05 Jan 2016
3 min 10 sec
Video Overview
Creators:
Tibetan & Himalayan Library, Dudul Dorjee
This is a video of Tsethar Bum from Yonru Village in Chentsa singing a song called "Three Auspicious Birds." This song is part of a collection of folk songs from the Rebgong cultural area.
འདི་ནི་ཨ་མདོ་རེབ་གོང་ས་ཁུལ་གྱི་བཀྲ་ཤིས་འཇོག་པའི་གླུ་རིགས་ཤིག་ཡིན།
བཀྲ་ཤིས་འཇོག་པའི་གླུ་འདིའི་རིགས་ནི་ལོ་སར་དང་སྟོན་མོ་སོགས་ཀྱི་མཛད་སྒོའི་མཇུག་ཏུ་ལེན་པ་དང་། ནང་དོན་གྱི་ཆ་ནས་འགྲུལ་བ་འགྲོ་ཁར་གསེར་དང་དུང་། དངུལ་གྱི་གཡང་རྟེན་རྣམས་ཁྱིམ་ལ་འཇོག་པ་དང་། ཁྱིམ་འདི་ལ་གསེར་དངུལ་དུང་གསུམ་གཙོ་བྱས་འབྱོར་བ་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་འཇོག་པ་རེད།
- ཡེེ་་་་་་་་་་་་་་་་་་ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན། །
- གསེར་སྒམ་ཀླད་ལ་གསེར་བྱ་བབས༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །
- ང་གསེར་བྱ་མི་འདུག་འཕུར་རྒྱུ་ཡིན༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །
- གསེར་སྒམ་ཁྱེད་ཀྱི་གཡང་རྟེན་བྱས༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །
- གསེར་ཡང་ཡང་བརྟན་པའི་བཀྲ་ཤིས་འཇོག ༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །
- ཡེེ་་་་་་་་་་་་་་་་་་ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན། །
- དུང་སྒམ་ཀླད་ལ་དུང་བྱ་བབས༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །
- ང་དུང་བྱ་མི་འདུག་འཕུར་རྒྱུ་ཡིན༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །
- འདི་དུང་སྒམ་ཁྱེད་ཀྱི་གཡང་རྟེན་བྱས༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །
- དུང་ཡང་ཡང་བརྟན་པའི་བཀྲ་ཤིས་འཇོག༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །
- དངུལ་སྒམ་ཀླད་ལ་དངུལ་བྱ་བབས༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །
- ང་དངུལ་བྱ་མི་འདུག་འཕུར་རྒྱུ་ཡིན༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །
- འདི་དངུལ་སྒམ་ཁྱེད་ཀྱི་གཡང་རྟེན་བྱས༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །
- དངུལ་ཡང་ཡང་བརྟན་པའི་བཀྲ་ཤིས་འཇོག ༼ཞེ་ཡ་རེ་་་་་་་གླུ་བ་ལོ་ལོ་གླུ་ཞིག་ཡ་རེ་ལེན༽། །