Video Overview
Lhamo Kyi from Dowa village in Repgong tells the story of how three clever brothers searched for and found their lost donkey.
འདིར་སྤུན་གསུམ་ཡོད་པ་ནི་སྤྱང་དྲུང་འཛོམས་པ་དག་ཡིན་པས་ཁོ་ཚོའི་བོང་བུ་བོར་སོང་དེའང་རིག་པས་དཔྱད་ནས་ཕྱིར་རྙེད་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།
བརྙན་འདིར་སྤུན་གསུམ་ལ་བོང་བུ་གཅིག་ཡོད་པ་དེ་རེ་ཞིག་རྐུན་མས་བརྐུས་སོང་བ་རེད། ཁོ་ཚོ་བཙལ་དུ་སོང་བའི་ལམ་ཁ་རུ་ལུང་པ་ཞིག་ཡོད་པ་ཧ་ཅང་རིང་བས་སྤུན་ཆེ་བའི་དེ་ལ་ལུང་རིང་ཟེར་རྒྱུ་རེད་ཟེར་བ་དང་། སྤུན་འབྲིང་བས་དེ་ན་ལུང་རིང་དེའི་རྒྱབ་ན་ཡོད་པའི་སྡེ་བ་ལ་སྡེ་རིང་ཟེར་རྒྱུ་རེད་ཟེར། ཡང་སྤུན་ཆུང་བས་སྡེ་རིང་དེ་ན་མྱི་རིང་ཟེར་བ་ཞིག་ཡོད་པ་དེ་ནི་རྐུན་མ་ཡིན་རྒྱུ་རེད་ཟེར་ནས་བཙལ་དུ་སོང་། དངོས་ནས་ལུང་བ་དེ་ལ་ལུང་རིང་དང་སྡེ་བ་དེ་ལ་སྡེ་རིང་། སྡེ་རིང་གི་ནང་དུ་མྱི་རིང་ཟེར་བ་ཞིག་ཀྱང་ཡོད། འོན་ཀྱང་སྡེ་མི་དག་གིས་དེ་ལྟར་ཁ་ཚོན་གཅོད་མི་ཆོག་ཞེས་སྨྲས་ནས་སྤུན་གསུམ་ལ་དཀར་ཡོལ་གྱི་ནང་དུ་སྒོག་པ་བཅུག་ནས་ཚོད་དཔག་བྱས་པ་སོགས་རིག་པ་གང་མངལ་དཔྱད་ཀྱང་། སྤུན་གསུམ་གྱི་ཐོགས་པ་མེད་པར་ཤེས་སོང་བས་བ་ལང་རྐུ་མཁན་ཡང་མྱི་རིང་ཡིན་པ་ཤེས། དེ་མ་ཟད་ཁོ་ཚོའི་སྤྱང་དྲུང་དང་བློ་རིག་གིས་རྗེས་ནས་རྒྱལ་སའང་བཟུང་།
这段视频讲了有三个兄弟有只有一头驴,有一次驴被偷了,但他们用智慧找到了小偷并加倍偿还。
这段视频用即简单又幽默的语句来讲述了三个兄弟的故事。三个兄弟只有有一头驴,有一次驴被小偷偷了。他们猜到是某个村的某个人偷的,但是村里的人不让他们断定就是那个人,为了揣测他们的机智,村里人想各种办法搞他们仨。但他们都猜对了并且也知晓了小偷,也加倍偿还了他们的驴。
- Repgong
- གནའ་སྔ་མོ་ཞིག་ལ་རྒན་མོ་ཞིག་ལ་བུ་གསུམ་ཡོད།
- བུ་གསུམ་ནི་མེད་པོ་ཏག་ཏག་ཡིན་ལ་རྒན་མོ་མེད་པོ་ཞིག་ལ་བུ་གསུམ་སྐྱེས།
