05 Jan 2016
3 min 48 sec
Video Overview
Creators:
Tibetan & Himalayan Library
This is a video of Namkha from Gagya Village in Chentsa singing a song called "Three Rainbows Appear in the Blue Sky." This song is part of a collection of folk songs from the Rebgong cultural area.
འདི་ནི་ཚེ་འདི་ཕྱི་མཁྱེན་པའི་བླ་མ་དང་དབང་སྡུད་ཆེ་བའི་དཔོན་པོ་གཉིས་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་དགུང་སྔོན་གནམ་ནས་འཇའ་གསུམ་ཤར་བ་དེ་རྗེ་བླ་མ་འཁྲུངས་པའི་རྟེན་འབྲེལ་དང་འཇའ་ཁ་དོག་སྣ་ལྔ་ཚང་བ་དེ་ཚེ་འདི་ཕྱི་མཁྱེན་པའི་རྟེན་འབྲེལ་ཡིན་པ་དང་། རྫ་མགོ་སྨུག་གིས་བཟུང་བ་དཔོན་ཆེན་པོ་འཁྲུངས་པའི་རྟེན་འབྲེལ་དང་སྨུག་པས་རི་མགོ་ཐམས་ཅད་ཁེབས་པ་དཔོན་དབང་སྡུད་ཆེ་བའི་རྟེན་འབྲེལ་ཡིན་པ་བརྗོད་ཡོད།
- ༼ཡེ་་་ལ་་་ལ་མོའི་ཡང་འགྲོ་ཨ་ཟིན་ཁོ་་་ཡེ་་་ཡ་རེ་ལེན།༽
- དགུང་ཨ་སྔོན་དཀྱིལ་ནས་འཇའ་གསུམ་ཤར། ། ༼ལ་་་ལ་མོའི་ཡང་འགྲོ་ཨ་ཟིན་ཁོ་་་ཡེ་་་ཡ་རེ་ལེན།༽
- རྗེ་བླ་མ་འཁྲུངས་པའི་རྟེན་འབྲེལ་རེད། །༼ལ་་་ལ་མོའི་ཡང་འགྲོ་ཨ་ཟིན་ཁོ་་་ཡེ་་་ཡ་རེ་ལེན།༽
- འཇའ་ཁ་དོག་སྣ་ལྔ་ཚང་ནོ་འདི། ། ༼ལ་་་ལ་མོའི་ཡང་འགྲོ་ཨ་ཟིན་ཁོ་་་ཡེ་་་ཡ་རེ་ལེན།༽
- ཚེ་འདི་ཕྱི་མཁྱེན་པའི་རྟེན་འབྲེལ་རྟེན་རེད། ། ༼ལ་་་ལ་མོའི་ཡང་འགྲོ་ཨ་ཟིན་ཁོ་་་ཡེ་་་ཡ་རེ་ལེན།༽
- སྟོད་རྫ་མགོ་སྐོར་ནས་སྨུག་གིས་བཟུང་། ། ༼ལ་་་ལ་མོའི་ཡང་འགྲོ་ཨ་ཟིན་ཁོ་་་ཡེ་་་ཡ་རེ་ལེན།༽
- དཔོན་ཆེན་པོ་འཁྲུངས་པའི་རྟེན་འབྲེལ་རེད། ། ༼ལ་་་ལ་མོའི་ཡང་འགྲོ་ཨ་ཟིན་ཁོ་་་ཡེ་་་ཡ་རེ་ལེན།༽
- སྨུག་དཀར་པོས་རི་མགོ་ཁེབས་ནོ་འདི། ། ༼ལ་་་ལ་མོའི་ཡང་འགྲོ་ཨ་ཟིན་ཁོ་་་ཡེ་་་ཡ་རེ་ལེན།༽
- དཔོན་དབང་སྡུད་ཆེ་བའི་རྟེན་འབྲེལ་རེད། ། ༼ལ་་་ལ་མོའི་ཡང་འགྲོ་ཨ་ཟིན་ཁོ་་་ཡེ་་་ཡ་རེ་ལེན།༽
- གྲལ་འདིར་ཚོགས་སྐུ་ཚེ་བརྟན་རྒྱུ་ཚོ། ། ༼ལ་་་ལ་མོའི་ཡང་འགྲོ་ཨ་ཟིན་ཁོ་་་ཡེ་་་ཡ་རེ་ལེན།༽
- ངས་གླུ་ཡང་ཡང་ལེན་པའི་སྨོན་ལམ་རྒྱག ༼ལ་་་ལ་མོའི་ཡང་འགྲོ་ཨ་ཟིན་ཁོ་་་ཡེ་་་ཡ་རེ་ལེན།༽