Skip to main content Skip to search
17 Aug 2018
4 min 51 sec
Video Overview
Creators: 
Dudul Dorjee

འདི་ནི་མི་རྐུན་ཞིག་སྒྲོལ་མའི་སྐུ་ལ་བརྫུས་ནས་བུ་མོ་ཞིག་བརྐུས་པར་མཐར་སྟག་ཁྱི་དང་གཟིག་ཁྱིས་འཆས་པའི་གཏམ་རྒྱུད་ཅིག་ཡིན།

这是一则关于一个小偷乔装成度母骗娶一位姑娘,结果被一只老虎和豹子吃掉的故事。

The story of a thief who pretends to be Tara to gain a wife through trickery, but is later eaten by a tiger and a leopard.

གཏམ་རྒྱུད་འདིའི་ནང་དུ་སྔོན་རྒན་རྒོན་སྐྱོ་པོ་གཉིས་སྒྲོལ་མའི་སྐུ་ཞིག་ལ་ཕྱག་འཚལ་བསྙེན་བཀུར་བྱས་ཏེ། ཁོང་ཚང་གི་བུ་མོས་གནས་ཡུལ་ལེགས་པོ་ཞིག་རྙེད་པར་གསོལ་བ་བཏབ། ཉིན་ཞིག་མི་རྐུན་ཞིག་གིས་ཚུལ་དེ་མཐོང་ནས་སྒྲོལ་མའི་ཐང་ཀའི་ཕག་ལ་ཡིབ་ནས་སྐུའི་གསུང་འབྱོན་ཁུལ་གྱིས་བུ་མོ་ཕྱི་ཉིན་སྔ་མོ་མི་སུ་ཐོན་ན་དེར་སྦྱིན་ཞེས་བཤད། ཕྱི་ཉིན་རྒན་རྒོན་གཉིས་ཀྱིས་བུ་མོ་མི་རྐུན་དེ་ལ་སྦྱིན། མི་རྐུན་གྱིས་བུ་མོ་ཁྱེར་ནས་ཡུལ་ཐོན་ཁར་སྒམ་ནང་དུ་བསྡུས་ནས་བསྐུང་ནས་སོང་ཞིང་། ས་དེའི་རྒྱལ་བུ་ཞིག་གིས་རྔོན་བྱེད་པས་མཐོང་བས་བུ་མོ་ཁྲིད་དེ། ཚབ་ཏུ་སྟག་ཁྱི་གཟིག་ཁྱི་བཞག མི་རྐུན་དེ་ཕྱིར་འོང་ནས་བུ་མོ་ལེན་གྲབས་བྱེད་སྐབས་སྟག་ཁྱི་གཟིག་ཁྱིས་བཟས་སོང།

这则故事主要讲述了一对贫穷的老夫妇向一尊度母佛像祈祷,祈求他们的女儿能找到一个好的婆家。有一天,一个小偷见此情景,藏到度母唐卡后面假装佛像说话。他告诉老人要把女儿嫁给明早第一个登门拜访他家的人。第二天,老夫妇把女儿嫁给了那个小偷。小偷带着女孩快到家时,他把女孩装入一个箱子藏好后走了。恰好当地去打猎的一位王子看到这个情形带走了女孩,并把老虎和豹子装进了箱子。最后,小偷回来准备从箱子里取出女孩时却被老虎和豹子吃掉了。

Transcript search
No results found for this search
0 of 0