Video Overview
འདི་ནི་མི་རྐུན་ཞིག་སྒྲོལ་མའི་སྐུ་ལ་བརྫུས་ནས་བུ་མོ་ཞིག་བརྐུས་པར་མཐར་སྟག་ཁྱི་དང་གཟིག་ཁྱིས་འཆས་པའི་གཏམ་རྒྱུད་ཅིག་ཡིན།
- མཐུ་སྟོབས་རིག་འཛིན།གནའ་ཞིག་ལ།
- སྡེ་བ་ཞིག་གི་འདབས་ན།
- ཁྱིམ་ཚང་དབུལ་བོ་ཞིག་ཡོད་པ་རེད།
- ཁྱིམ་ཚང་དབུལ་བོ་དེར།
- ཨ་ཕ་ཨ་མ་གཉིས་ལ་བུ་མོ་གཅིག་ཡོད་པ་རེད།
- གཉིས་ཀས་ཚེ་གང་བོར་སྒྲོལ་མ་བཏོན་ནས།
- སྒྲོལ་མ་བཏོན་ནས་སྒྲོལ་མའི་ཐང་ག་ཞིག་ཡོད།
- སྒྲོལ་མའི་ཐང་ག་དེར་ཕྱག་འཚལ་ནས།
- ཁོང་རྒན་རྒོན་གཉིས་ལ་ས་འདི་ན་བལྟ་ས་ཞིག་ཡོད་པ་དེ།
- བུ་ངར་མ་འདི་གཅིག་པུ་ཡིན།
- ཁོང་གཉིས་ཀྱི་ཆེད་དུ་བལྟས་ནས་བསྡད་ན་བུ་ངར་མ་སྙིང་རྗེ།
- བུ་ངན་མ་གནས་ལ་བུད་སོང་ན།
- ཁོང་གཉིས་ཀྱིས་བཟོད་རྒྱུ་མ་རེད།
- དེ་ལྟར་བཤད་ནས་གཉིས་ཀས།
- རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་ལ་མཁྱེན།
- ཚེ་གང་བོར་ཕྱག་འཚལ་ནས།
- ཚེ་གང་བོར་དེ་ལྟར་སྒྲོལ་མ་བཏོན་ནས་བསྡད།
- ཁོ་ཚོའི་ས་ཆ་དེ་ན་རྔོན་པ་ཞིག་ལ།
- རྔོན་པ་ཅུང་ཙམ་འདྲེས་འདྲ་བ་དེ་འདྲ་ཡིན།
- དེས་དེ་ལྟར་རྒན་རྒོན་དེ་གཉིས་ཀྱིས་ཚེ་གང་བོར་དེ་ལྟར་བཤད་པ་དང་།
- ཚེ་གང་བོར་གསོལ་བ་འདེབས་པ་ཤེས་ནས།
- དེ་ནས་ཉིན་ཞིག་ལ་ཁོ་ཕྱི་དྲོ་ས་རུབ་དུས།
- ས་རུབ་མ་རུབ་ལ་སོང་ནས།
- སྒྲོལ་མའི་ཐང་ག་ཡི་ལྟག་རྒྱབ་ལ་སོང་ནས།
- རྒན་རྒོན་གཉིས་ཀྱིས་ཡང་སྒྲོལ་མར་ཕྱག་འཚལ་ནས།
- ཁོང་གཉིས་ཀྱི་བུ་མོ་འདི་ཅི་ཞིག་བྱེད།
- བུ་མོ་འདི་གནས་ལ་སྟེར་དགོས་སམ།
- མག་པ་འཇོག་དགོས་སམ།
- བུ་མོའི་སྐྱིད་སྡུག་ལ།
- རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་ཀྱིས་མཁྱེན་ཞེས།
- དེ་ལྟར་ཕྱག་འཚལ་ནས་དེ་ལྟར་བྱེད་དུས།
- ལྟག་རྒྱབ་ནས་ཨོད་ཁྱེད་གཉིས་ཀྱི་བུ་མོ་ནངས་མོར།
- ཁྱོད་ཚང་གི་ཁྱིམ་འདིར་སུ་སྔོན་ན་ཐོན་ན།
- དེར་བྱིན་ན་བུ་མོས་རྗེས་ཕྱོགས་ནས་འཚོ་བ་རོལ་ནས་སྐྱིད་རྒྱག་ཐུབ་ཟེར།
- དེ་ལྟར་བཤད་ནས་རྒན་རྒོན་གཉིས་ཀྱིས་ཨ་སྐྱིད་ལ།
- ད་བར་དུ་ངེད་གཉིས་ཀྱིས་ལྷ་དེར་ཕྱག་འཚལ་ནས།
- རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ད་བར་དུ་རེ་སྒུག་བྱས་ནས་བསྡད་ནི་རེད།
- ཡ་ད་ལྟ་ལྷ་ཡི་ལུང་བསྟན་ཐོབ་ཐལ།
