Skip to main content Skip to search
28 Jun 2018
4 min 45 sec
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ནཱ་ ངང་ལ་ཀྲོང་གི་གཡུས་སྒོ་ནང་ལུ་འབད་བ་ཅིན་ ད་རང་རང་སོའི་ དཔེར་ན་བྲཱེ་ལ་འབད་བ་ཅིན་ བྲཱེ་ལ་གི་བཙན་སོ་སོ་ ལྷ་མན་པ་གི་སོ་སོ་ ད་དེ་སྦེ་ཡོད་པའི་ལོ་རྒྱུས་ཡང་ ང་ར་གིས་དེ་སྦེ་གོ་ཡི་ལགས་ དེ་སྦེ་འབདཝ་ད་ མཁོ་ཆེ་གི་འབད་བ་ཅིན་ ཁྱོད་ར་གི་ སྐྱེས་ལྷ་ ཡུལ་ལྷ་དང་ བཙན་ཚུ་ག་དེ་སྦེ་སྨོ་ལགས་ ད་སོ་སོ་སྦེ་ཡོདཔ་ཨིན་ན་ལགས་ ཡང་ཅིན་ག་དེ་སྦེ་སྨོ་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    སོ་སོ་འབད་དེ་མེད་ལགས་ ལྟག་ལ་བཙན་ཟེར་བརྩི་དགོ་ལགས་ ནཱ་སྐྱེས་མི་ཚུ་ མ་པ་ཨིན་རྒྱུ་ང་བཅས་ལྟག་ལ་བཙན་ དེའི་ནང་དོན་ལས་ ནཱ་སྐྱེས་མི་ ང་རའི་ཨ་ལོ་ཚུ་ག་ར་ལྟག་ལ་སྦེ་ ལ་ལུ་ཅིག་སྐྱེས་བཙན་ཟེར་ ཕར་ད་ལི་ན་ལུ་ བྱོག་དཀར་སྐྱེས་མི་ སྐྱེས་བཙན་སྦེ་ སོ་སོ་སྦེ་བརྩི་ནི་ཡོད་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    སྐྱེས་བཙན་འབད་བ་ཅིན་ ངོ་མ་འདི་ ལྟག་ལ་ཟེར་ སྦྱར་པ་དང་ མཁོ་ཆེ་གཉིས་ལྟག་ལ་བཙན་བརྟན་དགོ
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    སྦྱར་པ་དང་ མཁོ་ཆེ?
  • སེང་གེ་རྡོ་རྗེ་ Singye Dorji
    འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་ལགས་སོ་ དེ་ལས་ད་ ལྷ་མན་པ་དང་ བྲཱེ་ལ་གིས་ག་ཅི་བརྟན་འོང་ག་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    བྲཱེ་ལ་གིས་ རིང་ལ་ ལྷ་མན་པ་གིས་ གདོང་ལ་ཟེར་བརྟན་ནི་ཡོད་ གདོང་ལ་ཟེར་བརྟན་ནི་ཡོད། གདོང་ལ་ཟེར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་བཙན་འདི་ཚུ་ཡང་ དཔེར་ན་འབད་བ་ཅིན་ ད་ཟླཝ་ ༥ པའི་སྐབས་ལུ་ཡང་ ད་གསོལ་ནི་ཡོད་ག་ལགས་བཙན?
