06 Jan 2016
2 min 32 sec
Video Overview
Creators:
Tibetan & Himalayan Library
This is a video of Kesang from Garu Village in Chentsa singing a song called "Three Kinds of Gods Are at the Head of the Table." This song is part of a collection of folk songs from the Rebgong cultural area.
འདི་ནི་སྨོན་ལམ་འདེབས་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་རྗེ་རྒྱལ་བ་བློ་བཟང་གྲགས་པ་དང་སློབ་དཔོན་པདྨ་འབྱུང་གནས། རྗེ་བཙུན་འཕགས་པ་སྒྲོལ་མ་བཅས་སེམས་ཅན་ཀུན་ཀྱི་མགོན་དུ་བཞུགས་པ་དག་ལ་ཚེ་རབས་ཐམས་ཅད་དུ་་སྐུ་གཡོག་རེ་སྒྲུབ་ཐུབ་པར་སྨོན་ལམ་འདེབས་ཀྱིན་པ་བརྗོད་ཡོད།
- ༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན། ཞང་ཨ་དབྱངས་ཟེར་ལ་ལེན་བཞིན་ཡོད༽
- གཡས་རྒྱ་གྲལ་ཡི་གྲལ་མགོ་ན། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- རྗེ་རྒྱལ་བ་བློ་བཟང་གྲགས་པ་བཞུགས། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- དགེ་སློང་བརྒྱ་ཡིས་ཞབས་གཡོག་བསྒྲུབས། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- ད་ཡང་སྒྲུབ་ལ་གནའ་ཡང་བསྒྲུབས། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- འདི་ཡང་ཡང་བསྒྲུབ་པའི་སྨོན་ལམ་འདེབས། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- གཡོན་རྒྱ་གྲལ་ཡི་གྲལ་མགོ་ན། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- སློབ་དཔོན་པདྨ་འབྱུང་གནས་བཞུགས། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- རལ་ཐོགས་བརྒྱ་ཡིས་ཞབས་གཡོག་བསྒྲུབས། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- ད་ཡང་སྒྲུབ་ལ་གནའ་ཡང་བསྒྲུབས། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- འདི་ཡང་ཡང་བསྒྲུབ་པའི་སྨོན་ལམ་འདེབས། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- ཕྱི་རྒྱ་གྲལ་ཡི་གྲལ་མགོ་ན། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- མ་རྗེ་བཙུན་འཕགས་མ་སྒྲོལ་མ་བཞུགས། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- མ་ཅོ་ཐོགས་བརྒྱ་ཡིས་ཞབས་གཡོག་བསྒྲུབས། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- ད་ཡང་སྒྲུབ་ལ་གནའ་ཡང་བསྒྲུབས། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽
- འདི་ཡང་ཡང་བསྒྲུབ་པའི་སྨོན་ལམ་འདེབས། །
- གླུ་ཤེས་ནི་མིན་ཡང་རྩེ་དགའ་ཡིན། །༼ལ་ལ་མོས་ལོ་་་་ངས་གླུ་ཞིག་ལེན༽