Video Overview
Jangbu, a modern Tibetan poet from Amdo, reads the poem "Pema dap gyé kyi leü sum" from his book Poetic Compositions: The Nine-eyed Zi Stone.
- ལྗང་བུཔད་མ་འདབ་བརྒྱད་ཀྱི་ལེའུ་གསུམ།
- ལྗང་བུལེའུ་དང་པོ།
- ལྗང་བུཔད་མ་འདབ་བརྒྱད་རྐང་གཅིག
- ལྗང་བུཉི་མའི་དབང་པོ་ཇི་བཞིན་བར་སྣང་ལ་བཞད་པའི་རྡོ་རྗེ་ཕ་ལམ
- ལྗང་བུཤར་ཕྱོགས་ཀྱི་འཕགས་མཆོག་དམ་པའི་སྙིང་ཁམས་ཆ་ཚང
- ལྗང་བུསྙིང་དེའི་ངོས་སུ་གསལ་བའི་ཁྲག་རྩ་རེ་རེ་ལས
- ལྗང་བུདགེ་བ་དང་བྱམས་བརྩེ དུང་ཞེན་དང་དྲོད་འཇམ་ལ་འགྲེལ་བཤད་བརྒྱབ་འདུག
- ལྗང་བུལེའུ་གཉིས་པ།
- ལྗང་བུཡང་པད་མ་འདབ་བརྒྱད་རྐང་གཅིག
- ལྗང་བུའདབ་མ་གཅིག་ནི་ཁྱོད་རང་ཉིད་དེ
- ལྗང་བུདུས་ཚོད་ཀྱི་ཁྲོད་ན སྔར་བཞིན་དྭངས་ཤིང་གཙང
- ལྗང་བུའདབ་མ་གཅིག་ནི་ང་ཚོ་སྟེ
- ལྗང་བུམུན་ནག་གི་མཚན་མོ་ལ ནག་པར་རྙིད
- ལྗང་བུསྨུག་པ་དེ་ག་ལེར་འབྱམས་ཚར་དུས
- ལྗང་བུའདབ་མ་གཞན་དྲུག་པོ
- ལྗང་བུང་ཡིས་མཐོང་ཐབས་བྲལ
- ལྗང་བུལེའུ་གསུམ་པ།
- ལྗང་བུད་དུང་པད་མ་འདབ་བརྒྱད་རྐང་གཅིག
- ལྗང་བུརྟོག་གེ་བའི་མཐར་མཇུག་གི་ཨག་ཚོམ་ཁྲོད་བསྐུངས་ཤིང
- ལྗང་བུདུས་རབས་ཉི་ཤུ་རྩ་ལྔའི་རིང་གི་དབེན་སིམ་ཁྱེར་ནས
- ལྗང་བུལོང་པ་སྐོར་དང་སྐོར་གྱི་མིག་གཟུང་དག་ལ་ཅེར་བ་དང
- ལྗང་བུདམ་པོར་བརྒྱབ་པའི་སྒོ་མོ་དེ་དག་རྡུང་ལ་གཞོལ
- ལྗང་བུཡིན་ན་ཡང སྒོ་དང་སྒེའུ་ཁུང་དེ་དག་གི་རྒྱབ་ཏུ
- ལྗང་བུང་ཚོའི་སེམས་ཁོང་དང་འདྲ་བར སྔར་བཞིན་སྟོང་པ་ཡིན