Skip to main content Skip to search
05 Jan 2016
4 min 33 sec
Video Overview
Creators: 
Tibetan & Himalayan Library

This is a video of Namkha from Gagya Village in Chentsa singing a song called "Three Prayers." This song is part of a series of folk songs from the Rebgong cultural area.

འདི་ནི་སྤུན་ན་ཟླ་ཚང་མ་ཡང་ནས་ཡང་དུ་གླུ་ལེན་གར་རྩེ་བྱས་ཏེ་སྐྱིད་པའི་འཚོ་བ་ལ་རོལ་བར་སྨོན་ལམ་འདེབས་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་གཡུ་བྱུར་སྔོན་མོས་ཕྲ་ཡིས་བརྒྱན་པའི་གསེར་ཁྲིའི་སྟེང་དུ་རྗེ་བླ་མ་ཡང་ཡང་བཞུགས་པ་དང་། སྟག་ཤ་རས་བོའུ་མདའ་ཡང་ཡང་འཁུར་བ།  ནང་ན་ཟླ་ཚང་མ་རྩེད་ཁང་ནང་དུ་ཡང་ཡང་རྩེ་ཐུབ་པར་སྨོན་ལམ་འདེབས་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0
  • ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • འཇང་རྡུང་གསེར་འདིས་ཁྲི་ཞིག་བརྡུང་། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • གཡུ་བྱུར་སྔོན་མོས་ཕྲ་ཞིག་སྤྲོད། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • འདི་དེང་སང་བླ་མའི་བཞུགས་ཁྲི་ཉན། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • འདི་ཡང་ཡང་བཞུགས་པའི་སྨོན་ལམ་འདེབས། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • འཇང་རྡུང་ལྕགས་འདིས་བོའུ་ཞིག་བརྡུང་། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • རྣོ་སྲང་ལ་ཚད་ནས་ཀླད་ཅིག་སྤྲོད། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • སྟག་ཤ་རའི་མགོ་ཡི་རྭ་ཞིག་ཡིན། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • རྭ་ཡང་ཡང་འདོགས་པའི་སྨོན་ལམ་འདེབས། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • འཇང་རྡུང་ས་འདིས་མཁར་ཞིག་བརྡུང་། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • ཤིང་ཐིག་ལ་ལེན་ན་སྒོ་ཞིག་སྤྲོད། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • འདི་དེང་སང་ན་ཟླ་རྩེད་ཁང་རེད། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽
  • ཁྲོམ་ཡང་ཡང་རྩེ་བའི་སྨོན་ལམ་འདེབས། ། ༼ཡེ་་་་ལ་ལ་ལ་མོ་་་་ངས་གླུ་ཞིག་ཡང་ཡ་ལེན་གོ༽