05 Jan 2016
2 min 32 sec
Video Overview
Creators:
Tibetan & Himalayan Library
This is a video of Zungbum Thar from Badzong, Amdo singing a song called "The Three Omens." This song is part of a collection of folk songs from the Rebgong cultural area.
འདི་ནི་དུས་མི་འདྲ་བ་རེ་ལ་མཆོད་རེ་འཕངས་ཏེ་སྲིད་པའི་རྟེན་འབྲེལ་སྒྲིག་པ་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ནངས་སྔ་མོ་སྐྱ་རེངས་ཤར་དུས་འོ་མའི་མཆོད་གསུམ་འཕངས་ཏེ་སྲིད་པའི་རྟེན་འབྲེལ་དང་པོ་འགྲིག་པ་དང་། གསེར་གྱི་ལེར་ཉི་མ་ཤར་དུས་ཇ་འོ་མའི་མཆོད་གསུམ་འཕངས་ཏེ་སྲིད་པའི་རྟེན་འབྲེལ་གཉིས་པ་འགྲིག་པ། སྨག་འཁྱིལ་ལེ་མུན་པ་རུབ་དུས་ཆང་བདུད་རྩིའི་མཆོད་གསུམ་འཕངས་ཏེ་སྲོད་པའི་རྟེན་འབྲེལ་གསུམ་པ་འགྲིག་པ་བརྗོད་པའི་གླུ་ཞིག་ཡིན།
- ༼ ཡེ་་་་་་་ཡ་རེ་ཨོ་ན་ཟླ་ཡ་རེ་ལེན། ༽
- སྐྱ་གསལ་ལེ་སྐྱ་རེངས་གྲགས་དུས་ན།།
- གན་འོ་མའི་ཁ་ནས་མཆོད་གསུམ་འཕེན།།
- འདི་སྲིད་པའི་རྟེན་འབྲེལ་དང་པོ་ཡིན།།
- གསེར་གྱི་ལེར་ཉི་མ་ཤར་དུས་ན།།
- ཇ་འོ་མའི་ཁ་ནས་མཆོད་གསུམ་འཕེན།།
- འདི་སྲིད་པའི་རྟེན་འབྲེལ་གཉིས་པ་ཡིན།།
- སྨག་འཁྱིལ་ལེ་མུན་པ་རིབ་དུས་ན།།
- ཆང་བདུད་རྩིའི་ཁ་ནས་མཆོད་གསུམ་འཕེན།།
- འདི་སྲིད་པའི་རྟེན་འབྲེལ་གསུམ་པ་ཡིན།།
- གླུ་ཤེས་ནི་མིན་ར་དགའ་ཕྱོགས་ཡིན།།