- བུ་གསུམ་པོའི་ཨ་མ་ཤི་སོང་བ་རེད།
- ཨ་མ་ཤི་རྗེས་ཁོ་གསུམ་པོ་བསྡད་ནས་རྒྱུན་དུ་མི་འགྲིག་པར་རྒྱག་རེས་བྱེད་པ་ཡིན།
- བ་གླང་གཅིག་ཡོད།
- བ་གླང་གཅིག་པུ་དེའི་འོ་མ་ནངས་མོར་དཀར་ཡོལ་གང་།
- དགོང་མོར་དཀར་ཡོལ་གང་བཅས་སྤུན་གསུམ་པོས་འཐུང་ནས།
- བ་གླང་དེ་ལ་ལུང་ལ་ཐག་པས་བཏགས་ནས་དེ་ལྟར་བསྡད།
- སྤུན་ཆེ་བོ་ལ་ད་ནངས་ཁྱོད་འཚོ་རུ་སོང་ཞེས་ནས་ཡ་ཟེར།
- ཕྱི་དྲོའི་དུས་སུ་སྤུན་འབྲིང་བ་ལེན་དུ་སོང་ཟེར།
- ཕྱིར་ཉིན་ཡང་མི་གཅིག་གིས་བལྟས།
- དེ་ལྟར་ཁ་རེས་སྐོར་ནས་བསྡད་ཡོད།
- དེ་ནས་རེ་ཞིག་སྤུན་ཆུང་བས་སྒོ་ནས་ཕྱིར་ཁྱིམ་ལ་ལེན་པ་བརྗེད་སོང་བ་རེད།
- རྩེད་ནས་བསྡད་པས་ས་རུབ་སོང་བ་རེད།
- ཕྱིར་ཡོང་རྗེས་ཁོ་ལ་དེ་ཁྱེར་མི་ཡོང་བར་ཞེས་འཁོན་རེས་བྱས།
- ད་ཐབས་མེད་ཅེས་བསྐྱུར་བ་རེད།
- བསྐྱུར་བས་ནངས་མོར་སོང་ནས་བལྟ་སྐབས་བ་གླང་རྐུན་མས་ཁྱེར་སོང་བ་རེད།
- མེད་པས་ཁོ་ཚོས་དེའི་རྗེས་ལ་བལྟས་ནས།
- ཉག་ཀ་ཕ་རོལ་ཞིག་ལ་ཁྱེར་སོང་བ་རེད།
- ང་ཚོ་འདིའི་རྗེས་དེད་དེ་འགྲོ་ཞེས་བཤད་ནས་མར་ལ་སོང་དུས་ལམ་བར་ཞིག་ནས་རྗེས་མ་རྙེད།
- དེ་ནས་རྒན་མོ་ཞིག་ལ་ཐུག
- ཨ་རོག་ཨ་ཡེ་ལུང་པ་འདིའི་མིང་ལ་ཅི་ཟེར་ཞེས་དྲིས་པ་ན།
- དེའི་མིང་ལ་ལུང་རིང་ཞེས་ཟེར།
- ལུང་རིང་རྔ་རིང་ཡིན་པ་འདྲ།
- དེ་ནས་ཡང་མུ་མཐུད་དུ་སོང་བ་ན་སྡེ་བ་ཞིག་ལ་ཐུག
- ཨ་རོག་སྡེ་བ་འདིའི་མིང་ལ་ཅི་ཟེར་རམ་ཞེས་དྲིས་པ་ན།
- སྡེ་བ་འདིའི་མིང་ལ་སྡེ་རིང་ཞེས་ཟེར།
- སྡེ་རིང་རྔ་རིང་ཡིན་པ་འདྲ།
- དེ་ནས་མུ་མཐུད་དུ་སོང་བ་ན་བུ་སྐྱེས་ཤིག་ལ་ཐུག
- ཨ་རོག ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པ་ན།
- ངའི་མིང་ལ་མི་རིང་ཟེར་ཞེས་བཤད།
- ཁོ་གསུམ་པོ་མི་དེའི་སྟེང་དུ་འཐབ་ནས་ང་ཚོའི་བ་གླང་ཁྱོད་ཀྱིས་བརྐུས་སོང་ངམ།
