Video Overview
Kelzang Wangchuk from Lem village sings “Sem Tsiksum.” A great spiritual master in Lem village composed this song based on Words of My Perfect Teacher, a religious text written by the famous Tibetan master Patrul Rinpoche (1808-1887). Through words of deep religious meaning, the song talks about nature and social values. This song is usually sung at work places by farmers working on rice plantations—ploughing and harvesting—carpenters working on wood, shepherds herding animals, and so forth.
༉ གླུ་གཞས་ སེམས་ཀྱི་ཚིག་གསུམ་ཟེར་མི་འདི་ བཀྲ་ཤིས་སྒང་རྫོང་ཁག་གཡུས་གླེམ་ལས་ སྐལ་བཟང་དབང་ཕྱུག་གིས་འཐེན་ཏེ་འདུག གླུ་གཞས་དེ་ སྔོན་མ་ལས་གཡུས་ཚན་དེ་ནང་འཐེན་ནི་ཡོད་ཟེར་སླབ་ཨིནམ་ད་ གླུ་གཞས་ཀྱི་ཚིག་ཚུ་ ཀུན་བཟང་བླ་མའི་ཞལ་ལུང་ནང་ལས་བཏོན་ཏེ་ གླེམ་གཡུས་ཚན་ནང་གི་བླམ་དེ་གིས་བརྩམས་ཡོདཔ་སྦེ་སླབ་ཨིན་མས། གླུ་གཞས་འདི་གིས་ ཆོས་ཀྱི་རང་བཞིན་དང་བརྩི་མཐོང་ཚུའི་སྐོར་ལས་ མཛེས་ཏོག་ཏོ་སྦེ་བཤད་དོ་ཡོདཔ་ད་ འ་ནཱི་གླུ་གཞས་འདི་ ཞིང་རྨོཝ་ད་དང་ལྕང་ལཱ་རྐྱབ་ད་ ལོ་ཐོག་ཚུ་བསྡུ་བའི་སྐབས་ དེ་ལས་བཟོ་བོ་ཚུ་ ཁྱིམ་གྱི་ཤིང་ཆས་ཚུ་སྒྲིག་པའི་སྐབས་ ནོར་རྫིཔ་ཚུ་གིས་ཕྱུགས་ཚུ་རྩྭ་འབྲོག་ནང་འཁྱིད་འགྱོཝ་བའི་སྐབས་ལུ་འཐེན་དོ་ཡོདཔ་ཨིན་མས། འ་ནཱི་གླུ་གཞས་དེ་ཡང་ ཡོངས་གྲགས་གནམ་མེད་ས་མེད་ཅིག་མེད་པའི་གླུ་གཞས་ཅིག་ཨིན་པས།
- Trashigang
- Lem
- Phongme
- Kelzang Wangchuk: ང་གིས་ད་ལྟོ་འཐེན་ནི་ཟེར་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ང་ར་གིས་ཤེས་ཏེ་ ང་ར་གི་སེམས་ཁ་ལས་བཏོན་བཏོནམ་མེན་ འ་ནཱི་རོགས་མཚམས་པ་གཅིག་གིས་ཁྲིད་ནང་ལས་བཏོན་ཏེ་ ཁྲི་ནང་ལས་སེལ་ཡི་སེལ་ཡི་ར་བརྩམས་ཏེ་བཞག་ནུག འ་ནཱི་འདི་ ང་གིས་ག་ཅི་ལོ་ འ་ནཱ་བལྟ་འདི་ ང་གིས་ཧེ་མ་གཞོནམ་སྦེ་སྡོདཔ་ད་ལུ་ ཨ་ཙི་རེ་འཐེན་ཏེ་བཞག་ཅི། ད་ལྟོ་ཨ་ཙི་རེ་བརྗེད་ནི་བཟུམ་འབད་ནུག་ ཨིན་རུང་ ང་ར་མ་བརྗེདཔ་ཙམ་ཅིག་འདུག་ཟེར་ ལོག་སྟེ་ཞབས་བྲོ་ཅིགསྐལ་བཟང་དབང་ཕྱུག་
- Kelzang Wangchuk: སེམས་ལ་ཚིག་གསུམ་དུག་མདའ་ཡ་འཕར་བ་ལས། །ལས་ལ་མ་དག་ཁམས་གསུམ་ཡ་འཁོར་བར་འཁྱམས། །དུས་ལ་རྭྙིང་ནས་རང་དབང་མ་ཐོབ་པར། །སེམས་ལ་སྐྱོ་བའི་ཉི་མ་ཡ་དུས་ད་རེས་ཤར། །སྐལ་བཟང་དབང་ཕྱུག་
- Kelzang Wangchuk: བསོད་ནམས་བསགས་པའི་འཛམ་གླིང་ཡ་དེ་ཡི་སྟེང་། །དཀའ་བ་དཀའ་ལས་སྤྱད་དེ་དལ་འབྱོར་མི་ལུས་ཐོབ། །ལྷོ་ཕྱོགས་འཛམ་བུ་གླིང་གི་ཡ་འདི་རུ་སླེབས། །ལྷ་ཆོས་མཇལ་དུ་མ་ཕྱི་ཡ་སྟོང་ལོག་སོང་། །སྐལ་བཟང་དབང་ཕྱུག་
- Kelzang Wangchuk: སྔོན་ཚེ་ལས་ཀྱི་རྟག་པ་འབྲས་བུ་བརྟེན། །མི་ལུས་ཐོབ་སྟེ་དགའ་སྤྲོ་བསམ་གྱིས་མི་ཁྱབ་འབྱུང་། །དགའ་སྤྲོ་བསམ་གྱིས་མི་ཁྱབ་ཡ་འབྱུང་ན་ཡང་། །ལྟ་བ་སྒོམ་པ་སྤྱོད་པ་ཡ་དམ་ཚིག་མངའ། །སྐལ་བཟང་དབང་ཕྱུག་
- Kelzang Wangchuk: ལགས་སོ་ལགས་ འ་ནཱིམ་ཅིག་རང་ཨིན།། །།སྐལ་བཟང་དབང་ཕྱུག་