Skip to main content Skip to search
29 Dec 2015
3 min 4 sec
Video Overview
Creators: 
Tibetan & Himalayan Library, Dudul Dorjee, བདུད་འདུལ་རྡོ་རྗེ། , 邓德多杰

This is a video of Namkha from Gagya Village in Chentsa (Qinghai Province) singing a folk song called "Three Birds Flew North." This song is part of a series of folk songs from the Rebgong cultural area.

འདི་ནི་སྤྱིར་བཏང་གི་དམངས་གླུ་ཞིག་ཡིན་ལ། འདིའི་ནང་དོན་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དང་འབྲེལ་ཆེ་བར་བསམ།

གླུ་འདིའི་ནང་དོན་ནི་ནང་ཆོས་ཀྱི་བསམ་བློ་དང་འབྲེལ་ཆེ་བར་སྙམ། དུས་རྒྱུན་ཆོས་ལུགས་ཀྱི་བྱ་འགུལ་ཁྲོད་དུ་རྨ་བྱའི་སྒྲོ་ནི་བུམ་པའི་ཁ་རྒྱན་འཇོག་པ་དང་། ཆོས་ལུགས་ཀྱི་བྱེད་སྒོའི་ཁྲོད་དུ་བུམ་པ་ནི་ཁྲུས་དབང་སྐུར་བ་དང་ལྷ་མདུན་གྱི་མཆོད་པའི་གྲས་སུ་ཡོད་པས། གླུ་བས་རྨ་བྱའི་སྒྲོ་དེ་ཆོས་ལུགས་དང་འབྲེལ་བར་ཡིད་སྨོན་བྱེད་པ་མཚོན་ཡོད་ལ། རང་ཉིད་ཀྱིས་ཀྱང་དཀར་པོ་དགེ་བའི་ཕྱོགས་ལ་བྱ་བ་ཞིག་བྱེད་ཐུབ་ན་སྙམ་པའི་འདུན་པ་ཡང་མཚོན་ཡོད།

Transcript search
No results found for this search
0 of 0
  • ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • དགུང་འདི་ནས་བྱ་གསུམ་བྱང་ལ་འཕུར། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • བྱ་འགོ་མ་རྨ་བྱ་སྔོན་མོ་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • སྒྲོ་སྔོན་པོ་བུམ་པའི་ཁ་རྒྱན་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • ཚེ་འདི་ཡི་ལས་སྣང་དག་བྱེད་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • ཕྱི་མའི་སྡུག་པ་སེལ་བྱེད་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • བྱ་ཡིན་རུང་བསོད་ནམས་ཆེ་ནོ་ལྟོས། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • སྨད་གན་ནས་ཞིང་ལ་འབྲས་གསུམ་འཁྲུངས། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • ཟས་འགོ་ནས་དཀར་དྲུག་མ་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • མགོ་སྙེ་མ་བདུད་རྩིའི་ཉིང་ཁུ་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • མགྲོན་བརྒྱ་སྟོང་གྲལ་ལ་ཚོགས་བྱེད་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • གླུ་རྩེད་རིགས་གཉིས་ཀ་ལེན་བྱེད་རེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • སུ་ཡིན་རུང་བསོད་ནམས་ཆེ་རེ་ལྟོས། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽
  • ངས་འདི་མོ་ཞིག་གིས་ལྟ་བ་བྱེད། ། ༼ ཡེ་་་་ཡ་རེ་གླུ་བ་ལོ་ལོ་་་་་་་་གླུ་ཞིག་ཡ་རེ་ལེན་དགོ། ༽