- ཁོ་ལ་གཅར་རྡུང་སོགས་བྱས།
- ཁོ་ཚོ་ན་ཨ་ཁུ་རྒྱལ་བོ་ཞིག་ཡོད་པས་དེར་གཏུག་ཏུ་འགྲོ་ཞེས་བཤད་ནས་སོང་།
- གཏུག་པ་ན་རྒྱལ་བོས་ཀྱང་ད་ཁྱོད་རྐུན་མ་ཡིན་རྒྱུ་རེད་ཅེས་བཤད་པས་མི་དེས་ང་རྐུན་མ་མིན་ཟེར།
- སྤུན་གསུམ་པོ་ལ་ཁྱོད་ཚོས་མི་ཞིག་གིས་ཁྱེར་བཞིན་པ་དངོས་སུ་རིག་པ་ཡིན་ནམ།
- ཡང་ན་ཁྱོད་ཚོ་ལ་བདེན་དཔང་ཡོད་དམ་ཞེས་དྲིས་པ་ན།
- ང་ཚོར་བདེན་དཔང་མེད།
- རིག་པའང་མིན།
- ང་ཚོས་དཔྱད་པ་ཡིན་ཟེར།
- ཁྱོད་ཚོ་དེ་འདྲའི་དཔྱད་མཁན་དག་ཡིན་ནམ་ཞེས་དྲིས་པ་ན།
- ཡིན་ཞེས་ཐག་གཅོད་མི་ཐུབ་མོད།
- ང་ཚོས་ཀྱང་ཅུང་ཙམ་རེ་ཤེས་པ་ཡིན་ཞེས་བཤད།
- ཅེས་བཤད་པས་ཡ་་་་ད་བཟང་གི
- ཁྱོད་ཚོ་ཇ་ཁང་ནང་དུ་སོང་དང་ཇ་ལྡུད་ངེས་ཞེས་བཤད་ནས།
- ཨ་ཁུ་རྒྱལ་བོ་ཁང་པའི་ཀླད་ན་ཡོད།
- ཁོས་སྒོག་ལོག་ཅིག་ཅོག་ཙེའི་ཐོག་ཏུ་བཞག་ནས།
- དེའི་ཐོག་ཏུ་དཀར་ཡོལ་ཞིག་ཁ་མར་སྐོར་ནས་བཞག
- ཁྱོད་ཚོས་དཔྱད་པ་ལྟར་ན་ངའི་དཀར་ཡོལ་གྱི་འོག་ན་ཅི་ཞིག་ཡོད་དམ་ཞེས་དྲིས་པ་ན།
- སྤུན་ཆེ་བོས་དེ་ནི་ལོག་ལོག་ཅིག་རེད་ཅེས་བཤད།
- སྤུན་འབྲིང་བས་ལོག་ལོག་ཅིག་ཡིན་ན་སྒོག་ལོག་ཅིག་ཡིན་རྒྱུ་རེད་ཟེར།
- གཅིག་གིས་སྒོག་པ་ཞིག་རེད་ཟེར།
- ཁོ་ཚོས་ཤེས་སོང་བ་རེད།
- ཡ་་་ཨ་ཨ་ཨ་་་་འདོད་དེ།
- ངས་ཡང་བསྐྱར་གཅིག་འཇོག་ཅེས་བཤད་ནས།
- ཁོ་རང་རྡོ་སྐས་ཐོག་ལ་འགོ་བའི་སྐབས་སྡོམ་ཞིག་རིག་ནས།
- སྡོམ་དེ་བཟུང་ནས་ཅོག་ཙེའི་ཐོག་ལ་བཞག་ནས།
- དེའིི་ཐོག་ཏུ་དཀར་ཡོལ་བཀབ་ནས།
- ཡང་ངའི་དཀར་ཡོལ་གྱི་འོག་ན་ཅི་ཞིག་ཡོད་དམ་ཞེས་དྲིས།
- སྤུན་ཆེ་བས་ནག་ནག་ཅིག་རེད་ཟེར།
- སྤུན་འབྲིང་བས་ཀྲབ་ཀྲབ་ཅིག་རེད་ཟེར།
- སྤུན་ཆུང་བས་ཀྲབ་ཀྲབ་ཅིག་ཡིན་ན་སྡོམ་ཞིག་ཡིན་རྒྱུ་རེད་ཟེར།
- ཡང་ཤེས་སོང་བ་རེད།
- ཨ་ལ་ལ་་་འདི་ཚོ་དཔྱད་མཁན་དག་རེད།
