Video Overview
This is a video of Shabo Tso from Khengya Village in Chentsa singing "The Three Animal Horns." This song is part of a collection of folk songs from the Rebgong cultural area.
- ཡེ་་་་་་་་་ད་ཡ་རེ་ལེན་གོ་ཞང་ཡ་རེ་ཡེ་ཟེར་ར་་་་་་་འ་་་སིན་ཁོ་གླུ་ཞིག་ལེན་
- ཤྭ་རྭ་དགོ་རྭ་༼འ་་་ཟིན་ཁོ༽འབྲོང་རྭ་གསུམ། །
- འདི་སྐྱེས་ས་མི༼འ་་་ཟིན་ཁོ༽གཅིག་ཁ་ཁ་རེད། །
- གཞི་འཁྱོག་པོའི་མགོ་ནས་༼འ་་་ཟིན་ཁོ༽སྤུན་ཞིག་བསྒྲིགས། །
- སྤུན་ཡང་ཡང་བསྒྲིག་པའི་༼འ་་་ཟིིན་ཁོ༽སྨོན་ལམ་འདེབས། །
- ཁྲ་སྒྲོ་རྒོད་སྒྲོ་༼འ་་་ཟིན་ཁོ༽གླག་སྒྲོ་གསུམ། །
- སྐྱེས་ས་མི་གཅིག་༼འ་་་ཟིན་ཁོ༽ཁ་ཁ་རེད། །
- མདའ་ལི་མའི་མགོ་ནས་༼འ་་་ཟིན་ཁོ༽སྤུན་ཞིག་བསྒྲིགས། །
- སྤུན་ཡང་ཡང་བསྒྲིག་པའི་༼འ་་་ཟིན་ཁོ༽སྨོན་ལམ་འདེབས། །
- ཡེ་་་་་་་་་ད་ཡ་རེ་ལེན་གོ་ཞང་ཡ་རེ་ཡེ་ཟེར་ར་་་་་་་འ་་ཟིིན་ཁོ་གླུ་ཞིག་ལེན་
- ལ་ཡི་མི་དང་༼འ་་་ཟིན་ཁོ༽ལུང་གི་མི། །
- སྐྱེས་ས་མི་གཅིག་༼འ་་་ཟིན་ཁོ༽ཁ་ཁ་རེད། །
- ཆང་འཕང་གི་ཁ་ནས་༼འ་་་ཟིན་ཁོ༽སྤུན་ཞིག་བསྒྲིགས། །
- སྤུན་ཡང་ཡང་བསྒྲིག་པའི་༼འ་་་ཟིན་ཁོ༽སྨོན་ལམ་འདེབས། །
- གླུ་ཤེས་ནི་མིན་ཡང་༼འ་་་ཟིན་ཁོ༽དགའ་ནི་ཡིན། །