Video Overview
This is a rare and very difficult song. Even singers with natural singing abilities think it is challenging to sing it due to its very distinctive tune. As a result, this song is not as popular as other folk songs. Ap Dopay, who is known as the “king of traditional music,” once recorded this song. Later, the recording was aired on the Bhutan Broadcasting Service, the state-owned radio and television service station.
སྤུ་ན་ཁ་རྟ་ལོག་ལས་ ཨམ་ལྷ་མོ་གིས་འཐེན་མི་གླུ་གཞས་ མཐོ་བ་ཅིག་གངས་ཀྱི་རྩེ་ལས། ཉི་མ་ཅིག་ཤར་བ་ཅིག་ཨིན་ལས་འབྱུང་། དམའ་བ་ཅིག་རྒྱ་མཚོ་གཏིང་ལས། ནོར་བུ་ཅིག་ཞུ་བ་ཅིག་ཨིན་ལས་འགྲོ། ཟེར་ ཧན་ཏོང་ཏོ་འབད་འཐེན་མི་འདི་ཡང་ གཞན་མི་གིས་འཐེན་ས་མ་གོ་རུང་ ཡོངས་གྲགས་ཅན་གྱི་ཨཔ་དོ་པའི་གིས་འཐེན་མི་ འབྲུག་རྒྱང་བསྒྲགས་ལས་འཛིན་ལས་གོ་ནི་ཡོད། གླུ་གཞས་འདི་བཟུམ་ཚུ་ དར་ཁྱབ་མ་འགྱོ་བའི་གླུ་གཞས་ཅིག་ཨིནམ་ད་ དེ་ཡང་ གདངས་དབྱངས་འཐེན་ནི་ལུ་ ལཱ་ཁག་ཡོད་ནི་འདི་གིས་ ལྷབ་མི་ཚུ་ཡང་སྤྲོ་བ་ཞན་ཏེ་ ལྷབ་མི་ཚུགས་དོ་ཡོདཔ་མས།
- Talo
- ལྷ་མོ། Lhamo མཐོ་བ་ཅིག་གངས་ཀྱི་རྩེ་ལས། །ཉི་མ་ཅིག་ཤར་བ་ཅིག་ལས་མགྱོགས། །High from the mountain tip. Sun was faster to be rised.
- ལྷ་མོ། Lhamo དམའ་བ་ཅིག་རྒྱ་མཚོ་ཐིམ་ལས། །ནོར་བུ་ཅིག་ཞུ་བ་ཅིག་གཡོན་ལས་འགྲོ། །Beneath from the ocean. By leading jewel and travel from the left.
- ལྷ་མོ། Lhamo ནོར་བུ་ཅིག་ཆུ་ཤེལ་མི་ལ་མཆོད། །ལྷ་ས་ཅིག་བསྐོར་བ་ཅིག་བདག་ལ་འགྲོ། །Jewel of crystal was offered to the people. I have travelled to Lhasa.
- ལྷ་མོ། Lhamo ཨོ་ལོ་ང་ནི་བསྐོར་ཡི་ཤར་ནས་ལ། །ཐབདག་ལ་ངལ་གསོ་ཨིན་ཟེར་ཡོང་གི་ལ། །Child myself had travelled to the east. I had rested.
- ལྷ་མོ། Lhamo ཨ་བདག་ལ་ངལ་གསོ་ཨིན་ཟེར་ཡོང་གེ་ལ། །Oneself have rested.
- ལྷ་མོ། Lhamo གནས་མཚོ་སྨན་གྱི་གནས་མོ་ལ། བདག་ལ་བསྐོར་ཡོད་ཤར་ལས་ནང་ཡོང་ན། །At the residence of Mermaid. By travelling around and appeared from the east.
- ལྷ་མོ། Lhamo བདག་ལ་བསྐོར་ཡོད་ཤར་ལས་ནང་ཡོང་ན། །Oneself travelled around and appeared from the east.
- ལྷ་མོ། Lhamo ཨོ་ལོ་ང་ནི་ཕ་མ་བཟང་མའི་ལ། །བདག་ལ་གཅེས་ཕྲུག་ཡིན་ཟེར་ཡོང་གི་ལ། །Child, myself from special parents. I am treated as beloved child.
- ལྷ་མོ། Lhamo ཨ་བདག་ལ་གཅེས་ཕྲུག་ཡིན་ཟེར་ཡོང་གི་ལ། །a... I am treated as beloved child.