེ་ར་རང་ལེན་དགོཔ་ཡར་སོང་ཡི་ལགས་ ད་དཀོར་གཉེར་རང་ལེན་དགོཔ་ག་དེ་སྦེ་སྨོ་ཟེར་བ་ཅིན་ ནཱ་བཀའ་སྲུང་ཚུ་ དགོངས་པ་ཁྲེལ་ཏེ་
  • ཚེ་རིང་རྡོ་རྗེ་
    དོམ་ཐོན་ཏེ་ ལུག་འདི་ཚུ་བསད་ དེ་ལས་ དཀོར་གཉེར་གསརཔ་གིས་འཐབ་འཛིང་འབད་ དེ་ལས་ ལྡེ་མིག་འབག་ཤོག་དང་ སྒོ་ཕྱེ་བར་ཤོག་ཟེར་བ་ཅིན་
  • ཚེ་རིང་རྡོ་རྗེ་
    ཁོང་གིས་ལྡེ་མིག་འདི་ཚུ་ཡང་བཀོག་སྟེ་ དེ་ལས་ སྒོ་ཡང་ཕྱེ་མ་བཏུབ་པར་ ང་བཅས་རའི་ཕྱེ་སྟེ་ནེམ་འབད་ དེ་ལས་ (རྩོད་གཞི་)ངེའི་ཨའི་རྒྱལ་ཏེ་ ལོག་ལེན་ཞིན་ན་ དེ་ལས་གསོལ་ཁ་ཕུལཝ་ད་ཏེ་
  • ཚེ་རིང་རྡོ་རྗེ་
    དཔའ་མོ་དང་ ཆོསཔ་འབད་དེ་ གསོལ་ཁ་ཕུལ་ཏ་ དེ་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ སྤང་དང་ ནགས་ཚལ་ནང་འགྱོ་རུང་ དེ་ལས་ ལམ་ཁར་ལས་ག་ཏེ་འགྱོ་རུང་
  • ཚེ་རིང་རྡོ་རྗེ་
    དོམ་ཡང་མ་འོང་ཟེར་ ཞུ་ནི་ཨིན་ལགས་ ཏེ་ཧེ་མ་འབད་བ་ཅིན་འདི་ ཕམ་ཚུ་སྒྲིང་ནི་དེ་གིས་ བ་ཚུ་ཡང་ཡོད་ལགས་ ཡང་ཀུམ་འདི་ཚུ་ཡང་ཡོད་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ཕྱི་རུ་གཅིག་འབག་ འདི་འཕྱོག་སྟེ་འབག་འོང་ ད་རུང་ཕྱི་རུ་གཅིག་འབག་ འདི་ཡང་འཕྱོག་སྟེ་འབག་འོང་ དེ་མར་ནདཔ་མ་འབག་བར་སོ་སོ་རང་བཏོན་འབག་སྟེ་ དེ་ལས་
  • ཚེ་རིང་རྡོ་རྗེ་
    ཤ་གི་ཧར་རྩིག་སྟེ་ ལུག་འདི་ཚུ་ཡང་དགུ་དགུ་རེ་བསད་དེ་ ཁྱིམ་ནང་ཡང་འཛུལ་ཏེ་ མི་གཉིས་གཉིས་དེ་རེ་གིས་ སྐད་རྐྱབ་མི་དེ་གིས་འདི་ལུ་ སྣང་དག་རང་མེད་པ་ ལྟས་ངན་རང་བྱུང་ཡི་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ད་རང་འཐུང་པ་ཅིན་ གྲུབ་ཆུ་འཐུང་ནི་ཨིན་པས་ཟེར་ སྡོད་པ་ཅིན་དགོན་སྡེ་དང་གཅིག་ཁར་ ཟས་མངརམོ་མངརམོ་ཞིམ་ཞིམ་ཨིན་པས་ཟེར་
  • ཚེ་རིང་རྡོ་རྗེ་