- ད་ཁྱོད་རྐུན་མ་ཡིན་རྒྱུ་རེད་ཅེས་པ་ན།
- དངོས་ནས་བུ་སྐྱེས་དེའང་རྐུན་མ་ཡིན་པ་རེད།
- ཁོར་ཕྱིར་སྐྱིན་ཚབ་འཇལ་བ་ཡིན།
- དེ་ལྟར་བྱས་པས་བཟང་གི
- ཁྱོད་ཚོ་དེ་འདྲའི་མེད་པོ་དག་ཡིན་ན།
- ཁྱོད་ཚོ་ཇ་ཁང་ནང་དུ་སོང་དང་ངས་ཁྱོད་ཚོ་ལ་ཤ་བཙོ་ནས་མགྲོན་བྱེད་ཟེར།
- ཡ་ཞེས་ནས་དེ་ནས་བསྡད་པ་ཡིན།
- བློན་པོ་གཉིས་ལ་འདི་ཚོའི་མདུན་ནས་སོང་མི་ཆོག་ལ་ཅི་བཤད་ལ་ཉོན་ཞེས་ཟེར།
- དེ་ནས་ཁྱོད་ཚོ་སོང་ནས་སིལ་སྡོང་མགོ་ནས་སིལ་ཏོག་ཐོགས་ནས་ཁོ་ཚོའི་མདུན་ལ་ཞོག
- ཤ་བཙོས་ནས་ཇ་བླུད་ཟེར།
- ཇ་དཀར་པོ་སྐོལ་ཟེར་བར་ཡ་ཞེས་ཟེར།
- དེ་ནས་བློན་པོ་གཉིས་ཀྱིས་ཉན་ནས་བསྡད་ཡོད་།
- ཁོ་ཚོས་སིལ་ཏོག་དེ་ཟ་ཞོར་དུ།
- སིལ་ཏོག་ལ་འདི་ལ་མི་དྲི་བྲོ་ཟེར།
- ཁོ་ཚོས་དྲོ་གི་ཡ་མི་དྲི་བྲོ་ཟེར།
- གཅིག་གིས་འདི་མ་གཏོགས་སྔོན་ལ་འཐུང་བའི་འོ་ཇ་དེར་ཡང་ཁྱི་དྲི་བྲོ་ཟེར།
- གཅིག་གིས་ཤ་འདི་ལའང་ཅིག་བྲོ།
- ངས་ཀྱང་གསལ་བོ་མི་ཤེས།
- དེ་ནས་ཨ་ཁུ་རྒྱལ་བོ་ལ་དེ་ལྟར་བཤད།
- ཨ་ཁུ་རྒྱལ་བོ་སོང་ནས་ཁོའི་ཨ་མར།
- དེ་ཡིན་རུང་ཨ་ཁུ་རྒྱལ་བོ་དེ་དངོས་དག་ཅིག་མ་རེད།
- གཡོག་མོ་ཞིག་གི་གཡོག་ཕྲུག་རེད་ཟེར།
- གཅིག་གིས་རེད་ཡ་གཡོག་མོ་ཞིག་གི་གཡོག་ཕྲུག་རེད་ཟེར།
- ཁོ་གཉིས་སོང་ནས་ཨ་ཁུ་རྒྱལ་བོ་ལ་འདི་ལྟར་བཤད།
- སིལ་ཏོག་ལ་མི་དྲི་བྲོ་ཟེར།
- ཤ་ལ་ཁྱི་དྲི་བྲོ་ཟེར།
- འདི་ཅི་ཞིག་ཡིན་པ་མི་ཤེས་གི་ཞེས་ཨ་མ་ལ་དྲིས།
- ཨ་མས་བུ་ལ་དེར་བདེན་པའི་ཆ་ཞིག་ཡོད་གི
- ང་རང་བྱིས་པའི་དུས་སུ་འུ་ཚང་གི་སིལ་སྡོང་དེའི་སྟེང་ནས་མི་ཞིག་ལྕེབས་པ་ཡིན་ཟེར།
- དེ་བདེན་ནི་རེད།
- དེས་ན་ཤ་ལ་ཁྱི་དྲི་བྲོ་བ་དེ་ཅི་ཡིན་ནམ་ཞེས་དྲིས་པ་ན།
- འུ་ཚང་གི་ལུག་ལས་མ་མོ་ཞིག་ཤི་སོང་བ་དང་དེའི་ལུ་གུ་ངས་གཉོར་ནས་ལག་ཆགས་པ་དང་།
