Video Overview
This is a video of Drolle from Serchen, Amdo singing a song called "Thousands of Stars in the Sky." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་ཡ་རེ་ཡ་རེ་་་་ཡ་རེ་ལེན་དགོ ཞང་ཡ་རེ་རང་གི་ལེན་ཕྱོགས་རེད༽
- དགུང་གན་ན་སྐར་མ་ཁྲི་མ་འབུམ། །
- འདི་འབུམ་མགོ་ཚང་ནས་རིག་ནས་ཡོད། །
- འདི་མེད་ནོ་སྐར་མ་སྨེ་བདུན་རེད། །
- འདི་བྱང་ཕྱོགས་མཚམས་ན་ཡོད་ཀི་ཟེར། །
- འདི་སྨིན་དྲུག་ཁྲ་མོའི་སྐད་ཆ་རེད། །
- འདི་བདེན་ནམ་ཟེར་ལ་རྫུན་ནམ་ཟེར། །
- གྲལ་འདི་ཁྲོམ་པ་ཁྲི་མ་འབུམ། །
- འདི་འབུམ་མགོ་ཚང་ནས་རིག་ནས་ཡོད། །
- འདི་མེད་ནོ་དྲིན་ཆེན་ཕ་མ་རེད། །
- ཚེ་ཕྱི་མའི་ཡུལ་ན་ཡོད་ཀི་ཟེར། །
- འདི་སྔས་མགོའི་བླ་མའི་སྐད་ཆ་རེད། །
- འདི་བདེན་ནམ་ཟེར་ལ་རྫུན་ནམ་ཟེར། །
- གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན། །