    དེ་ལས་ རང་གིས་ཨ་ཙི་རེ་ བཟོ་ཀྲ་ཀ་ཀྲུ་ཀ་ལི་(ཐབ་འཐོབ་)ཅིག་འབད་ དེ་ལས་ ནཱ་སྦས་ཟུར་གྱི་ ཆུ་བཟོ་མི་ཅིག་ཡང་ཨིན་ལགས་ དེ་ལས་ ད་ལྟོ་ལུས་ལ་ན་ཚ་ཡང་མ་བྱུང་ སེམས་ལ་སྡུག་བསྔལ་ཡང་མ་བབས་
  • ཚེ་རིང་རྡོ་རྗེ་
    གཅིག་དཀོན་མཆོག་གི་བཀའ་དྲིན་ཨིན་པས་ཟེར་ གཅིག་ཏེ་གོང་མའི་བཀའ་དྲིན་ཨིན་པས་ཟེར་ དེ་ལས་ དགོན་སྡེ་འདི་ཡང་
  • ཚེ་རིང་རྡོ་རྗེ་
    ད་དུམ་གྲ་རེ་ང་ལུ་རོགས་རམ་གནང་མི་ཡོད་པ་ཅིན་ ངེའི་ལྷ་ཁང་དུམ་གྲ་རེ་ ད་རུང་ཨ་ནི་གཏོར་ཁང་ཅིག་དང་ དེ་ལས་ དུང་འཁོར་ཅིག་ཨ་ཙི་ཉམས་བཅོས་ཞུ་དགོ་པས་ཟེར་ ཞུ་ནི་ཨིན་ལགས་ དེ་ལས་ནཱ་
  • ཚེ་རིང་རྡོ་རྗེ་
    སློབ་དཔོན་ཚུ་བྱོན་(ཞིབ་འཚོལ་བ་) དེ་ལས་ རྫོང་ཁག་གི་ཚུ་བྱོནམ་ད་ བྱོན་རེ་བྱོན་ཚེ་ཞུ་བའི་ལགས་ དང་པ་རང་ གཞུང་ལུ་ཞུཝ་ད་ དེ་ལས་ ལྕགས་སྒྲོམ་ཅིག་ལྷོད་ཅི་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ ལྕགས་སྒྲོམ་འདི་ལྷོད་ཞིནམ་ལས་ དབའེ་སྟེ་ལྕགས་སྒྲོམ་ལྷོད་ནུག་ཟེར་ གསུངས་མས་ལགས་ སོ་ནམ་བློན་པོ་བྱོན་པའི་སྐབས་ ང་ལྕགས་སྒྲོམ་འ་ནི་འདི་ བློ་མི་བདེ་བས་ཟེར་ཞུ་ཡི་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ཏེ་ ག་དེ་སྦེ་བློ་མ་བདེཝ་སྨོ་ཟེརཝ་ད་ ཨ་ཎེམོ་གྲྭ་ཚང་ནང་ལས་ ཏི་རུ་འབུམ་གཅིག་ཨར་རྐུན་བྱུང་མི་འདི་ འ་ནི་འབད་ཨིན་པས་ཟེར་
  • ཚེ་རིང་རྡོ་རྗེ་
    དེ་ལས་ད་ ཁོ་འདི་(ལྕགས་སྒྲོམ་) ང་བློ་མི་བདེ་བས་ཟེར་ཞུཝ་ད་ དེ་ལས་ ཡ་ཡ་ཟེར་ སོ་ནམ་བློན་པོ་གིས་གསུངས་མས་ལགས་ དེ་ལས་ད་རུང་མཇུག་ལས་ གཅིག་ལྷོད་ཅི་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ དབའེ་དཀོན་གཉེར་ལོ་ བཏུབ་པས་ག་ཟེར་གསུངས་མས་ལགས་ དབའེ་འདི་ཡང་མི་བཏུབ་པས་ཟེར་ ཞུ་ཡི་ལགས་ འདི་དེ་ཚད་ཡང་འཛོལ་ནུག་ དེ་མ་ཚད་རྒྱུ་ཡང་ཅོག་གཅིགཔ་ཨིན་པས་ཟེརཝ་ད་
  • ཚེ་རིང་རྡོ་རྗེ་