- འུ་ཚང་གི་ཁྱི་མོ་ལ་ཁྱི་ཕྲུག་བཙས་ཡོད་པས།
- ངས་ལྟོ་བླུད་ན་ཁྱི་མོས་ལྟོ་འཐུང་བའི་སྐབས་ལ་ལུ་གུས་ཁྱིའི་ནུ་མ་ནུ་བ་ཡིན།
- དེ་བདེན་ནི་རེད་ཟེར།
- དེས་ན་ང་ཁྱོད་ཀྱི་བུ་མིན་པར་གཡོག་ཕྲུག་ཅིག་ཡིན་ནི་རེད་ཟེར་བ་ཅི།
- དེ་ངོ་མ་ཡིན་ནི་རེད།
- མི་གཞན་པ་གཅིག་ལའང་བཤད་མ་མྱོང་།
- ངེད་གཉིས་ལ་རིགས་རྒྱུད་མ་བྱུང་བར་བྱིས་པ་མེད་པས།
- གཡོག་མོ་ཞིག་ལ་བྱིས་པ་ཡོད་པས་ངའི་ཡིན་ཁུལ་བྱས་ནས་གསང་བ་ཡིན།
- དེའང་བདེན་ནི་རེད་ཟེར།
- ཨ་ལ་ལ་ཁོ་ཚོ་ངར་བ་ཏག་ཏག་རེད་ཟེར།
- དེ་ནས་ཨ་ཁུ་རྒྱལ་བོས་ཁྱོད་ཚོ་བཟང་ཐལ་ད་སོང་ཆོག་ཅེས་པ་ན།
- དེ་ནས་ཁོ་ཚོ་འགྲོ་སྐབས།
- ཨ་རྒྱལ་བོ་བཟང་བོ་ཨ་རྒྱལ་བོ་བཟང་བོ་ཨ་རྒྱལ་བོ་བཟང་བོ།
- ད་ལོའི་ཚེ་གཅིག་གི་ཚེ་མ་གཏོགས་མེད་གི
- ད་བྱ་འདི་རྒྱལ་བོ་བཟང་བོ།
- མི་འདྲ་བོ་ཚེ་གཅིག་གི་ཚེ་མ་གཏོགས་མེད་གི་ཟེར།
- གཅིག་གིས་ཐར་ལམ་ཞིག་ཡོད་གི་ཟེར།
- ཆུང་བས་ཐར་ལམ་ཡོད་གི་ཡ།
- རྒྱ་ལོའི་ཚེ་གཅིག་ཉིན་ཁོ་རང་མི་འདུག་པར་སློག་པ་རལ་བོ་ཞིག་གྱོན་ནས་ལོ་གསར་སློང་དུ་སོང་ཚེ།
- ཁོའི་ཚེ་གཏན་རྒྱུ་རེད་ཟེར།
- གཏན་རྒྱུ་རེད་ཟེར།
- ཞེས་བཤད་རྗེས་བུད་སོང་བ་རེད།
- ཁོ་ཚོའང་ཡུལ་ལ་སོང་།
- རྗེས་ནས་རྒྱ་ལོ་སར་རན་པའི་སྐབས་ཀྱི་དགུའི་དགོང་མོ་ཞིག་ལ།
- ཁོ་ཚོ་ཡང་ཟ་རྒྱུ་མེད་པར་ཨ་ཁུ་རྒྱལ་བོ་ཚང་ལ་བརྐུ་རུ་འགྲོ་ཞེས་ནས།
- ཨ་ཁུ་རྒྱལ་བོ་ཚང་རྐུས་བྱེད་དུ་སོང་།
- སྐབས་དེ་ལ་མི་ཞིག་ཡོང་གི་ཡོད།
- ཨ་རོག་ཁྱོད་གང་དུ་འགྲོ་བཞིན་ཡོད་ཅེས་དྲིས་པ་ན།
- ངའི་བྱིས་པ་རྣམས་ལ་ཟ་རྒྱུ་མེད་ལ་རྒྱ་ལོ་གསར་སྤྱད་མེད་པས་འདིའི་ནང་དུ་བརྐུས་བྱེད་དུ་འགྲོ་བ་ཡིན་ཟེར།
- ཁྱོད་གང་དུ་འགྲོ་བ་ཡིན་ཞེས་པ་ན།
- ཨ་ཁུ་རྒྱལ་བོས་ངའང་དེ་འདྲ་ཞིག་ཡིན།
- ངའང་བརྐུས་བྱེད་དུ་འགྲོ་བ་ཡིན་ཟེར།