  • སེང་གེ་རྡོ་རྗེ་ Singye Dorji
    ཟླཝ་ ༥ པའི་ནང་མི་གསོལ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཟླཝ་ ༥ པའི་ནང་མིན་འདུག་སྨོ་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    བཙན་ཟེར་ ཧེ་མ་ང་བཅས་ཀྱིས་འབད་བ་ཅིན་ ཟླཝ་ ༨ པའི་ཚེས་ ༣ ལུ་གསོལ་ནི་སྡོད་ནུག་ལགས་ ཚེས་ ༣ ལུ་ དང་ཕུ་ ནཱ་མི་སེར་ཚུ་ལས་ ཁྲལ་བསྡུ་ཞིནམ་ལས་ ཁྲལ་ཕུལ་བར་ཡར་ ཟླཝ་ ༨ པའི་ཚེས་ ༣ ལུ་འགྱོ་ནི་སྡོད་ནུག
  • སེང་གེ་རྡོ་རྗེ་ Singye Dorji
    ནཱ་ལས་ མཁོ་ཆེ་དང་ སྤྱི་དཔོན་སྦྲགས་ཏེ་ ཡར་གཞལམ་སྒང་ལུ་ལགས་ དེ་བསྒང་ཡར་གཞལམ་སྒང་ལུ་ འགྱོ་ནི་ཟེརཝ་ད་ དྲོ་པ་ཚེས་ ༣ ལུ་ བཙན་གསོལ་ནི་ཡོད་ ཚེས་ ༣ ལུ་བཙན་གསོལ་དགོཔ་ག་དེ་སྦེ་སྨོ་ཟེར་བ་ཅིན།
  • སེང་གེ་རྡོ་རྗེ་ Singye Dorji
    དང་ཕུ་རང་གི་བཙན་གསོལཝ་ད་ ནཱ་ལས་ལམ་ཁར་འབད་རུང་ རྐྱེན་བར་ཆད་ག་ནི་ཡང་མི་འབྱུང་ནི་ གནམ་མེད་ས་མེད་བཙན་གྱིས་ རྒྱབ་འབད་བའི་ཟེར་ དེ་སྦེ་སྡོད་ནུག་སྦ་ དང་ཕུ་ལས།
  • སེང་གེ་རྡོ་རྗེ་ Singye Dorji
    དེ་གིས་སྦེ་ ནཱ་ལས་ཡར་བཙན་གསོལ་ཞིནམ་ལས་འགྱོཝ་ད་ ཡར་གཞལམ་སྒང་མ་ལྷོདཔ་ཅིག་ཁར་ ཨ་ནཱི་ཐངས་ལ་ལྗོངས་བརྒལ་ཏེ་ ཁ་རི་སྤང་ཟེར་ཡོད་ལགས།
  • སེང་གེ་རྡོ་རྗེ་ Singye Dorji
    ནཱ་བཙན་གསོལ་ཞིནམ་ལས་ འགྱོ་འགྱོཝ་མས་ ཁ་རི་སྤང་ལྷོདཔ་ད་ བྱ་པོད་ཀྱིས་ ཀོ་ཏོ་ཀོ་ཏོ་བཏང་འཁྱིད་འགྱོ་འགྱོཝ་ཨིན་ལོ་ལགས་ ནཱ་ལས་བཙན་གསོལ་ནི་དེ་གིས་ ལམ་སྟོན་འབད་དེ་ ལམ་བྱག་ཡོད་སྦ་དེ་ཁར་ ཁ་རི་སྤང་ལུ།
  • སེང་གེ་རྡོ་རྗེ་ Singye Dorji
    འ་ནཱི་འབདཝ་ད་ བྱ་པོད་ཀྱིས་ ལམ་སྟོན་འབད་དེ་འཁྱིད་འགྱོ་འགྱོཝ་ཨིན་ལོ་ཟེར་ འ་ནཱི་ཅིག་གསུངས་ནི་ཡོད་ཕམ་ཚུ་གིས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ ད་བཙན་འབདཝ་ད་ བཙན་གྱི་ད་ ཕོ་བྲང་སྦེ་ དེ་ལས་ ད་སྐུ་འདྲ་སྦེ་ཡོདཔ་ཨིན་ན་ལགས་ནཱ་ལུ?
  • སེང་གེ་རྡོ་རྗེ་ Singye Dorji
    བཙན་གྱི་ཕོ་བྲང་སྦེ་ ཕར་ལྟག་ལ་ཟེར་ ཕར་ལུ་ཕོ་བྲང་ཡོད་ལོ་ལགས་ ང་བཅས་ཀྱིས་མ་ལྷོད་ལགས་ ཡར་སྒང་ཏོ་གུ་ ཐབ་སྦྲགས་ཏེ་རང་ཡོད་ཟེར་སླབ་མས་ རོགས་དང་ཕུ་ལྟག་ལ་ཟེར་ བྱོག་དཀར་གྱི་ཡར་མདའ་ཐང་ལ་གི་ལྟག་ལས་ཕར་ ལྟག་ལ་ཟེར་ འདི་ཁར་བརྩིཝ་མས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    སྐུ་འདྲ་འབད་དེ་འདི་ མིན་འདུག་སྨོ་ལགས་?