    དབའེ་ཏེ་ཁྱོད་ལུ་ ག་ཅི་བཟུམ་ཅིག་འབག་འོང་ནི་ཟེར་གསུངས་མས་ལགས་ དེ་ལས་ ང་ལུ་མེ་རྐྱེན་འབྱུང་རུང་ ཨར་རྐུན་འབྱུང་རུང་འཕྲོག་བཅོམ་འབད་མ་ཚུགས་མི་ཅིག་རང་
  • ཚེ་རིང་རྡོ་རྗེ་
    ཞུ་དགོ་པས་ཟེར་ ང་རནི་མི་གནགཔ་ཅིག་འབད་དེ་ ཆང་རེ་འཐུང་འབདཝ་ད་ ཨར་རྐུན་ཤོར་ནི་གི་ཉེན་ཁག་ཡོད་ཟེར་ ཏེ་དང་ཕུ་ཕམ་ཚུ་གིས་ངོ་བོ་བསྒང་ལུནི་མ་ཤོར་ཟེར་
  • ཚེ་རིང་རྡོ་རྗེ་
    ད་རང་གི་ངོ་བོ་བསྒང་ལུ་ཤོར་བ་ཅིན་ མི་སྐྱོ་དྲགས་བརྩི་ནི་མས་ཟེར་ དེ་ལས་ཏེ་ དགེ་བ་བསྒྲུབས་མི་ཡང་ ད་རེས་ནངས་པ་མང་མས་ལགས་ དེ་ལས་ཨར་རྐུན་འབད་མི་ཡང་ ད་རེས་ནངས་པ་རང་མང་མས་ལགས་ དེ་ལས་དེ་སྦེ་
  • ཚེ་རིང་རྡོ་རྗེ་
    ཞུ་ཡི་འགྱོཝ་ད་ རོགས་སོ་ནམ་བློན་པའི་བཀའ་དྲིན་ལས་ དུམ་གྲ་ཅིག་བློ་བདེ་ཡི་ལགས་ ད་དེ་ལས་ རྫོང་ཁག་གི་ཁ་ཐུག་ལས་ ང་ལུ་གློག་མེ་སྤུས་ཚད་ལེགས་ཤོམ་ཅིག་བཙུགས་བྱིན་ནིའི་རེ་བ་ཅིག་ཡོད་ལགས་
  • ཚེ་རིང་རྡོ་རྗེ་
    ད་ལྟོ་གློག་མེའི་ཐགཔ་ཚུ་ གནས་སྐབས་ ཀྱི་དོན་ལུ་ བཙུགས་བཞག་བཞག་བཟུམ་ཅིག་ཡོད་ལགས་ ཡར་ལས་ཡར་ཐགཔ་ཚུ་འ་ནི་འབད་
  • ཚེ་རིང་རྡོ་རྗེ་
    དེ་ལས་ དུང་ཅུང་ ལེབ་ཏེག་ཏེ་འབད་མི་འདི་ དུམ་གྲ་ཅིག་འབདཝ་དནི་ ཀྲེཝ་ཀྲེཝ་མེདཔ་འགྱོ་མས་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ཏེ་ གློག་མེ་འདི་ སྤུས་ཚད་ལེགས་ཤོམ་ཅིག་རང་ང་ལུ་ ཞུ་དགོ་པས་ཟེར་ཨིན་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་འ་ནི་འདི་ པདྨ་གླིང་པ་གིས་ ཞབས་ཏོག་ཞུ་དགོཔ་ག་དེ་སྦེ་སྨོ་ཟེར་བ་ཅིན་ པདྨ་གླིང་པའི་སྲས་ཅིག་ནཱ་འཁྲུངས་ནུག་ལགས་ སྲས་འཁྲུངས་ཏེ་ དེ་ལས་
  • ཚེ་རིང་རྡོ་རྗེ་
    བ་རི་སྦྲང་ཟེར་ས་ལུ་འཁྲུངས་ཏེ་ དེ་ལས་ འ་ཡར་པ་གླིང་ལྟག་པ་ཟེར་བའི་ང་བཅས་ཁ་སྐད་ལས་འབད་བ་ཅིན་ དེ་ལས་ གནས་ཡིག་ནང་ པདྨ་དགོན་པ་གླིང་ཟེར་ཨིན་པས་ལགས་
  • ཚེ་རིང་རྡོ་རྗེ་
    དེ་ལས་ འདི་ཁར་ཁོ་གིས་