- དེས་ན་ཁྱོད་རང་འདི་ནས་སྡོད་དང་ང་སོང་ནས་ཅིག་བརྐུ་ཡོང་།
- ཁྱོད་གནས་འདི་ནས་མ་འགུལ་ཟེར།
- ཨ་ཁུ་རྒྱལ་བོས་ང་གནས་འདི་ནས་མི་འགུལ་བར་འདུག་མོད་ཁྱོད་གང་ལ་བརྐུ་རུ་འགྲོ་རྒྱུ་ཡིན་ཟེར།
- རྒྱལ་བོ་ཚང་ནས་མི་བརྐུ་བར་སུ་ལ་བརྐུ།
- རྒྱལ་བོ་ཚང་ལ་བརྐུ་རུང་འགྲོ་ཟེར།
- རྒྱལ་བོ་ཁོ་ཡིན་ནི་རེད།
- དེ་ཚང་ལ་སོང་ནས།
- ཁྱིམ་ལ་སོང་ནས་ཟ་མ་ཞིག་ཨེ་ལེན་ཐུབ་བམ་བསམ་ནས།
- ཁྱིམ་ལ་སོང་ནས་ཉན་པ་ན།
- ཡང་རྒྱལ་བོ་དེའང་རིགས་རྒྱུད་མེད་པར་བུ་མོ་ཞིག་བུ་སྐལ་བླངས་ནས་བུ་མོ་དེ་ལ་མག་པ་བཞག་ཡོད།
- ཤ་ཚིལ་གཉིས་འཐག་ནས་ཚོད་མ་ཁོན་གཉིས་བཅོས་ཡོད་པ་དང་།
- ཡང་བསྐྱར་ཚོད་མ་སྡེར་མ་གང་ཙམ་བཅོས་ནས་ཁོན་ཆུང་ཆུང་ཞིག་གི་ནང་དུ་བཞག་ནས།
- མག་པས་ཁྱོད་ཀྱིས་ཚོད་མ་མི་ནོར་རམ་ཞེས་པ་ན།
- མི་ནོར། ངས་ཁོན་གྱི་ནང་དུ་ཁེར་རེ་བཞག་ཡོད་ཟེར།
- ཁོས་ཉན་ནས་དེ་ལ་བལྟས་ནས་བསྡད།
- ནང་དུ་དུག་བཏབ་པ་རེད།
- ཤ་ཡང་ཁེར་རེ་ཁོན་ཆུ་དེའི་ནང་དུ་བཙོས་ནས།
- ཐོག་ཏུ་དུག་བཏབ་པ་དང་།
- དེ་ནས་ཕྱིར་ཡོང་།
- ཁོས་ཁོ་རང་མ་རྙེད།
- དེ་ནས་ཕྱིར་རྒྱུགས་ཡོང་ནས་ལུག་ར་ནང་གི་ལུག་ཅིག་ཁུར་ཡོང་ནས་བཤས་པ་དང་།
- འདིའི་ཤ་ཕྱེད་ཀ་ཁྱོད་ཀྱིས་འཁྱེར་ཕྱེད་ཀ་ངས་འཁྱེར་ཞེས་བཤད།
- ཁྱོད་ཀྱིས་འཁྱེར་སོང་དང་།
- རྒྱལ་བོས་ཁྱོད་ཀྱིས་ཁྱེར་སོང་ཟེར།
- ང་དེའི་ཚད་ལ་ཅུང་ཙམ་ཐོན་མེད།
- ངས་ལོ་སར་ཞིག་བསྒྲིག་ཡོད།
- ཁྱོད་ལ་དངོས་ནས་ཟ་རྒྱུ་མེད་ན་ཁྱོད་ཀྱིས་འཁྱེར་སོང་དང་ཞེས་བཤད་པ་ན།
- ཨ་ཁུ་རྒྱལ་བོ་ལོ་ལོ་ད་མ་བཟང་ད་མ་བཟང་།
- ཨ་ཁུ་རྒྱལ་བོ་ལ་ནངས་རེའི་ཚེ་མ་གཏོགས་མེད་གི
- རྒྱལ་བོ་བཟང་བོ་རྒྱལ་བོ་བཟང་བོ་ཞེས་བཤད།
- དེ་ཅི་ཞིག་བྱུང་སོང་ངམ་ཞེས་དྲིས་པ་ན།
- ཨ་ཁུ་རྒྱལ་བོས།
- བུ་མོ་དང་མག་པ་གཉིས་ཀྱིས་ཟ་མའི་ནང་དུ་དུག་བཏབ་ཟིན།
