Video Overview
གླུདབྱངས་འདི་ནི་དཔེ་དོན་ཟུང་འབྲེལ་བྱས་པའི་དམངས་གླུ་ཞིག་རེད་ལ། གཤིས་འཇམ་གྱི་མ་སྲུ་ཞིག་ལ་སྟོད་པ་བྱས་པ་ཞིག་རེད།།
- དགའ་སྐྱིད།བོའུ་ཕྲ་རིང་དངུལ་གྱི་དཀྲིས་མ་ཅན།།
- རྫ་ཁྲ་ཡག་བསྐོར་ནས་ལོ་གསུམ་རེད།།
- མདའ་གཅིག་གིས་གཡས་བཟུར་མ་སོང་ཟི།།
- དེ་གནམ་ལྕགས་ཐོག་གི་སྤྲུལ་བ་རེད།།
- རྟ་འདོ་ལུ་གསེར་གྱི་གདོང་མཐུར་ཅན།།
- སྟོད་དབུས་གཙང་བསྐོར་ནས་ལོ་གསུམ་རེད།།
- རྐང་རྨིག་བཞིའི་རྩད་འཐེང་མ་སོང་ཟི།།
- དེ་རྟ་མཆོག་རྡོ་རྗེའི་སྤྲུལ་བ་རེད།།
- མ་ཨ་སེར་བྱུ་རུའི་རྣ་ལུང་ཅན།།
- གནས་སྲིན་པོ་བཟུང་ནས་ལོ་གསུམ་རེད།།
- ཚིག་གཅིག་གི་གཡས་བཟུར་མ་སོང་ཟི།།
- མ་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་རེད།།