Video Overview
༉ ཧཱ་རྫོང་ཁག་ དཀར་མཚོ་རྒེད་འོག་གི་ཨམ་སྲུ་ཚུ་གིས་ ཁྲི་མཉམ་པ་མེད་པ་པདྨའི་ཁྲི་ཟེར་མི་གཞུང་སྒྲའི་ཞབས་བྲོ་འདི་རྐྱབ་ཨིནམ་ད་ གླུ་གཞས་འདི་ དུས་རབས་ ༨ པའི་ནང་ འབྲུག་རྒྱལ་ཁབ་ནང་བྱོན་ཏེ་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཁྱབ་གནང་མི་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་ལུ་བསྟོད་པ་སྦེ་ཕུལ་ཕུལཝ་ཨིན་མས། འདི་བཟུམ་གྱི་བྱིན་རླབས་ཅན་གྱི་གླུ་གཞས་ཚུ་ ཚེས་བཅུ་དང་དུས་སྟོན་ དེ་ལས་དགའ་སྟོན་ཁྱད་པར་ཅན་ཚུའི་སྐབས་རྐྱབ་སྲོལ་ཡོདཔ་ད་ གཞུང་སྒྲའི་གླུ་གཞས་གདངས་རིངམོ་འབད་ནི་འདི་གིས་ ཞབས་བྲོ་རྐྱབ་མི་ཚུ་གྱལ་རིམ་སྒྲིག་ཞིནམ་ལས་ རྩེ་དཔོནམོ་ཅིག་གིས་འཁྱིད་དེ་ ལེའུ་དང་བཅསཔ་སྦེ་འཐེནམ་ཨིན། གཞུང་སྒྲའི་གླུ་གཞས་ཀྱི་རིགས་ཚུ་ དེ་བཟུམ་གྱི་དགའ་སྟོན་རྟེན་འབྲེལ་སྦོམ་ཚུ་ནང་རྐྱངམ་ཅིག་མ་གཏོགས་ དགའ་སྟོན་རྟེན་འབྲེལ་གཞན་ ཆུང་ཀུ་ཚུའི་སྐབས་ལུ་ འཐེན་སྲོལ་དང་རྐྱབ་སྲོལ་གནམ་མེད་ས་མེད་ཅིག་མེདཔ་ཨིན།
- རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancersཁྲི་མཉམ་པ་མེད་པ་པདྨའི་ཁྲི། །The incomparable throne of lotus,
- རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancersཔདྨའི་ཁྲི་ཡི་སྟེང་ལ། །On this lotus throne,
- རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancersབླ་མ་ཨོ་རྒྱན་པདྨ་བཞུགས་སུ་གསོལ། །བཞུགས་སུ་གསོལ།Lama Ugyen Guru sits down
- རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancersསྒྲ་ལ་ཨོཾ་སངས་མ་ཎི་པདྨེ་ཧཱུཾ། །The sound [of chanting] 'om sala mani padmi hung',
- རྫོང་ཁག་གི་ཞབས་བྲོ་རྐྱབ་མི་ Dzongkhag Dancersདབྱངས་སུ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །སྐྱབས་སུ་མཆི།། །།[With this] melody, [I] seek refuge from dharma