Video Overview
This is a video of Zungbum Thar from Badzong, Amdo singing a song called "Three Rainbows Appear in the Blue Sky." This song is part of a collection of folk songs from the Rebgong cultural area.
- ཡ་རེ་་་ཡ་རེ་ལེན་གོ་་་ཞང་འ་ཡང་ཟེར་ར་གླུ་ཞིག་ལེན་གོ
- དགུང་སྔོན་གནམ་ནས་འཇའ་གསུམ་ཤར།།
- འཇའ་མགོ་མ་ཤར་ནས་དགུང་ལ་སོང་།།
- དགུང་ཉི་ཟླ་གཉིས་ཀ་ཡག་རེ་ལྟོས།།
- གན་ཡང་ཡང་ཡག་གི་སྨོན་ལམ་འདེབས།།
- འཇའ་བར་མ་ཤར་ནས་ལྷོ་ལ་སོང་།།
- ལྷོ་གཡུ་འབྲུག་སྔོན་མོའི་སྐད་སྙན་ཡག།
- གན་ཡང་ཡང་ཡག་གི་སྨོན་ལམ་འདེབས།།
- འཇའ་གཞུག་མ་ཤར་ནས་ས་ལ་སོང།།
- ས་དོག་མོ་ཁ་ཞེང་ཆེ་རེ་ལྟོས།།
- གན་ཡང་ཡང་ཆེ་བའི་གླུ་ཞིག་ལེན།།
- གླུ་ཤེས་ནི་མིན་ར་རྩེད་དགའ་ཡིན།།