Skip to main content Skip to search
14 Jun 2018
4 min 59 sec
Video Overview
Creators: 
Sonam Tobgye

The local song “The Heaven” (Tenchog Lhayul) is being performed by a group of dancers from Drepung Gewog during a festival at the Yoe Temple. This zhungdra song is usually performed at festivals and has been passed down orally from generation to generation. The lyrics describe a heavenly realm, where there exists a golden lake from which a golden vessel emerges. Out of the golden vessel blooms a golden flower that will then be offered to the lama. In the face of this homage to the lama, the lyrics say, even the gods will smile.

༉  མོང་སྒར་རྫོང་ཁག་ འབྲས་སྤུངས་རྒེད་འོག་ལས་ ཞབས་བྲོ་རྐྱབ་མི་ཨམ་སྲུའི་སྡེ་ཚན་ཅིག་གིས་ གཡུ་ལྷ་ཁང་ནང་ལུ་ གཞུང་སྒྲ་ སྟེང་ཕྱོགས་ལྷ་ཡུལ་ཟེར་མི་འདི་ དགའ་སྟོན་གྱི་སྐབས་ལུ་འཐེན་དོ་ཡོདཔ་ཨིན། གཞུང་སྒྲ་འདི་ དང་ཕུ་ཕམ་དང་མེས་པོའི་སྐབས་ལས་བྱུང་བྱུངམ་ཅིག་ཨིནམ་དང་ གཞུང་སྒྲའི་དོན་དག་བཅུད་བསྡུ་བ་ཅིན་ ལྷ་ཡུལ་གྱི་གསེར་གྱི་རྒྱ་མཚོ་ནང་ལུ་ གསེར་གྱི་ཟམ་ཡོད་མི་ནང་ལས་ གསེར་གྱི་མེ་ཏོག་འཁྲུངས་མི་འདི་ བླམ་ལུ་ཕུལ་བའི་དོན་སྟོནམ་ཨིན། མཆོད་བརྗོད་དེ་སྦེ་ཕུལ་བ་ཅིན་ ཐ་ན་ལྷ་ཡང་དགའ་ནི་ཨིན་པས།

Transcript search
No results found for this search
0 of 0
  • WEBVTT
  • Drepung gewog dancers: སྟེང་ཕྱོགས་ལྷ་ཡུལ་ཡོད་དོ་ཡ་ལ། །གསེར་གྱི་མཚོ་མོ་འཁྱིལ་ཡོད་ཡ་ལ། །གསེར་གྱི་མཚོ་མ་འཁྱིལ་ཡོད། །
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་
  • Drepung gewog dancers: གསེར་གྱི་མཚོ་མོའི་ནང་ལས་ཡ་ལ། །གསེར་གྱི་བུམ་པ་འཁྲུངས་ཡོད་ཡ་ལ། །གསེར་གྱི་བུམ་པ་འཁྲུངས་ཡོད། །
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་
  • Drepung gewog dancers: གསེར་གྱི་བུམ་པ་ནང་ལས་ཡ་ལ། །གསེར་གྱི་མེ་ཏོག་ཤར་ཡོད་ཡ་ལ། །གསེར་གྱི་མེ་ཏོག་ཤར་ཡོད། །
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་
  • Drepung gewog dancers: གསེར་གྱི་མེ་ཏོག་ཤར་ན་ཡ་ལ། །ཕུལ་ས་བླ་མའི་ཕྱག་ལུ་ཡ་ལ། །ཕུལ་ས་བླ་མའི་ཕྱག་ལུ། །
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་
  • Drepung gewog dancers: བླ་མའི་ཕྱག་ལུ་ཕུལ་ན་ཡ་ལ། །ལྷ་ཡང་ཞལ་གད་ཤོར་སོང་ཡ་ལ། །ལྷ་ཡང་ཞལ་གད་ཤོར་སོང་།། །།
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་