- ཚོད་མའི་ནང་དུ་དུག་བཏབ།
- ཤའི་ནང་དུའང་དུག་བཏབ་ཟིན།
- ཨ་ཁུ་རྒྱལ་བོས་ནངས་མོར་དེ་བཞེས་པ་ན་ད་ཡོད་པ་མ་རེད།
- རྒྱལ་བོ་བཟང་བོ་ཞིག་ཡིན་ཡ་ཞེས་བཤད།
- འུ་གཉིས་གྲོགས་པོ་བཅའ།
- ངའང་རྐུན་མ་ཞིག་ཡིན།
- ཁྱོད་རང་སང་ཉིན་ཉི་མ་ཤར་བའི་དུས་ན་སྡེ་བ་འདིའི་ནང་དུ་ཤོག་དང་།
- ངས་ཁྱོད་ཀྱི་རྗེས་ལ་མི་ཞིག་ཕུད།
- ངའི་མགོའི་ཞྭ་འདི་ཁྱོད་ཀྱིས་གོན་དང་།
- རྒྱལ་བོའི་ཞྭ་དེ་བུ་སྐྱེས་དེའི་མགོ་ལ་གོན།
- འགྲོ་རུ་བཅུག་རྗེས་རྒྱལ་བོ་ཕྱིར་ཡུལ་ལ་ལོག་ནས་ཉལ།
- ནངས་མོར་ཨ་ཕ་ལ་ཡར་ལོངས་ཞེས་བཤད་ནས་ལངས་རན་འདུག་ཟེར།
- ཨ་ཕ་ཡར་ལངས་ནས་བསང་ཕུལ་བ་དང་མཆོད་པ་བཤམས་པ་སོགས་བྱས།
- ཁོ་གཉིས་ཀྱིས་ཅོག་ཙེའི་སྟེང་དུ་སྡེར་ཁ་བསྒྲིགས་པ་སོགས་བྱས།
- བྱིས་པ་གཉིས་ལ་ད་བར་དུ་ང་ཚོས་ཟ་འཐུང་བྱས་ནས་ཡོང་བ་ཡིན།
- དེ་རིང་ཟས་ཀྱི་མགོ་མ་འདི་བྱི་ལ་འདི་ལ་སྟེར་དགོས་ཟེར་ནས་ཚོད་མ་གཅིག་བྱི་ལའི་མདུན་ལ་འཕངས།
- ཤ་རྩིབ་གུ་ཞིག་ཁྱེར་སོང་ནས་སྒོ་ན་ཁྱི་ཞིག་ཡོད་པ་དེ་ལ་སྟེར་དགོས་ཟེར།
- ཨ་བྱ་འདི་ད་བར་དུ་འུ་ཚོས་ཟས་པ་ཡིན་ཟེར་ནས་ཁྱི་ལ་བྱིན།
- ཁྱི་གནམ་ལ་ལྡིང་ནས་ཤི་སོང་བ་རེད།
- བྱི་ལ་གནམ་ལ་ལྡིང་ནས་ཤི་སོང་བ་རེད།
- དེ་ནས་ཁོས་བློན་པོ་རྣམས་ལ་བརྡ་བརྒྱབ་ནས།
- ཁོ་གཉིས་གསོད་རྩིས་བྱས་མོད།
- གསོད་དུ་མ་བཅུག་པར་རྒྱང་ཕུད་དུ་བཏང་ནས།
- ས་ཆ་འདི་ལ་ཡོང་མི་ཆོག་ཅེས་རྒྱང་ཕུད་དུ་བཏང་།
- ཁྱོད་ཚོ་ཕྱིར་ལ་སོང་ནས་ངའི་ཞྭ་གྱོན་པ་ཞིག་ཡོད་པར་ལྟོས་དང་།
- དངོས་ནས་བུ་སྐྱེས་དེ་དངོས་གནས་དེར་ཡོང་འདུག
- མགོར་ཞྭ་གྱོན་པ་དེ་ཁྲིད་ཡོང་ནས།
- རྒྱལ་བའི་རྒྱལ་ས་གཉིས་སུ་བགོས་ནས་སྐྱིད་པོ་བྱས་ནས་བསྡད།
- དེ་དག་རིག་ཀྱི་བུ་གསུམ་ཟེར་བ་དེ་ཡིན་པ་རེད་ཟེར་མོད་གསལ་བོ་མི་ཤེས།