  • སེང་གེ་རྡོ་རྗེ་ Singye Dorji
    མེད་ལགས་ སྐུ་འདྲ་སྦེ་མེད་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཕོ་མོའི་དབྱེ་བ་སྦེ་ཡང་?
  • སེང་གེ་རྡོ་རྗེ་ Singye Dorji
    མེད་ལགས་མེད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་གཞན་ད་ རིང་ལ་གི་འདྲཝ་འབད་བ་ཅིན།
  • སེང་གེ་རྡོ་རྗེ་ Singye Dorji
    རིང་ལ་གི་ང་གིས་མི་ཤེས་ལགས་ ཁོང་ར་གིས་ཤེས་ལགས་ ང་གིས་ལྟག་ལ་རྐྱངམ་གཅིག་གི་ཤེས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལྟག་ལ་གི་འདི་ད་ ལོ་མཆོད་ཀྱི་ ད་ནཱ་ ད་ཁྱོད་ར་གི་གཟིམ་ཅུང་ནང་ ད་གསོལ་ནི་འདུག་སྦ་ད་རུང་ སྐུ་གསུང་ཡོངས་རྫོགས་ལོ་ད་ འ་ནཱི་འདྲཝ།
  • སེང་གེ་རྡོ་རྗེ་ Singye Dorji
    ང་བཅས་ཀྱི་སྐུ་གསུང་ཡོངས་རྫོགས་ནང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འ་ནཱི་གི་སྐབས་ལུ་ཨིན་པས་སྨོ?
  • སེང་གེ་རྡོ་རྗེ་ Singye Dorji
    འ་ནཱི་གི་སྐབས་ལུ་གསོལ་འོང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    གསོལ་ནི་
  • སེང་གེ་རྡོ་རྗེ་ Singye Dorji
    དང་ཕུ་འབད་བ་ཅིན་ ཚེས་ ༣ ལུ་ མར་ལུ་བོན་པོ་གིས་སྦེ་ གསོལ་ནི་སྡོད་ཅི་ལགས་ འདི་དེ་མི་བཏུབ་པས་ཟེར་ ཤུལ་ལས་ གཏོར་མ་བཞེངས་ཏེ་རང་ ཆོ་ག་སྦེ་རང་གསོལ་ཡི་ འ་ནཱི་སྦེ་ ད་ལྟོ་སྐུ་གསུང་ཡོངས་རྫོགས་ནང་ ཨ་ནཱི་སྦེ་གསོལཝ་མས་
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་་་།
  • སེང་གེ་རྡོ་རྗེ་ Singye Dorji
    ཕུད་ཡང་ནཱ་ལུ་ བཙོ་འབད་ཞིནམ་ལས་ ལྟག་ལ་གི་ཕུད་ཨིན་ཟེར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    སྐུ་གསུང་ཡོངས་རྫོགས་ད་ ལོ་གཅིག་ནང་ ག་དེམ་ཅིག་གསོལ་འོང་ག་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    ལོ་བསྟར་བཞིན་དུ་རང་གསོལ་ནི་ཡོད་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལོ་གཅིག་གི་ནང་ཚར་རེ་ཡ་ལགས་?
  • སེང་གེ་རྡོ་རྗེ་ Singye Dorji
    ལོ་གཅིག་ནང་ཚར་རེ་ དགུན་ལུ་ལགས་ ཟླཝ་ ༡༠ པའི་ཚེས་ ཉེར་ ༧ ལུ་ འཛོམས་ ༨ ལུ་ གཏོར་བཞེངས་ ༩ ལུ་ མཁའ་འགྲོ་མ་ གནམ་སྒང་ལུ་ བཀྲིས་སྨོན་ལམ་སྦེ་ འ་ནེ་ཅིག་བཏང་ནི་ཡོད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་བསྒང་ད་ ལྟག་ལ་བཙན་གྱི་ད་ གཏོར་མ་སྦེ་རང་བཞེངས་ནི་ཡོད་ག་ལགས?
  • སེང་གེ་རྡོ་རྗེ་ Singye Dorji
    གཏོར་མ་སོ་སོ་བཞེངས་ནི་ཡོད་ལགས་ བཙན་གྱི་གཏོར་མ་སྦེ་རང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།