Video Overview
This is a video of Tsethar Bum from Yonru Village in Chentsa singing a song called "The Three Colors of the Sky." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་་དུང་ལོ་ལོ་ཡ་རེ་ལེན་་་བྱང་ཡ་རེ་ཟེར་ར་དུང་ལོ་ལོ་གླུ་ཞིག་ལེན༽
- དགུང་གནམ་ན༼དུང་ལོ་ལོ༽མདོག་གསུམ་ཡོད། །
- ཉི་མ་སེར་པོ༼དུང་ལོ་ལོ༽གསེར་མདོག་རེད། །
- ཟླ་བ་དཀར་པོ༼དུང་ལོ་ལོ༽དུང་མདོག་རེད། །
- སྨིན་དྲུག་ཁྲ་མོ༼དུང་ལོ་ལོ༽གཡུ་མདོག་རེད། །s
- དགུང་ཨ་སྔོན་དཀྱིལ་གྱི༼དུང་ལོ་ལོ༽མདོག་གསུམ་རེད། །
- ༼ཡེ་་་་དུང་ལོ་ལོ་ཡ་རེ་ལེན༽
- དོག་མོ་ས་ལ༼དུང་ལོ་ལོ༽མདོག་གསུམ་ཡོད། །
- ལོག་དཀར་མེ་ཏོག༼དུང་ལོ་ལོ༽གསེར་མདོག་རེད། །
- གྲོ་ཡི་མེ་ཏོག༼དུང་ལོ་ལོ༽དུང་མདོག་རེད། །
- ཟར་མའི་མེ་ཏོག༼དུང་ལོ་ལོ༽གཡུ་མདོག་རེད། །
- དོག་མོ་ས་ཡི༼དུང་ལོ་ལོ༽མདོག་གསུམ་རེད། །