Video Overview
Dorjé from Chakor village in Repgong tells the story of how three clever brothers found their lost donkey.
- གནའ་སྔ་མོ་ཞིག་ལ་བོད་ཀྱི་མཁས་པ་མི་གསུམ་ཟེར་བ་ཞིག་ཡོད།
- དོན་དངོས་ཡིན་པ་མི་ཤེས།
- དེ་འདྲ་ཞིག་སྐྱེས་ནས།
- ཁོ་ཚོ་ལ་བ་གླང་གཅིག་ཡོད།
- བ་གླང་རྐུན་མས་རྐུས་སོང་བ་རེད།
- དེ་ནས་ང་ཚོས་སྐབས་དེའི་རྒྱལ་བོ་ལ་གཏུག་དགོས་ཟེར་ནས།
- ང་ཚོས་བ་གླང་དེ་སུས་རྐུས་པ་དེ་དེང་སང་གི་སྐད་ཆའི་བཤད་ན་ཞིབ་བཤེར་བྱས།
- རྒྱལ་བོར་གཏུག་དགོས་ཞེས་པ་ན།
- དེ་གསུམ་པོ་ཡོང་བཞིན་པ་ཐོས་པ་ན་རེ་མ་སྒམ་ཞིག་བཞག་ནས།
- ཟ་མ་སྔོན་ལ་འཇོག་བྱེད་དེའི་ནང་དུ་མི་ཞིག་བཅུག་ནས།
- བློན་པོ་ཞིག་བཅུག་ནས་ཁོ་ཚོས་ཁ་བརྡ་ཅི་ཞིག་བྱས་པ་ལ་ཉན་རྗེས་ང་ལ་ཤོད་ཟེར།
- སྒམ་གྱི་ཐོག་ཏུ་སུལ་ཏོག་དང་ཤ་སོགས་བསྒྲིགས་ནས།
- ཇ་སོགས་བཞག་རྗེས་ཁོ་ཚོ་ལ་ཁྱོད་ཚོས་འཐུང་ཞེས་ནས་སྒོ་བརྒྱབ་ཏེ་བུད་སོང་།
- དེ་ནས་མི་གཅིག་གིས་ཤ་རྡོག་ཅིག་ཁ་ནང་ལ་བཞག་ནས།
- འདི་ཅི་རེད། ཤ་འདི་ལ་ཁྱི་དྲི་དྲོ་བ་ཅི་རེད་ཟེར།
- དེ་ནས་ཡང་གཅིག་གིས་སུལ་ཏོག་ཅིག་ཁ་ནང་ལ་བཞག་ནས།
- འདི་ཅི་རེད་དམ། སུལ་ཏོག་འདི་ལ་མི་དྲི་དྲོ་བ་ཅིག་རེད་ཟེར།
- ཡང་གཅིག་གིས་ང་ཚོས་སྐྱིད་སྡུག་བཤད་སའི་རྒྱལ་བོ་སྤྲང་ཕྲུག་ཅིག་རེད་ཟེར།
- ཟ་མ་ཟས་རྗེས་རྒྱལ་བོ་ལ་ང་ཚོའི་དོན་དག་འདི་ལ་ཐུགས་ཁུར་གནང་དགོས་ཞེས་ནས།
- ང་ཚོའི་བ་གླིང་ནི་ཉེ་སའི་མི་ཞིག་ཁྱེར་བ་རེད།
- དེ་ལྟར་བཤད་རྗེས་བུད་སོང་།
- མི་དེ་ལ་ཁོ་ཚོས་ཁ་བརྡ་ཅི་ཞིག་བྱས་དྲིས་པ་ན།
- གཅིག་གིས་ཤ་ཟས་ནས་ཤ་ལ་ཁྱི་དྲི་དྲོ་ཟེར།
- གཅིག་གིས་སུལ་ཏོག་ཟས་ནས་སུལ་ཏོག་ལ་མི་དྲི་དྲོ་ཟེར།
- སྐྱིད་སྡུག་བཤད་སའི་རྒྱལ་བོ་ནི་སྤྲང་ཕྲུག་ཅིག་རེད་ཟེར།
- དེ་མ་གཏོགས་ཁ་བརྡ་གཞན་མ་བྱས་ཐལ་ཟེར།
- དེ་ཅི་ཞིག་ཡིན་ནམ་ཞེས་ནས།
- དེ་ནས་མ་ཡུམ་ལ་ཁོ་ཚོས་དེ་ལྟར་བཤད་པ་དེ་ནི་ཅི་ཡིན་ཞེས་དྲིས་པ་ན།
- དེ་དངོས་ཡིན་ནི་རེད། མ་མོ་མ་གསོས་བར་ཁྱི་མོའི་ནུ་མ་ནུས་པ་རེད།
- ལུག་བཤས་པ་ནི་དེ་ཡིན། ཁྱི་དྲི་དྲོ་བ་ནི་དེའི་རྐྱེན་རེད།
- སུལ་སྡོང་དེའི་སྟེང་ནས་མི་ཞིག་ལྕེབས་པ་དང་མི་དྲི་དྲོ་བ་ནི་དེའི་རྐྱེན་རེད།
- ཁྱོད་ནི་བྱིས་པ་དེ་སྐྱེས་པ་ཐག་ཏུ་འུ་ཚང་གི་རྩྭ་ཁང་དུ་སྤྲང་བོ་ཞིག་ཡོད་པ་དང་།
- སྤྲང་པོ་དེས་ཁྱོད་སྐྱེས་པ་དང།
- ནངས་མོར་བྱིས་པ་ཅི་ཞིག་རེད་ཅེས་དྲིས་པ་ན་བུ་ཞིག་རེད་ཟེར།
- ངས་སྐྱེས་པ་ནི་བུ་མོ་ཞིག་ཡིན་པས་ཁྱེད་གཉིས་བརྗེས་པ་ཡིན།
- དེ་འདྲ་ཞིག་རེད།