29 Dec 2015
3 min 40 sec
Video Overview
Creators:
Tibetan & Himalayan Library
This is a video of Shabo Tso from Khengya Village in Chentsa singing "Three Precious Things." This song is part of a collection of folk songs from the Rebgong cultural area.
འདི་ནི་མདོ་སྨད་རེབ་གོང་ཕྱོགས་ཀྱི་དམངས་གླུ་ཞིག་ཡིན་ལ། འདིའི་ནང་དུ་རྟ་མཆོག་དང་མཛོ། ལུག་བཅས་ལ་བསྟོད་པ་བྱས་ཡོད།
སྔོན་ཆད་བོད་ཁུལ་གྱི་རོང་འབྲོག་ཚང་མས་འགྲིམ་འགྲུལ་ཡོ་བྱད་ཆེས་གལ་ཆེ་བ་ནི་རྟ་དང་མཛོ་གཉིས་ཡིན་ལ། གླུ་འདིའི་ནང་དུ་འགྲིམ་འགྲུལ་ཡོ་བྱད་གལ་ཆེན་རྟ་མཆོག་དང་ཁྱུང་དཀར་མཛོ། འཇམ་དཀར་བལ་གྱི་འབྱུང་ཁུངས་གཡང་དཀར་ལུག་བཅས་ལ་བསྟོད་པ་བྱས་ཡོད།
- ༼ཡེ་་་་་་་་་་འགྲོ་ཡ་རེ་ལེན། བྱང་ཡ་རེ་ཟེར་ར་་་་་འགྲོ་གླུ་ཞིག་ལེན་དགོ༽
- གསེར་སུག་བཞི་མ་ཡི་འདོ་རིགས་རྟ། །
- ས་བྱང་ལམ་གཅོད་པའི་རིན་པོ་ཆེ། །
- ༼ཡེ་་་་་་་་་་འགྲོ་ཡ་རེ་ལེན། བྱང་ཡ་རེ་ཟེར་ར་་་་་འགྲོ་གླུ་ཞིག་ལེན་དགོ༽
- དངུལ་དཀར་པོ་འདྲ་བའི་ཁྱུང་དཀར་མཛོ། །
- ཁལ་ལྗིད་མོ་ཁུར་བའི་རིན་པོ་ཆེ། །
- ༼ཡེ་་་་་་་་་་འགྲོ་ཡ་རེ་ལེན། བྱང་ཡ་རེ་ཟེར་ར་་་་་འགྲོ་གླུ་ཞིག་ལེན་དགོ༽
- དུང་དཀར་མོ་འདྲ་བའི་མཚེར་མོ་ལུག །
- བལ་ཡུན་བུ་ལེན་པའི་རིན་པོ་ཆེ། །
- གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན། །