- བཟང་གི་ཕྱིའི་ནངས་མོར།
- ཅི་ཞིག་བྱེད་དགོས་པར་ངེད་གཉིས་ཀྱིས་བལྟ་ཡ་ཟེར་ནས་བསྡད།
- བསྡད་ནས་ཁོ་ཡུལ་ལ་སོང་ནས།
- དགོང་མོ།
- ཕྱིའི་ནངས་མོར་བུ་མོ་དེ།
- ཁོ་རྒྱུན་ལྡན་མིན་པའི་མི་ཞིག་ཡིན་རྒྱུ་ན་ཡང་།
- འདྲེས་འདྲ་བ་དེ་འདྲ་ཞིག་ཡིན་པ་རེད།
- ཁོང་ཚང་གི་ཡུལ།
- སང་ཉིན་ངེད་ཚང་གི་སྒམ་རིས་ཞིག་ཡོད་པ་དེ་ཁྱེར་ནས་འགྲོ།
- ཁོར་རིན་པོ་ཆེ་ཞིག་ཁྱེར་ནས་ཡོང་རྒྱུ་ཡོད།
- རིན་པོ་ཆེ་ཁྱེར་ནས་ངེད་ཚང་གི་འདབས་ལ་ཡོང་ནས།
- རིན་པོ་ཆེ་ཁོས་དེ་ནས་ལེན་དུས་ཨ་ཚ་ཨ་ཡོ་ཟེར་ངེས།
- འུར་བརྒྱབ་ནས་དེ་ལྟར་བྱེད་ངེས།
- དེ་དུས་ཁྱོད་ཚོས་རྣ་ཁ་བཅད་ནས་མ་ཎི་འུར་འདོན་བྱོས།
- དེ་ལྟར་བྱོས་ཞེས་ཡུལ་ལ་དེ་ལྟར་བཤད།
- རིན་པོ་ཆེ་དེ་འདྲ་ཞིག་ཡིན་པ་རེད་ཅེས་བཤད་ནས།
- ཕྱིའི་ནངས་མོར་སྔ་མོར་རྒན་རྒོན་གཉིས་ཀྱི་ཁྱིམ་དེར་སོང་ནི་རེད།
- དེ་ལྟར་སོང་ནས་ཨོད་ཁྱོད་དེ་རིང་སྔོན་མ་ནས་ཁྱོད་ཐོན་པ་རེད་ལ།
- ཁོང་གཉིས་ཀྱི་བུ་མོ་འདིའི།
- སྐྱིད་སྡུག་ཐམས་ཅད་ལྷ་ཡིས་ལུང་བསྟན་ཡོད།
- བུ་མོ་འདི་ཁྱོད་ལ་སྟེར་ཞེས་བཤད་དེ།
- དེ་ལྟར་བཤད་ནས་ཁོ་ལ་བུ་མོ་བྱིན་པ་རེད།
- ཁོང་གཉིས་ལ་ཡོད་ལ་མེད་ལ་གཡུ་དྲིལ་གཅིག་ལས་མེད།
- གཡུ་དྲིལ་གཅིག་པོ་དེ་བུ་མོའི་རྫོང་བ་ཡིན།
- དེ་བུ་ངར་མ་ལ་བྱིན་པ་ཡིན་ཟེར།
- དེ་ལྟར་བཤད་ནས་གཡུ་དྲིལ་གཅིག་པོ་བྱིན་ནས།
- བུ་མོ་ཁྲིད་ནས་ཁོ་དེ་ལྟར་ཡོང་བ་ཡིན།
- ཡོང་ནས་ནགས་མཐའ་ཞིག་ལ་ཐོན་ནས།
- བུ་མོ་སྒམ་གྱི་ནང་ནས་སྐྱུར་ཏེ་ཁོ་ཡུལ་ལ་བུད་སོང་།
- ཁོ་སོང་ཤུལ་ནས་རྒྱལ་བོ་ཚང་ཞིག་གིས་ཁྱི་མོ་བོར་སོང་ནས།
- ཁྱི་མོ་བཙལ་ནས་དེ་ལྟར་འགྲོ་བཞིན་ཡོད།
- ཁྱི་མོ་བཙལ་མཁན་རྒྱལ་བོའི་བློན་པོ་ཡིན་པ་རེད།
- སྟག་ཕྲུག་ཅིག་ཁྲིད་ནས་དེ་ལྟར་འགྲོ་བ་རེད།
- དེ་ནས་ཡོང་ནས་ནགས་མཐའ་ནས་སྒམ་མཐོང་ནས།
- སྒམ་དེའི་ཁ་ཕྱེ་ནས་བལྟས་དུས་ནང་ན་བུ་མོ་ཞིག་ཡོད།
- བུ་མོ་དེར་ཁྱོད་ཅི་ཞིག་ཡིན།
- སྒམ་གྱི་ནང་དུ་ཁྱོད་འདི་འདྲ་ཞིག་ཡོད་པ་དེ།
- བུ་མོ་དེའི་མོ་ཨ་ཕ་ཨ་མ་གཉིས་ཀྱིས་རྒྱུན་དུ་གསོལ་བ་བཏབ་ནས།
- དེ་ལྟར་རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་བ་བཏབ་ནས།
- ནངས་སྔ་མོར་ཞིག་ལ་མི་ཞིག་ཡོང་ན།